[176B] མ་ཧཱ་བཻ་རོ་ཙ་ན་ཨ་བཧི་སཾ་བོ་དཧི་བི་ཀུརྦ་ཏི་ ཨ་དྷིཥྛཱ་ན་བཻ་པུ་ལྱ་སཱུ་ཏྲ་ཨིནྡྲ་རཱ་ཛ་ནཱ་མ་དྷརྨ་པརྱཱ་ཡ། བོད་སྐད་དུ། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཤིན་ ཏུ་རྒྱས་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། བམ་པོ་དང་པོ། བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གི་ཐོས་ པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་བྱིན་གྱིས་རློབ་པ། རྡོ་རྗེ་ཆེན་པོ་རྒྱ་ཆེ་བ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྡོ་རྗེ་འཛིན་ཐམས་ཅད་འདུ་བ་ དེ་བཞིན་གཤེགས་པ་མོས་པས་རྣམ་པར་རོལ་པ། མཐའ་དང་དབུས་མེད་ཅིང་རྩེ་མོ་མཐོ་བ། རིན་པོ་ཆེའི་རྒྱལ་པོས་ཤིན་ཏུ་ལེགས་པར་བརྒྱན་པ་འབྱུང་བའི་ཁང་བཟང་ ཆེན་པོ་རིན་པོ་ཆེའི་རྒྱལ་པོའི་ནང་ན་བྱང་ཆུབ་སེམས་དཔའི་ལུས་ཀྱི་སེངྒེའི་ཁྲི་ལ་བཞུགས་ཏེ། འདི་ལྟ་སྟེ། རྡོ་རྗེ་འཛིན་ནམ་མཁའ་དྲི་མ་མེད་པ་དང། ནམ་མཁའ་ལ་རྣམ་ པར་[?]འགྲོ་བ་དང། ནམ་མཁའ་འབྱུང་བ་དང། གོས་སྣ་ཚོགས་གྱོན་པ་དང། སྣ་ཚོགས་སུ་རྒྱུ་བ་དང། ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་པ་དང། སེམས་ཅན་གྱི་ [177A]༄༅། །གྱི་ཁམས་མཐའ་ཡས་པ་ཡོངས་སུ་སྐྱོབ་པའི་རྡོ་རྗེ་དང། སྲེད་མེད་ཀྱི་བུའི་སྟོབས་ཅན་དང། སྲེད་མེད་ཀྱི་བུ་ཆེན་པོའི་སྟོབས་ཅན་དང། རྡོ་རྗེ་བཟང་ དང། རྡོ་རྗེ་མཆོག་གི་ཤུགས་ཅན་དང། དྲི་མ་མེད་པའི་རྡོ་རྗེ་དང། རྡོ་རྗེ་མཆོག་འཆང་དང། དེ་བཞིན་གཤེགས་པའི་གོ་ཆ་དང། དེ་བཞིན་གཤེགས་པའི་གོ་འཕང་དུ་ འབྱུང་བ་དང། སྤྲོས་པ་མེད་པ་ལ་གནས་པ་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་ལས་ངེས་པར་སྐྱེས་པ་དང། དྲི་མ་མེད་པའི་མིག་དང། གསང་བ་བའི་བདག་པོ་ ཕྱག་ན་རྡོ་རྗེ་དང། དེ་དག་ལ་སོགས་ཏེ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་རྡོ་རྗེ་འཛིན་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང། བྱམས་པ་དང། འཇམ་དཔལ་དང། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་དག་གིས་ཀྱང་བསྐོར་ཅིང་མདུན་གྱིས་ བལྟས་པ་ལ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཉི་མ་དུས་གསུམ་ལས་འདས་པར་བྱིན་གྱིས་བརླབས་ནས་སྐུ་དང་གསུང་དང་ཐུགས་མཉམ་པ་ཉིད་ཀྱི་གཞི་ཞེས་བྱ་བའི་ ཆོས་ཀྱི་སྒོའི་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་དེ་དག་དང། གསང་བ་པའི་བདག་པོ་ལ་སོགས་པ་རྡོ་རྗེ་འཛིན་དེ་དག་བཅོམ་ [177B]མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགས་སོ། །དེ་བཞིན་དུ་གསུང་དང་ཐུགས་ མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགས་ཏེ། འོན་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའམ། གསུང་ངམ། ཐུགས་ལ་ནི། འཇུག་ པའམ་ལྡོག་པ་མི་དམིགས་སོ། །ཐམས་ཅད་དུ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའི་འཕྲིན་ལས་ཐམས་ཅད་དང། གསུང་གི་འཕྲིན་ལས་ཐམས་ཅད་དང་ ཐུགས་ཀྱི་འཕྲིན་ལས་ཐམས་ཅད་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཀུན་ཏུ་གསང་སྔགས་ཀྱི་ཚུལ་གྱི་ཚིག་འདི་དག་གིས་ཆོས་བསྟན་པ་མཐོང་བ་ནི། འདི་ལྟ་སྟེ། སེམས་ ཅན་ལས་ཀྱི་ཚེ་རྣམ་པར་བསྐྱེད་པ་རྣམས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ས་བཅུ་པའི་བར་ལ་གནས་པ་འདི་ཉིད་ལ་ཡོངས་སུ་རྫོགས་པར་བྱ་བ་དང། ལས་ཀྱི་ཚེ་བཀག་པ་རྣམས་ ཀྱང་སྲིད་པའི་མྱུ་གུ་མངོན་པར་འགྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་འཛིན་པའི་ལུས་དང་འདྲ་བ་དང། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང། ཕྱག་ན་པདྨའི་ལུས་འདྲ་བ་ཕྱོགས་ བཅུ་ན་གསང་སྔགས་ཀྱི་ཚུལ་གྱི་ཚིག་རྣམ་པར་དག་པའི་ཚིག་དག་གིས་ཆོས་སྟོན་པ་དག་ཀྱང་མཐོང་ངོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་ [178A]༄༅། །རྡོ་རྗེ་འཁོར་འདུས་པ་དེ་ཉིད་ན་འདུག་པ་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་སེམས་ཅན་རྣམས་ལ་རྣམ་པར་ཕྱེ་སྟེ་ཚུལ་སྣ་ཚོགས་དང་ བསམ་པ་སྣ་ཚོགས་དང། ཐབས་སྣ་ཚོགས་དག་གིས་སྟོན་ཅིང། ཁ་ཅིག་ལ་ནི། ཉན་ཐོས་ཀྱི་ཐེག་པའི་ཚུལ། ཁ་ཅིག་ལ་ནི། སངས་རྒྱས་ཀྱི་ཐེག་པའི་ཚུལ། ཁ་ཅིག་ལ་ནི། ཐེག་ པ་ཆེན་པོའི་ཚུལ། ཁ་ཅིག་ལ་ནི། མངོན་པར་ཤེས་པ་ལྔའི་ཚུལ་ཁ་ཅིག་ལ་ནི། ལྷར་སྐྱེ་བར་བྱ་བ་དང། ཁ་ཅིག་ལ་ནི། མིར་སྐྱེ་བར་བྱ་བ་ནས་ལྟོ་འཕྱེ་ཆེན་པོ་དང། ཀླུ་དང་ གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མིའམ་ཅིར་སྐྱེ་བར་བྱ་བའི་བར་དུ་ཆོས་སྟོན་པ་ལགས། དེ་ལ་སེམས་ཅན་ལ་ལ་སངས་རྒྱས་ཀྱི་འདུལ་ བར་བྱ་བ་དག་གིས་ནི། རང་སངས་རྒྱས་ཀྱིས་གཟུགས་སུ་མཐོང། ལ་ལས་ནི། ཉན་ཐོས་ཀྱི་གཟུགས་སུ། ལ་ལས་ནི། སངས་རྒྱས་ཀྱི་གཟུགས་སུ། ལ་ལས་ནི། བྱང་ཆུབ་ སེམས་དཔའི་གཟུགས་སུ། ལ་ལས་ནི། དབང་ཕྱུག་ཆེན་པོའི་གཟུགས་སུ་ལ་ལས་ནི། ཚངས་པའི་གཟུགས་སུ། ལ་ལས་ནི། སྲེད་མེད་ཀྱི་བུའི་གཟུགས་ [178B] ལ་ལས་ནི། རྣམ་ཐོས་ཀྱི་བུའི་གཟུགས་ནས། ལ་ལས་ནི། ལྟོ་འཕྱེ་ཆེན་པོ་དང། མི་དང། མི་མ་ཡིན་པའི་བར་དུ་མཐོང་སྟེ་རང་རང་གི་ཚིག་བརྗོད་པའི་ཚུལ་དག་ དང། སྤྱོད་ལམ་སྣ་ཚོགས་སུ་མཐོང་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་འདི་ལྟར་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་རོར་རོ་གཅིག་པ་ལགས་སོ། །བཅོམ་ ལྡན་འདས། འདི་ལྟ་སྟེ། དཔེར་བགྱི་ན། ནམ་མཁའི་ཁམས་ནི། རྟོག་པ་དང། རྣམ་པར་རྟོག་པ་ཐམས་ཅད་བྲལ་བ་སྟེ། མི་རྟོག་པ། རྣམ་པར་མི་རྟོག་པ་ལགས་སོ། ། བཅོམ་ལྡན་འདས། དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་རྟོག་པ་ཐམས་ཅད་དང་བྲལ་བ་སྟེ། མི་རྟོག། རྣམ་པར་མི་རྟོག་པ་ལགས་སོ། །བཅོམ་ལྡན་འདས་ འདི་ལྟ་སྟེ། དཔེར་བགྱི་ན། ས་ཆེན་པོ་འདི་ནི། སེམས་ཅན་ཐམས་ཅད་ཀྱི་གསོས་སུ་གྱུར་པ་ལགས་སོ། །བཅོམ་ལྡན་འདས། དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ ཤེས་ཀྱང་ལྷ་དང། མི་དང། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་གསོས་སུ་གྱུར་པ་ལགས་སོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་བགྱི་ན། མེའི་ཁམས་ ནི༑ བུད་ཤིང་ཐམས་ཅད་སྲེག་པས་ནམ་ཡང་ཡོངས་སུ་བས་པར་མི་འགྱུར་ལགས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་མི་ཤེས་པའི་བུད་ཤིང་ཐམས་ [179A]༄༅། །ཅད་སྲེག་པས་ནམ་ཡང་ཡོངས་སུ་བས་པར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་བགྱི་ན། རླུང་གི་ཁམས་ནི། རྡུལ་ཐམས་ ཅད་སེལ་བར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས། དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་མི་ཤེས་པའི་རྡུལ་ཐམས་ཅད་སེལ་བར་བགྱིད་པ་ལགས་སོ།། བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་བགྱི་ན། ཆུའི་ཁམས་ནི། སེམས་ཅན་ཐམས་ཅད་ཀྱི་ལུས་སིམ་པར་བགྱིད་པ་ལགས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ ཡེ་ཤེས་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་རབ་ཏུ་སིམ་པར་བགྱིད་པ་ལགས་ན། བཅོམ་ལྡན་འདས། ཡེ་ཤེས་འདིའི་རྒྱུ་ནི། གང་ལགས་རྩ་བ་ནི། གང་ལགས། མཐར་ ཐུག་པ་ནི། གང་ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་ ལེགས་སོ་ལེགས་སོ། །ལག་ན་རྡོ་རྗེ། གང་ཁྱོད་ང་ལ་དོན་འདི་འདྲི་བ་ནི། ཡང་ལེགས་སོ། །དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུངས་ཤིག་དང། ངས་ཁྱོད་ ལ་བཤད་དོ། །རྒྱུ་ནི། བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོའོ། །མཐར་ཐུག་པ་ནི། ཐབས་སོ། །གསང་པ་པའི་བདག་པོ། དེ་ལ་བྱང་ཆུབ་གང་ཞེ་ན། །རང་ [179B]དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་།གསང་བ་པའི་བདག་པོ། དེ་ལ་ནི། ཆོས་རྡུལ་ཙམ་ ཡང་མེད་ཅིང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་དེ་ནི། ནམ་མཁའི་མཚན་ཉིད་དེ། དེ་ལ་བྱང་ཆུབ་པར་བྱེད་པ་ཡང་མེད་ལ། བྱང་ཆུབ་པར་བྱ་བ་ཡང་འགའ་ཡང་མེད་ དོ༑ ༑དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ལ་མཚན་ཉིད་མེད་པའི་ཕྱིར་ཏེ། གསང་བ་པའི་བདག་པོ། ཆོས་ཐམས་ཅད་ཀྱང་མཚན་ཉིད་མེད་པ་ནི། འདི་ལྟ་སྟེ། ནམ་མཁའི་མཚན་ཉིད་ དོ༑ ༑དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཐམས་ཅད་མཁྱེན་པ་ཉིད་ནི། གང་ནས་ཡོངས་སུ་བཙལ་བར་བགྱི། གང་གིས་ ནི༑ བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ། བྱང་ཆུབ་དང། ཐམས་ཅད་མཁྱེན་པ་ཉིད་ནི། རང་གི་ སེམས་ལས་ཡོངས་སུ་བཙལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་དེ་ནི། རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་ཏེ། དེ་ནི། ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་གའི་བར་ ན་ཡང་མི་དམིགས་སོ། །གསང་བ་པའི་བདག་པོ། སེམས་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མ་གཟིགས། མི་ [180A]༄༅། །གཟིགས། གཟིགས་པར་མི་འགྱུར་ཏེ། སྔོན་པོར་མ་ཡིན། སེར་པོར་མ་ཡིན། དམར་པོར་མ་ཡིན། དཀར་པོར་མ་ཡིན། ཁ་དོག་ལེ་བརྒན་དུ་མ་ཡིན་ ཤེལ་གྱི་ཁ་དོག་ཏུ་མ་ཡིན། ཐུང་ངུར་མ་ཡིན། རིང་པོར་མ་ཡིན་ཟླུམ་པོར་མ་ཡིན། གྲུ་བཞིར་མ་ཡིན། སྣང་བར་མ་ཡིན། མུན་པར་མ་ཡིན། སྐྱེས་པར་མ་ཡིན། བུད་མེད་ དུ་མ་ཡིན། མ་ནིང་དུ་མ་ཡིན་ནོ། །གསང་བ་པའི་བདག་པོ། སེམས་དེ་ནི། འདོད་པའི་ཁམས་ཀྱི་རང་བཞིན་མ་ཡིན། གཟུགས་ཀྱི་ཁམས་ཀྱི་རང་བཞིན་མ་ཡིན། གཟུགས་ མེད་པའི་ཁམས་ཀྱི་རང་བཞིན་མ་ཡིན་ནོ། །ལྷ་དང། ཀླུ་དང་གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མིའམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང་ མི་དང། མི་མ་ཡིན་པའི་འགྲོ་བ་སེམས་ཅན་རིས་མཐུན་པའི་རང་བཞིན་མ་ཡིན་ནོ། །གསང་བ་པའི་བདག་པོ། སེམས་དེ་ནི། མིག་ལ་མི་གནས། རྣ་བ་ལ་མི་གནས། སྣ་ལ་ མ་ཡིན༑ ལྕེ་ལ་མ་ཡིན། ལུས་ལ་མ་ཡིན། ཡིད་ལ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་དེ་ནི། ནམ་མཁའི་མཚན་ཉིད་དོ། །དེའི་ཕྱིར་རྟོག་པ་དང། རྣམ་པར་རྟོག་པ་ཐམས་ ཅད་དང་བྲལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་རང་བཞིན་གང་ཡིན་པ་དེ་ནི། སེམས་ཀྱི་རང་བཞིན་ནོ། །སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི། བྱང་ཆུབ་ཀྱི་རང་བཞིན་ [180B] གསང་བ་པའི་བདག་པོ། དེ་ལྟར་ན། སེམས་དང། ནམ་མཁའི་དབྱིངས་དང། བྱང་ཆུབ་འདི་ནི། གཉིས་སུ་མེད་དེ། གཉིས་སུ་བྱར་མེད་དོ། །དེ་ཡང་སྙིང་རྗེའི་རྩ་བ་ཅན་ཐབས་ཀྱི་ཕ་ རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་སྟེ། གསང་བ་པའི་བདག་པོ། དེ་བས་ན་རྣམ་གྲངས་འདིས་ཀྱང་འདི་ལྟར་ང་བྱང་ཆུབ་སེམས་དཔའི་འཁོར་གྱི་ནང་དུ་ཆོས་གང་དང་གང་སྟོན་པ་དེ་ཐམས་ ཅད་ནི༑ བྱང་ཆུབ་ཀྱི་སེམས་ཡོངས་སུ་དག་པར་བྱ་བ་དང། སེམས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཡིན་པར་རིག་པར་བྱའོ། །གསང་བ་པའི་བདག་པོ། དེ་ལྟ་བས་ན། རིགས་ཀྱི་བུའམ་ རིགས་ཀྱི་བུ་མོ་བྱང་ཆུབ་ཡོངས་སུ་ཤེས་པར་འདོད་པས་རང་གི་སེམས་ཉིད་ཡོངས་སུ་ཤེས་པར་བྱའོ། །གསང་བ་པའི་བདག་པོ། ཇི་ལྟར་རང་གི་སེམས་ཡོངས་སུ་ཤེས་པར་བྱ་ཞེ་ན་ འདི་ལྟ་སྟེ། རྣམ་པར་རམ། ཁ་དོག་ཏུའམ། དབྱིབས་སུའམ། ཡུལ་དུའམ། གཟུགས་སུའམ། ཚོར་བར་རམ། འདུ་ཤེས་སུའམ། འདུ་བྱེད་དུའམ་རྣམ་པར་ཤེས་པར་རམ། བདག་ ཏུའུ༑ བདག་གིར་རམ། གཟུང་བར་རམ། འཛིན་པར་རམ། དག་པར་རམ་མ་དག་པར་རམ། ཁམས་སུའམ། སྐྱེ་མཆེད་དུའམ། རྣམ་པ་ཐམས་ཅད་ཀྱི་བར་དུ་ཡོངས་སུ་ བཙལ་ཀྱང་མི་དམིགས་པ་ཡིན་ནོ། །གསང་བ་པའི་བདག་པོ། འདི་ནི་བྱང་ཆུབ་སེམས་དཔའི་སེམས་རྣམ་པར་དག་པའི་སྒོ་ཞེས་བྱ་བ་ཆོས་སྣང་བའི་སྒོ་ཆོས་སྣང་ [181A]༄༅། །བའི་ཚུལ་དང་པོ་སྟེ། གང་ལ་གནས་ན། བྱང་ཆུབ་སེམས་དཔའ་རྣམས་ཚེགས་ཆུང་ངུས་སྒྲིབ་པ་ཐམས་ཅད་སྤོང་བའི་ཏིང་འཛིན་ཐོབ་ཅིང། དེ་ཐོབ་ པས་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཐམས་ཅད་དང་ལྷན་ཅིག་འགྲོགས་པ་ཐོབ་པར་འགྱུར། མངོན་པར་ཤེས་པ་ལྔ་དག་ཀྱང་ཐོབ་པར་འགྱུར། སྐད་དང་ སྒྲ་དང། དབྱངས་མཐའ་ཡས་པའི་གཟུངས་ཀྱང་ཐོབ་པར་འགྱུར་སེམས་ཅན་གྱི་བསམ་པ་རྗེས་སུ་ཤེས་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་བརླབས་ཤིང་ འཁོར་བ་ན་ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་འགྱུར། སེམས་ཅན་གྱི་དོན་བྱ་བ་དག་ལ་ཡོངས་སུ་མི་སྐྱོ་བར་འགྱུར། འདུས་མ་བྱས་ཀྱི་ཚུལ་ཁྲིམས་ལ་རབ་ཏུ་གནས་ པ་དང། ལོག་པར་ལྟ་བ་རྣམ་པར་སྤངས་པ་དང། ཡང་དག་པར་ལྟ་བ་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ་ཡིན་ནོ། །གསང་བ་པའི་བདག་པོ། གཞན་ཡང་སྒྲིབ་པ་ ཐམས་ཅད་སྤོང་བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། མོས་པའི་སྟོབས་བསྐྱེད་པས་ཚེགས་ཆུང་ངུས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་ སུ་རྫོགས་པར་བྱེད་དེ། གསང་བ་པའི་བདག་པོ། མདོར་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །དེ་ནས་ཡང་ [181B] བཅོམ་ལྡན་འདས། ཇི་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བགྱི་བ་ལགས། བྱང་ཆུབ་འབྱུང་བའི་སེམས་བསྐྱེད་ པའི༑ ༑མཚན་ཉིད་ཇི་ལྟར་འཚལ་བར་བགྱི། །སེམས་མཁྱེན་པ་ནི་རྣམས་ཀྱི་མཆོག་དཔའ་ཆེན་ཡེ་ཤེས་ལས་བྱུང་བ། །ཇི་སྙེད་ཅིག་ལས་འདས་ནས་ནི། །སྐྱེ་བར་འགྱུར་བ་ བསྟན་དུ་གསོལ། །མགོན་པོ་སེམས་ཀྱི་མཚན་ཉིད་དང། །དུས་ཀྱང་རྒྱ་ཆེར་བསྟན་དུ་གསོལ། །དེ་དག་བསོད་ནམས་ཅི་འདྲ་དང། །སྤྱོད་པ་ཅི་འདྲར་འགྱུར་བ་དང། །སེམས་ ལ་སེམས་ཀྱི་ཁྱད་པར་ཡང། །ཐུབ་པ་ཆེན་པོས་བསྟན་དུ་གསོལ། །དེ་སྐད་གསོལ་ནས་དེ་ཡི་ཚེ། །བཅོམ་ལྡན་རྣམ་པར་སྣང་མཛད་ཀྱིས་།ཕྱག་ན་རྡོ་རྗེ་ཆེར་འབྱུང་ལ། །ལེགས་སོ་ བུ་ཞེས་འདི་སྐད་གསུངས། །ཐེག་པ་ཆེན་པོའི་གོ་འཕང་མཆོག་སེམས་ཀྱི་རྒྱུད་ཀྱི་མཚན་ཉིད་ནི། །རྫོགས་སངས་རྒྱས་ཀྱི་གསང་བའི་མཆོག། རྟོག་གེ་ཀུན་གྱིས་མི་ཤེས་པ།། ཐམས་ཅད་ཁྱོད་ལ་བཤད་པར་བྱ། །ཡིད་གཅིག་བསྡུས་ལ་ཉན་པར་གྱིས། །སེམས་ནི་བརྒྱ་རྩ་དྲུག་ཅུ་ལས། །འདས་ནས་བྱང་ཆུབ་ཉིད་ཀྱི་ཕྱིར། །བསོད་ནམས་ཆེས་འབྱུང་ སྙིང་པོ་སྟེ། །བྱང་ཆུབ་འབྱུང་བ་སྐྱེ་བར་འགྱུར། །ནམ་མཁའ་ལྟ་བུར་དཔག་མེད་ཅིང། །གོས་པ་མེད་དེ་ཇི་བཞིན་གནས། །ཆོས་ཀུན་གྱིས་ནི་མི་བསྒུལ་ཏེ། །གཟོད་ནས་ཞི་ཞིང་ [182A]༄༅། །མཚན་ཉིད་མེད། །དཔག་མེད་ཡེ་ཤེས་ཀྱིས་བསྒྲུབས་པ་།ཡང་དག་རྫོགས་སངས་རྒྱས་སྟོན་པ། །མཆོད་དང་སྤྱོད་པས་བསྒྲུབས་པའི་ཕྱིར། །བྱང་ཆུབ་ཕྱིར་ནི་དང་པོར་འདོད།། གསང་བ་པའི་བདག་པོ། དེ་ལ་འཁོར་བ་ཐོག་མ་མེད་པ་ནས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ངར་འཛིན་པ་དང། ང་ཡིར་འཛིན་པ་ལ་མངོན་པར་ཞེན་པས་བདག་གི་ཁྱད་པར་གྲངས་མེད་པར་ རབ་ཏུ་བརྟགས་ཏེ། གསང་བ་པའི་བདག་པོ། དེ་ལ་བདག་གི་ངོ་བོ་ཉིད་ལ་མ་དཔྱད་པར་བདག་གོ། ཞེས་ངར་འཛིན་པ་ཀུན་ནས་སློང་ངོ། །གཞན་དག་ནི། དུས་ལས་བྱུང་བ་དང། འཛིན་ པ་པོས་སྤྲུལ་པ་དང། ངེས་པར་བྱུང་བ་དང། འདི་ལྟ་སྟེ་དབང་ཕྱུག་དང། འབྱིན་པ་པོ་དང། དུས་དང། གཙོ་བོ་དང། བྱེད་པ་པོ་དང། བྱེད་པ་པོ་མ་ཡིན་པ་དང། རྣལ་འབྱོར་དང། ཚད་མ་ དང། དག་པ་དང། མ་དག་པ་དང། ནང་གི་བདག་དང། སྐྱེས་བུ་དང། ཁྱབ་བདག་དང། སྲོག་དང། གང་ཟག་དང། རྣམ་པར་ཤེས་པ་དང། ཀུན་གཞི་དང། ཤེས་པ་པོ་དང། མཐོང་བ་ པོ་དང། གཟུང་བ་དང། འཛིན་པ་དང། ཤེས་པ་དང། ཤེས་བྱ་དང། ཤེས་པར་བྱ་བ་དང། ཤེད་ལས་སྐྱེས་པ་དང། ཤེད་བུ་དང་བརྗོད་པར་བྱ་བ་དང། བརྗོད་པར་བྱ་བ་མ་ཡིན་པར་ རྟོག་སྟེ༑ གསང་བ་པའི་བདག་པོ། བདག་གི་ཁྱད་པར་འདི་ལྟ་བུ་ལ་སོགས་པ་རྣལ་འབྱོར་འདོད་པའི་རྣལ་འབྱོར་པ་དག་གིས་ཐར་པ་འདོད་པས་སྔོན་བརྟགས་པ་ཡིན་ནོ། །གསང་བ་པའི་བདག་ [182B] གཞན་ཡང་བྱིས་པ་སོ་སོའི་སྐྱེ་བོ་ཕྱུགས་དང་མཚུངས་པ་རྣམས་ལས། བརྒྱ་ལམ་ན་རེས་འགའ་ཞིག་ཆོས་ཀྱི་འདུ་ཤེས་འབྱུང་བ་ནི། འདི་ལྟ་སྟེ། སྨྱུང་བར་གནས་པ་ལ་གནས་པར་ བྱའོ། །ཞེས་དེ་ཙམ་ཞིག་སེམས་ལ་བྱས་ཏེ་མགུ་བ་བསྐྱེད་ནས་ཕྱི་ཕྱིར་ཞིང་དེ་ཉིད་ལ་གོམས་པར་བྱེད་དེ། གསང་བ་པའི་བདག་པོ་།དེ་ནི། དགེ་བའི་ལས་སྐྱེ་བའི་ས་བོན་ལྟ་བུ་སྟེ་ སེམས་དང་པོའོ། །དེ་རྒྱུ་དེ་ཉིད་ཀྱིས་མཚན་མ་དང་བཅས་པའི་ཉི་མ་དེ་དག་ལ་ཕ་མ་དང། བུ་དང། བུ་མོ་དང། མཛའ་བཤེས་དང་ཉེ་དུ་དག་ལ་སྦྱིན་པ་སྦྱིན་པར་བྱེད་དེ། འདི་ནི། མྱུ་གུ་ལྟ་བུ་ སྟེ༑ གཉིས་པའོ། །གཞན་ཡང་སྦྱིན་པ་དེ་ཉིད་མི་ཤེས་པ་དག་ལ་ཡང་སྦྱིན་པར་བྱེད་དེ། འདི་ནི། སྡོང་བུ་ལྟ་བུ་སྟེ། གསུམ་པའོ་།གཞན་ཡང་སྦྱིན་པ་དེ་ཉིད་སྣོད་དུ་རུང་བ་ཡོངས་སུ་ཚོལ་ ཞིང་སྦྱིན་པར་བྱེད་དེ། འདི་ནི། ལོ་མ་ལྟ་བུ་སྟེ། བཞི་པའོ་།གཞན་ཡང་སྦྱིན་པ་དེ་ཉིད་བླ་མའམ། རོལ་མོ་མཁན་དག་ལ་དགའ་བཞིན་དུ་སྦྱིན་པར་བྱེད་དེ། འདི་ནི། མེ་ཏོག་ལྟ་བུ་སྟེ་ ལྔ་པའོ༑ ༑གཞན་ཡང་སྦྱིན་པ་དེ་ཉིད་ཡིད་དགའ་བ་དག་ལ་སྦྱིན་པར་བྱེད་དེ། འདི་ནི། འབྲས་བུ་ལྟ་བུ་སྟེ། དྲུག་པའོ། །གསང་བ་པའི་བདག་པོ། གཞན་ཡང་མཐོ་རིས་སུ་སྐྱེ་བར་བྱ་བའི་ཕྱིར་ ཚུལ་ཁྲིམས་སྲུང་སྟེ། འདི་ནི། གསོས་སུ་གྱུར་པ་ལྟ་བུ་སྟེ། བདུན་པའོ། །གསང་བ་པའི་བདག་པོ། །གཞན་ཡང་སེམས་དེ་ལྟ་བུ་ཉིད་ཀྱིས་འཁོར་པར་རྒྱུ་བ་ན་དགེ་བའི་བཤེས་གཉེན་ལ་ལ་ [183A]༄༅། །ཞིག་ལས་ཚིག་འདི་སྐད་ཐོས་ཏེ། ལྷ་འདི་དག་ནི་ལྷ་ཆེན་ཏེ། །ཐམས་ཅད་ལ་ནི་བདེ་བ་སྟེར། །དེ་ལ་ཁྱོད་ཀྱིས་གུས་མཆོད་དང། །ཐམས་ཅད་འབྱོར་པ་ཉིད་དུ་ འགྱུར༑ ༑དེ་དག་ཀྱང་ནི་འདི་ལྟ་སྟེ། །དབང་ཕྱུག་དང་ནི་ཚངས་པ་དང། །དེ་བཞིན་ཁྱབ་འཇུག་བདེ་བྱེད་དང། །དྲག་པོ་སྐེམ་བྱེད་དེ་བཞིན་དུ། །ཉི་མ་ཟླ་བ་ཆུ་ལྷ་ཉིད། །ལུས་ངན་ནོར་སྦྱིན་ བརྒྱ་བྱིན་དང། །མིག་མི་བཟང་དང་སྣ་ཚོགས་འབྱུང། །གཤིན་རྗེ་དུས་མཚན་མྱ་ངན་འདས། །འཇིག་རྟེན་གཙོ་ཞེས་བྱ་བ་དང། །མེ་དང་རྣམ་པར་འདུད་པའི་བུ། །དེ་བཞིན་ལྷ་མོ་ དཀའ་ཐུབ་ཟློག། པདྨ་དང་ནི་འཇོག་པོ་ཀླུ། །ནོར་ལྡན་དང་ནི་དུང་ཞེས་བྱ། །ཀརྐོ་ཊ་ཀ་པདྨ་ཆེ། །རིགས་ཅན་དང་ནི་གདེངས་ཀ་མང། །རྟག་ཏུ་མཐའ་ཡས་ཐོག་མའི་ལྷ། །དེ་བཞིན་ ལྷ་དང་དྲང་སྲོང་མཆོག་རིག་བྱེད་རིག་བྱེད་སྐྱེས་བུ་ཡིན་།མཁས་པས་མཆོད་པ་གྱིས་ཤིག་ཅེས། །དེ་ལས་དེ་འདྲའི་ཚིག་ཐོས་ནས། །ཡིད་ནི་ཡང་དག་མགུ་གྱུར་ཏེ། །དེ་ཚེ་རབ་ཏུ་ གུས་ལྡན་པས། །དེ་དག་ལ་ནི་ནན་ཏན་བྱེད། །གསང་བ་པའི་བདག་པོ་འདི་ནི། བྱིས་པ་སོ་སོའི་སྐྱེ་བོ་འཁོར་བ་ན་ཀུན་ཏུ་འཁྱམས་པ་རྣམས་ཀྱི་དབུགས་འབྱིན་པའི་མཆོག་ཡིན་ ཏེ༑ འདི་ནི། སྟོབས་སུ་གྱུར་པ་སྟེ། སེམས་བརྒྱད་པར་རྒྱལ་བ་རྣམས་ཀྱིས་བཤད་དོ། །གསང་བ་པའི་བདག་པོ། གཞན་ཡང་ཁྱད་པར་རྟོགས་པ་ཇི་སྐད་དུ་ཡོངས་སུ་བསྒྲགས་ [183B]ལ་འབའ་ཞིག་པ་ཉིད་ཀྱི་དོན་དུ་བློ་སྐྱེ་ཞིང། དེ་ཡང་ཡོད་དོ་།ཞེས་སྟོང་པ་ཉིད་ཁོ་ན་ལ་དངོས་པོར་སེམས་ཏེ། གསང་བ་པའི་བདག་པོ་ དེ་དག་གིས་ནི། སྟོང་པ་ཉིད་རབ་ཏུ་མི་ཤེས་སོ། །སྟོང་པ་ཉིད་ནི། དངོས་པོ་ཡང་མ་ཡིན། དངོས་པ་མེད་པ་ཡང་མ་ཡིན། ཡོད་པ་ཡང་མ་ཡིན། གཉིས་ཀ་ཡང་མ་ཡིན་ཏེ། དེ་ལ་རྟོག་པའམ་མི་ རྟོག་པ་ཡང་མེད་ན། དེ་ལ་ཇི་ལྟར་སྟོང་པ་ཞེས་བརྟག་པར་བྱ་གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་མྱ་ངན་འདས་མི་ཤེས་།དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པས་སྟོང་ཉིད་ཤེས་ པར་བྱ༑ ༑དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་པ། བཅོམ་ལྡན་འདས། སེམས་ཀྱི་ཁྱད་པར་དེ་དག་བཤད་དུ་གསོལ་དེ་སྐད་ཅེས་གསོལ་པ་དང། བཅོམ་ ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ། སེམས་ཀྱི་ཁྱད་པར་གྱི་མཚན་ཉིད་ཉོན་ཅིག་གསང་བ་པའི་བདག་པོ། དེ་ལ་ སེམས་ནི། འདོད་ཆགས་ཀྱི་སེམས་དང། འདོད་ཆགས་དང་བྲལ་བའི་སེམས་དང། ཞེ་སྡང་གི་སེམས་དང། བྱམས་པའི་སེམས་དང། གཏི་མུག་གི་སེམས་དང། ཤེས་རབ་ཀྱི་སེམས་ དང། གཏན་ལ་ཕབ་པའི་སེམས་དང། ཐེ་ཚོམ་གྱི་སེམས་དང། མུན་པར་གྱུར་པའི་སེམས་དང། སྣང་བར་གྱུར་བའི་སེམས་དང། སྡུད་པའི་སེམས་དང། འཐབ་པའི་སེམས་དང་ [184A]༄༅། །རྩོད་པའི་སེམས་དང། མི་རྩོད་པའི་སེམས་དང། ལྷའི་སེམས་དང། ལྷ་མ་ཡིན་གྱི་སེམས་དང། ཀླུའི་སེམས་དང། མིའི་སེམས་དང། བུད་མེད་ཀྱི་སེམས་ དང། དབང་ཕྱུག་གི་སེམས་དང། ཚོར་བའི་སེམས་དང། ཞིང་པའི་སེམས་དང། ཆུ་བོའི་སེམས་དང། ལྟེང་ཀའི་སེམས་དང། ཁྲོན་པའི་སེམས་དང། ཀུན་ཏུ་སྲུང་བའི་སེམས་ དང། སེར་སྣའི་སེམས་དང། ཁྱིའི་སེམས་དང། བྱི་ལའི་སེམས་དང་ནམ་མཁའ་ལྡིང་གི་སེམས་དང། བྱི་བའི་སེམས་དང། ཀླུའི་སེམས་དང། གར་གྱི་སེམས་དང། སིལ་སྙན་ གྱི་སེམས་དང། ཁྱིམ་གྱི་སེམས་དང། སེངྒེའི་སེམས་དང། འུག་པའི་སེམས་དང། བྱ་རོག་གི་སེམས་དང། སྲིན་པོའི་སེམས་དང། ཚེར་མའི་སེམས་དང། ས་འོག་གི་སེམས་དང་ རླུང་གི་སེམས་དང། ཆུའི་སེམས་དང། མེའི་སེམས་དང། འདམ་གྱི་སེམས་དང། རྙོག་པའི་སེམས་དང། ཚོན་རྩིའི་སེམས་དང། ཤིང་ལེབ་ཀྱི་སེམས་དང། ནོར་པའི་སེམས་དང་ དུག་གི་སེམས་དང། ཞགས་པའི་སེམས་དང། ལྕགས་སྒྲོག་གི་སེམས་དང་སྤྲིན་གྱི་སེམས་དང། ཞིང་གི་སེམས་དང། ལན་ཚྭའི་སེམས་དང་སྤུ་གྲིའི་སེམས་དང། རི་རབ་ལྟ་བུའི་ སེམས་དང། རྒྱ་མཚོ་ལྟ་བུའི་སེམས་དང། ཕུག་ལྟ་བུའི་སེམས་དང་སྐྱེ་བར་འགྱུར་བའི་སེམས་སོ། །གསང་བ་པའི་བདག་པོ། དེ་ལ་འདོད་ཆགས་ཀྱི་སེམས་གང་ཞེ་ན། ཆགས་པ་ [184B] །འདོད་ཆགས་དང་བྲལ་བའི་སེམས་གང་ཞེ་ན། འདོད་ཆགས་དང་བྲལ་བའི་ཆོས་ཀུན་ཏུ་སྟེན་པའོ་།ཞེ་སྡང་གི་སེམས་གང་ཞེ་ན། སྡང་བས་ཆོས་ཀུན་ཏུ་ སྟེན་པའོ། །བྱམས་པའི་སེམས་གང་ཞེ་ན། བྱམས་པ་དང་ལྡན་པས་ཆོས་ཀུན་ཏུ་སྟེན་པའོ། །གཏི་མུག་གི་སེམས་གང་ཞེ་ན། གང་མི་སྤྱོད་པར་ཆོས་སྟེན་པའོ། །ཤེས་རབ་ཀྱི་སེམས་གང་ཞེ་ ན༑ ཁྱད་པར་ལས་ཁྱད་པར་གཞན་རྟོགས་པར་བྱས་ཏེ་ཆོས་སྟེན་པའོ། །གཏན་ལ་བབ་པའི་སེམས་གང་ཞེ་ན། བཀའ་དང་བླ་མའི་ཚིག་བཞིན་བྱེད་པའོ། །ཐེ་ཚོམ་གྱི་སེམས་གང་ཞེ་ན། ཇི་ལྟར་ ཡོངས་སུ་བཟུང་བ་ངེས་པ་དག་ལ་སོམ་ཉི་སྟེན་པ་ཉིད་དོ། །མུན་པར་གྱུར་པའི་སེམས་གང་ཞེ་ན། སོམ་ཉི་མེད་པ་ལ་སོམ་ཉིར་ཤེས་པའོ། །སྣང་བར་གྱུར་པའི་སེམས་གང་ཞེ་ན། སོམ་ཉི་ མེད་པ་ལ་སོམ་ཉི་མེད་པར་སྟེན་པའོ། །སྡུད་པའི་སེམས་གང་ཞེ་ན་དུ་མ་གཅིག་ཏུ་བྱེད་པའོ། །འཐབ་པའི་སེམས་གང་ཞེ་ན། ཕན་ཚུན་རྩོད་པ་ཉིད་དོ། །རྩོད་པའི་སེམས་གང་ཞེ་ན། གང་ དག་བདག་ཉིད་དང་བདག་ཉིད་དུ་རྩོད་པའོ། །མི་རྩོད་པའི་སེམས་གང་ཞེ་ན། མཉམ་པས་མཚུངས་པར་ལྟ་བའོ། །ལྷའི་སེམས་གང་ཞེ་ན། ཡིད་ཀྱིས་བདག་ཉིད་ལ་རློམ་སེམས་སུ་བྱེད་པའོ།། ལྷ་མ་ཡིན་གྱི་སེམས་གང་ཞེ་ན། གང་འཁོར་བ་ཉིད་ལ་སྨོད་པའོ་།ཀླུའི་སེམས་གང་ཞེ་ན། གང་ལོངས་སྤྱོད་ཆེན་པོ་ཉིད་དུ་བྱ་བའི་ཕྱིར་སེམས་པའོ། །མིའི་སེམས་གང་ཞེ་ན། དེ་ཉིད་ [185A]༄༅། །ཀྱི་དོན་དུ་སེམས་པའོ། །བུད་མེད་ཀྱི་སེམས་གང་ཞེ་ན་འདོད་པ་ཁོ་ནའི་ཕྱིར་ཆོས་སྟེན་པའོ། །དབང་ཕྱུག་གི་སེམས་གང་ཞེ་ན། གང་བདག་གིས་ཐམས་ཅད་ བསམ་མོ་སྙམ་དུ་རློམ་སེམས་སུ་བྱེད་པའོ། །ཚོང་པའི་སེམས་གང་ཞེ་ན། གང་བསྡུ་བ་བྱས་ཏེ་རྣམ་པར་སྤེལ་ནས་ཕྱིས་སྟེན་པའོ་།ཞིང་པའི་སེམས་གང་ཞེ་ན། གང་ཐོས་པ་ རྣམ་པ་དུ་མ་ཚོལ་ཞིང་ཕྱིས་སྟེན་པའོ། །ཆུ་བོའི་སེམས་གང་ཞེ་ན། གང་མཐའ་གཉིས་ལ་ལྟོས་ཤིང་སྟེན་པའོ། །ལྟེང་ཀའི་སེམས་གང་ཞེ་ན། གང་སྲེད་པས་སྟེན་པའོ། །ཁྲོན་ པའི་སེམས་གང་ཞེ་ན། གང་མི་ཟབ་པ་ལ་ཟབ་པར་སེམས་པའོ། །ཀུན་ཏུ་སྲུང་བའི་སེམས་གང་ཞེ་ན། འདི་ཉིད་བདེན་གྱི་གཞན་གཏི་མུག་གོ་སྙམ་དུ་སེམས་པའོ། །སེར་སྣའི་ སེམས་གང་ཞེ་ན། བདག་ཉིད་སྟེན་ཅིང་གཞན་ལ་མི་སྟེར་བའོ། །བྱི་ལའི་སེམས་གང་ཞེ་ན། གང་མཆོད་པ་ལ་ལྟོས་ཏེ་སྟེན་པའོ་།ཁྱིའི་སེམས་སེམས་གང་ཞེ་ན། གང་ཆུས་ངུས་ཀྱང་མགུ་ བར་འགྱུར་བའོ། །ནམ་མཁའ་ལྡིང་གི་སེམས་གང་ཞེ་ན། གང་ཕྱོགས་འཛིན་པས་ཆོས་ལ་སྟེན་པའོ། །བྱི་བའི་སེམས་གང་ཞེ་ན། བཅིངས་པ་ཐམས་ཅད་གཅད་པའི་ཕྱིར་སེམས་ པའོ༑ ༑གླུའི་སེམས་གང་ཞེ་ན། བདག་གི་དབྱངས་སྒྲ་སྣ་ཚོགས་ཀྱི་གླུས་སེམས་ཅན་རྣམས་གཟུང་བར་བྱའོ། །སྙམ་པའོ། །གར་གྱི་སེམས་གང་ཞེ་ན། བདག་གིས་རྫུ་འཕྲུལ་སྣ་ [185B]དུ་སེམས་པའོ། །སིལ་སྙན་གྱི་སེམས་གང་ཞེ་ན། བདག་གིས་ཆོས་ཀྱི་རྔ་བརྡུང་ངོ་སྙམ་པའོ། །ཁྱིམ་གྱི་སེམས་གང་ཞེ་ ན༑ བདག་གི་ལུས་ཀུན་ཏུ་བསྲུང་བའི་ཕྱིར་སྟེན་པའོ། །སེངྒེའི་སེམས་གང་ཞེ་ན། གང་ཐམས་ཅད་ཟིལ་གྱིས་གནོན་པ་སྟེན་པའོ། །འུག་པའི་སེམས་གང་ཞེ་ན། གང་མཚན་མོ་ སེམས་པའོ། །བྱ་རོག་གི་སེམས་གང་ཞེ་ན། ཐམས་ཅད་དུ་སྐྲག་པར་སེམས་པའོ། །སྲིན་པོའི་སེམས་གང་ཞེ་ན། དགེ་བས་མི་དགེ་བ་རྣམས་སྒྲུབ་པའོ། །ཚེར་མའི་སེམས་གང་ཞེ་ ན༑ གང་ཐམས་ཅད་དུ་འགྱོད་པ་སེམས་པའོ། །ས་འོག་གི་སེམས་གང་ཞེ་ན། གང་ས་འོག་གི་དོན་དུ་སེམས་པའོ། །རླུང་གི་སེམས་གང་ཞེ་ན། གང་ཐམས་ཅད་དུ་ཐམས་ཅད་སྒྲུབ་ པའོ༑ ༑ཆུའི་སེམས་གང་ཞེ་ན། གང་མི་དགེ་བ་ཐམས་ཅད་བཀྲུ་བའི་ཕྱིར་སྟེན་པའོ། །མེའི་སེམས་གང་ཞེ་ན། གང་དཀའ་ཐུབ་ཉིད་ཀྱིས་གདུང་བར་བྱེད་པའོ། །འདམ་གྱི་སེམས་གང་ ཞེ་ན༑ གང་བདག་གི་ཉེས་པས་གཞན་ལ་སྐུད་པའོ། །རྙོག་པའི་སེམས་གང་ཞེ་ན། གང་ཕ་རོལ་གྱི་ཉེས་པ་འཛིན་པས་སེམས་ལ་རྙོག་པ་སྐྱེད་པའོ། །ཚོན་རྩིའི་སེམས་གང་ཞེ་ན། གང་ དེ་ལ་ཆགས་པ་ཉིད་དུ་སྟེན་པའོ། །ཤིང་ལེབ་ཀྱི་སེམས་གང་ཞེ་ན། གང་དགེ་བ་གཞན་སྤོང་བས་སྟེན་པའོ། །ནོར་པའི་སེམས་གང་ཞེ་ན། གཞན་བཟུང་ཞིང་གཞན་ཁོ་ནར་སེམས་པའོ། ། [186A]༄༅། །དུག་གི་སེམས་གང་ཞེ་ན། གང་ཤིན་ཏུ་དངོས་པོ་མེད་བ་ཉིད་སེམས་པའོ། །ཞགས་པའི་སེམས་གང་ཞེ་ན། གང་ཐམས་ཅད་དུ་བདག་ཉིད་བཅིངས་ཤིང་ འདུག་པའོ། །ལྕགས་སྒྲོག་གི་སེམས་གང་ཞེ་ན། གང་རྐང་པ་གཉིས་ལ་འདུག་སྟེ་སེམས་པའོ། །སྤྲིན་གྱི་སེམས་གང་ཞེ་ན། གང་ཆུ་དག་ལ་སེམས་པའོ། །ཞིང་གི་སེམས་གང་ཞེ་ན་ རང་གི་ལུས་ཉིད་ཡོངས་སུ་སྦྱོང་བར་བྱེད་པའོ། །ལན་ཚྭའི་སེམས་གང་ཞེ་ན། གང་ཞིག་གང་གིས་སེམས་པར་བྱེད་པ་དེ་ལ་ཡང་སེམས་པའོ། །སྤུ་གྲིའི་སེམས་གང་ཞེ་ན། གང་རབ་ཏུ་བྱུང་ བ་ཙམ་ལ་སྟེན་པའོ། །རི་རབ་ལྟ་བུའི་སེམས་གང་ཞེ་ན། གང་མཐོ་བར་གྱུར་ནས་སེམས་པའོ། །རྒྱ་མཚོ་ལྟ་བུའི་སེམས་གང་ཞེ་ན། གང་རང་གི་ལུས་ཉིད་ལ་མཆོག་ཏུ་འཛིན་ཅིང་འདུག་ པའོ༑ ༑ཕུག་ལྟ་བུའི་སེམས་གང་ཞེ་ན། གང་སྔར་ངེས་པར་གྱུར་ལ་ཕྱིས་དེ་ཉིད་ཀྱི་འགྱུར་བ་སྟེན་པའོ། །དེ་ལ་སྐྱེ་བར་འགྱུར་བའི་སེམས་གང་ཞེ་ན། གང་གི་སེམས་འདུ་བྱེད་གང་ ཁོ་ན་དང་སྐྱེས་པ་དེ་ཁོ་ན་དང་ལྷན་ཅིག་ཏུ་འགྲོ་བའོ། །གསང་བ་པའི་བདག་པོ། དེ་ལྟར་ན་གཅིག་གཉིས། གསུམ། བཞི། ལྔ་གཉིས་སུ་བསྒྱུར་བ་བྱས་ན་འཇིག་རྟེན་པའི་ སེམས་བརྒྱ་དྲུག་ཅུ་བསྐལ་པ་གསུམ་གྱིས་འདས་ནས་འཇིག་རྟེན་ལས་འདས་པའི་སེམས་སྐྱེ་སྟེ། འདི་ལྟ་སྟེ། འདི་ནི་ཕུང་པོ་ཙམ་ཉིད་དེ་།བདག་ནི་ནམ་ཡང་ཡོད་མ་ཡིན། ། [186B] །འཇིག་རྟེན་དོན་མེད་རྣམ་པར་ཉམས། །ཡན་ལག་བཅུ་གཉིས་རྟེན་འབྲེལ་འདི། །ཉོན་མོངས་ལས་ཀྱིས་ཀུན་ནས་བསླང། །མ་རིག་ས་བོན་ ལས་བྱུང་བ། །བྱེད་པོ་ལ་སོགས་རྣམ་པར་སྤངས། །དེ་ལྟར་ཞི་ཞིང་ཤིན་ཏུ་ཟབ། །རྟོག་གེ་ཀུན་གྱིས་ཤེས་པར་དཀའ། །ཉེས་པ་ཐམས་ཅད་རྣམ་སྤངས་པ། །སངས་རྒྱས་རྣམས་ཀྱིས་མངོན་ བསྟན་པའོ། །གསང་བ་པའི་བདག་པོ། དེ་ལ་འཇིག་རྟེན་ལས་འདས་པའི་སེམས་ལ་གནས་པ་རྣམས་ལ་ཡང་ཕུང་པོ་དག་ལ་ཡོད་དོ་སྙམ་པའི་བློ་ཉེ་བར་སྐྱེའོ། །ནམ་ཕུང་པོ་དག་ལ་འདོད་ ཆགས་དང་བྲལ་བ་བསྐྱེད་པ་དེའི་ཚེ་ལྦུ་བ་དང། ཆུའི་ཆུ་བུར་དང། སྒྱུ་མ་དང། སྨིག་རྒྱུ་དང་མཚུངས་པར་འཇིག་པས་རྣམ་པར་གྲོལ་བར་འགྱུར་ཏེ། འདི་ལྟ་སྟེ། ཕུང་པོ་དང། ཁམས་དང་ སྐྱེ་མཆེད་དང། གཟུང་བ་དང། འཛིན་པ་རྣམ་པར་སྤངས་པ། ཆོས་ཉིད་ཀྱི་རང་གི་ངོ་བོར་ཞི་བའི་དབྱིངས་རྟོགས་པར་འགྱུར་རོ་།གསང་བའི་བདག་པོ། འཇིག་རྟེན་ལས་འདས་པའི་ སེམས་ཕྱིན་ཅི་ལོག་དང། ཕྱིན་ཅི་མ་ལོག་པའི་སེམས་ཀྱི་ཁྱད་པར་བརྒྱད་དང་འབྲེལ་བ། ལས་དང་ཉོན་མོངས་པའི་དྲ་བ་དང་བྲལ་བ་འདི་ནི། རྣལ་འབྱོར་པ་དག་བསྐལ་པ་གཅིག་གིས་ འདའ་བར་བྱེད་དོ། །གསང་བ་པའི་བདག་པོ། གཞན་ཡང་ཐེག་པ་ཆེན་པོས་བགྲོད་པ་གཞན་གྱི་དྲིང་མི་འཇོག་པ་རྣམས་ལ་ཆོས་ལ་བདག་མེད་པའི་སེམས་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ [187A]༄༅། །དེ་དག་སྔོན་སྤྱད་པ་སྤྱོད་ཅིང་ཕུང་པོའི་གནས་རྣམ་པར་འཇིག་པ་ན་ངོ་བོ་ཉིད་ཡོངས་སུ་ཤེས་པའི་ཕྱིར་སྒྱུ་མ་དང་སྨིག་རྒྱུ་དང། གཟུགས་བརྙན་དང། བྲག་ ཅ་དང། མགལ་མེའི་འཁོར་ལོ་དང། དྲི་ཟའི་གྲོང་ཁྱེར་ལྟ་བུའི་འདུ་ཤེས་སྐྱེས་སོ། །གསང་བ་པའི་བདག་པོ། དེའི་ཕྱིར་དེ་དག་གི་སེམས་ཀྱི་དབང་དུ་བྱས་པས་ཆོས་ལ་བདག་མེད་ པ་ཉིད་ཀྱང་སྤང་བར་བྱ་སྟེ། རང་གི་སེམས་ནི། གཟོད་མ་ནས་མ་སྐྱེས་པའོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ། ངོ་བོ་ཉིད་ཡོངས་སུ་ཤེས་པའི་ཕྱིར་སེམས་ལ་སྔན་གྱི་ མཐའ་དང། ཕྱི་མའི་མཐར་མི་དམིགས་ཏེ། རྣལ་འབྱོར་པ་དག་འདི་ཡང་བསྐལ་པ་གཉིས་ཀྱིས་འདའ་བར་བྱེད་དོ། །གསང་བ་པའི་བདག་པོ། གཞན་ཡང་བྱང་ཆུབ་སེམས་དཔའ་ གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱིས་ཚོགས་དཔག་ཏུ་མེད་ པ་བསགས་པ་རྣམས་ལ་ཤེས་རབ་དང་ཐབས་དཔག་ཏུ་མེད་པ་ཡོངས་སུ་བཟུང་བ། ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱས་པ། ཉན་ཐོས་དང། རང་སངས་རྒྱས་ ཐམས་ཅད་ཀྱི་ས་ལས་ཡང་དག་པར་འདས་པ། བརྒྱ་བྱིན་དང་ཚངས་པའི་དབང་པོ་དང། ཉེ་དབང་ལ་སོགས་པས་ཕྱག་བྱས་པ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་རྫས་མེད་པ་ [187B] མཚན་མ་མེད་པ། སྤྲོས་པ་ཐམས་ཅད་ལས་འདས་པ། ནམ་མཁའ་ལྟར་དཔག་ཏུ་མེད་པ། ཆོས་ཐམས་ཅད་ཀྱི་གོ་སྐབས་སུ་གྱུར་པ། འདུས་བྱས་དང་འདུས་མ་ བྱས་ཀྱི་ཁམས་དང་བྲལ་བ། ལས་དང་བྱ་བ་མེད་པ། མིག་དང་རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་དང་བྲལ་བ་ཤིན་ཏུ་ངོ་བོ་ཉིད་མེད་པའི་སེམས་སྐྱེ་སྟེ། གསང་བ་ པའི་བདག་པོ། འདི་ནི། བྱང་ཆུབ་ཀྱི་སེམས་དང་པོ་ཞེས་རྒྱལ་བ་རྣམས་ཀྱིས་གསུངས་སོ། །དེ་དག་ཉོན་མོངས་ལས་ལས་གྲོལ། །ལས་དང་ཉོན་མོངས་ལྡན་པའང་ཡིན། །དེ་དག་འཇིག་རྟེན་ སྦྱིན་གནས་ཏེ། །དེ་དག་རྟག་མཆོད་རི་མོར་བྱ། །གསང་བ་པའི་བདག་པོ་གཞན་ཡང། མོས་པ་ཡིས་ནི་སྤྱོད་པའི་ས། །སེམས་གསུམ་རྣམ་པར་སྒོམ་པ་སྟེ། །ཕ་རོལ་ཕྱིན་རྣམས་ སྤྱོད་པ་དང། །བསྡུ་བ་དག་ནི་བཞི་པོ་ཡིས། །མོས་པ་ཡིས་ནི་མཚུངས་པ་མེད། །དཔག་ཏུ་མེད་ཅིང་བསམ་མི་ཁྱབ། །དཔག་མེད་ཡེ་ཤེས་འབྱུང་བ་ནི། །སེམས་བཅུ་དག་གིས་ཐོབ་ པར་འགྱུར། །ངས་གང་ཅུང་ཟད་བརྗོད་པ་ནི། །ཐམས་ཅད་འདི་ཡིས་ཐོབ་པར་འགྱུར། །དེ་ཕྱིར་ཐམས་ཅད་མཁྱེན་པ་ཡིས། །མོས་པ་ཞེས་ནི་བྱ་བར་བཤད། །བློ་ལྡན་བསྐལ་པ་གཅིག་ གིས་ནི༑ ༑ས་ལས་ཡང་དག་འདའ་བར་འགྱུར། །འདི་ཡི་ཡང་ནི་བཞི་ཆ་ཡིས། །མོས་པ་ལས་ཀྱང་འདའ་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་ [188A]༄༅། །གསོལ་ཏོ། །མགོན་པོ་ཁྱབ་བདག་ཁྱོད་ཀྱིས་ནི། །སེམས་ཀྱི་མཚན་ཉིད་བསྟན་ལགས་ན། །དབུགས་འབྱིན་རྣམ་པ་དུ་ཐོབ་ནས་།མཆོག་སྐྱེས་དེ་དག་ དབུགས་ཕྱིན་འགྱུར། །དེ་སྐད་གསོལ་ནས་བཅོམ་ལྡན་འདས། །རྣམ་པར་སྣང་མཛད་ཆེན་པོ་ཡིས། །དེ་ཚེ་ཕྱག་ན་རྡོ་རྗེ་ལ། །ཡིད་བསྡུས་འདི་ནི་ཉོན་ཞེས་གསུངས། །གསང་བ་ བའི་བདག་པོ། དེ་ལ་ནམ་བྱིས་པ་སོ་སོའི་སྐྱེ་བོ་དག་མི་དགེ་བའི་ལས་སྤངས་ཏེ་དགེ་བའི་ལས་བྱེད་པ་དེའི་ཚེ་དགེ་བས་དབུགས་ཕྱིན་པ་ཡིན་ནོ། །ནམ་བདག་གི་དེ་ཁོ་ན་ཉིད་ ཡང་དག་བ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེའི་ཚེ་བདག་ལ་བརྟེན་ནས་དབུགས་ཕྱིན་པ་ཡིན་ནོ། །ནམ་ཕུང་པོ་ཡོངས་སུ་བཟུང་བ་བྱས་ཏེ་རང་གི་ངོ་བོ་ཉིད་ལ་རྣམ་པར་དཔྱད་ ནས་བདག་ལ་བརྟེན་པ་ཡོངས་སུ་གཏོང་བ་དེའི་ཚེ་བདག་མེད་པས་དབུགས་ཕྱིན་པ་ཡིན་ནོ། །ནམ་ཕུང་པོ་རྣམས་སྤངས་ནས་ཆོས་ཀྱི་དམིགས་པ་ལ་གནས་པ་དེའི་ཚེ་ཆོས་ཀྱིས་དབུགས་ ཕྱིན་པ་ཡིན་ནོ། །ནམ་ཆོས་རྣམས་སྤངས་ནས་མི་སྐྱེ་བ་ལ་གནས་པ་དེའི་ཚེ་ཆོས་ལ་བདག་མེད་པས་དབུགས་ཕྱིན་པ་ཡིན་ནོ། །ནམ་ཕུང་པོ་དང། ཁམས་དང། སྐྱེ་མཆེད་ཐམས་ཅད་དང་ གཟུང་བ་དང། འཛིན་པ་དང། བདག་དང། སྲོག་ལ་སོགས་པ་དང་ཆོས་དང་མི་སྐྱེ་བ་དག་ཀྱང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ཡང་ངོ་བོ་ཉིད་མེད་དོ། །ཞེས་སྟོང་བའི་ཡེ་ཤེས་སྐྱེས་པ་དེའི་ཚེ་ [188B]ཕྱིན་པ་ཡིན་ནོ། །གསང་བ་པའི་བདག་པོ། དེའི་ཆེ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་ སྤྱད་པ་སྤྱོད་པ་བཞི་བཅུས་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་བསྒོམས་ཏེ་གསང་སྔགས་ཀྱི་ཚུལ་རྟོགས་པར་ཁོང་དུ་ཆུད་པར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སྒྱུ་མ་དང། སྨིག་ རྒྱུ་དང། རྨི་ལམ་དང། གཟུགས་བརྙན་དང། དྲི་ཟའི་གྲོང་ཁྱེར་དང། བྲག་ཅ་དང། ཆུ་ཟླ་དང། ཆུའི་ཆུ་བུར་དང། འཁྲུལ་པ་དང། མགལ་མེའི་འཁོར་ལོ་ལྟ་བུར་རྣམ་པར་སྒོམ་མོ། །གསང་བ་ པའི་བདག་པོ། དེ་ལ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་འདི་ལྟར་སོ་སོར་བརྟག་པར་བྱ་སྟེ། དེ་ལ་སྒྱུ་མ་གང་ཞེ་ན། འདི་ལྟ་སྟེ། སྨན་དང་ སྔགས་ཀྱི་སྦྱོར་བ་བྱེད་པ་དག་གི་སྦྱོར་བ་ལས་དངོས་པོ་རྣམ་པ་ཐ་དད་པ་སྣ་ཚོགས་མིག་དང་ཡིད་འཕྲོག་པ་སྔོན་མ་མཐོང་བ་དག་ཀྱང་སྟོན་ཏེ། དེ་དག་ནི། ཕན་ཚུན་ཕྱོགས་བཅུར་འགྲོ་བ་དང་ འོང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྒྱུ་མ་ནི། རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། དེ་བཞིན་དུ་གསང་སྔགས་སྦྱོར་བ་བྱེད་པ་དག་གི་སྦྱོར་བ་ལས་ཐམས་ཅད་འབྱུང་ངོ། །གསང་བ་པའི་བདག་པོ་ གཞན་ཡང་སྨིག་རྒྱུ་ནི། རང་བཞིན་གྱིས་སྟོང་པ་སྟེ། དེ་ཡང་འདུ་ཤེས་ཀྱིས་ཐ་སྙད་དུ་འདོགས་ཤིང། ཐ་སྙད་ཀྱང་སྒྲུབ་པར་བྱེད་དོ། །དེ་བཞིན་དུ་འདུ་ཤེས་འདི་ཡང་གསང་སྔགས་སོ། །ཞེས་ཐ་ [189A]༄༅། །སྙད་དུ་འདོགས་ཤིང་ཐ་སྙད་ཀྱང་སྒྲུབ་པར་བྱེད་དོ་།གསང་བ་པའི་བདག་པོ། གཞན་ཡང་རྨི་ལམ་ན་བདག་ཉིད་ཉིན་གཅིག་དང། ཐང་ཅིག་དང། སྐད་ ཅིག་དང། ཡུད་ཙམ་དང། ལོ་ལ་སོགས་པར་འདུག་ཅིང་བདེ་བ་དང་སྡུག་བསྔལ་རྣམ་པ་མང་པོ་མྱོང་བར་མཐོང་ལ། སད་ན་ཅི་ཡང་མི་མཐོང་བ་དེ་བཞིན་དུ་གསང་སྔགས་ཀྱི་ཚུལ་ འྡིའང་རྨི་ལམ་ལྟ་བུར་ཁོང་དུ་ཆུད་པར་བྱའོ། །གསང་བ་པའི་བདག་པོ། གཞན་ཡང་གསང་སྔགས་ཀྱི་དངོས་གྲུབ་འབྱུང་བ་ནི་གཟུགས་བརྙན་ལྟ་བུར་རིག་པར་བྱ་སྟེ། དཔེར་ན་ གདོང་དང་མེ་ལོང་ལ་བརྟེན་ནས་བཞིན་གྱི་གཟུགས་བརྙན་འབྱུང་བ་ལྟར་གསང་སྔགས་ཀྱི་དངོས་གྲུབ་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །གསང་བ་པའི་བདག་པོ། གཞན་ཡང་གྲུབ་པའི་ གནས་ནི། དྲི་ཟའི་གྲོང་ཁྱེར་ལྟ་བུར་བལྟའོ། །གསང་བ་པའི་བདག་པོ། གཞན་ཡང་གསང་སྔགས་ཀྱི་སྒྲ་ནི། བྲག་ཅ་ལྟ་བུར་རིག་པར་བྱ་སྟེ། དཔེར་ན་སྒྲ་ལ་བརྟེན་ནས་བྲག་ཅ་འབྱུང་ བ་ལྟར་གསང་སྔགས་ཀྱི་ཚུལ་འདི་ཡང་དེ་དང་འདྲ་བར་རིག་པར་བྱའོ། །གསང་བ་པའི་བདག་པོ། གཞན་ཡང་ཟླ་བ་ཤར་བ་ན་ཆུའི་ནང་དུ་གཟུགས་བརྙན་མཐོང་ནས་ཆུ་ཟླ་ཞེས་ བརྗོད་པ་དེ་བཞིན་དུ་སྔགས་པ་དེ་ཉིད་ཆུ་ཟླ་བཞིན་དུ་རིག་སྔགས་འཆང་ཞེས་བརྗོད་དོ། །གསང་བ་པའི་བདག་པོ། གཞན་ཡང་ཇི་ལྟར་ཆར་པ་བབ་པ་ནི། ཆུའི་ཆུ་བུར་རྣམས་ [189B]པ་སྣ་ཚོགས་འདོད་དོ། །གསང་བ་པའི་བདག་པོ། གཞན་ཡང། སེམས་ཅན་མེད་ཅིང་སྲོག་དང་ནི། །བྱེད་པ་པོ་ཡང་མེད་པ་སྟེ། ། དངོས་པོ་ཐམས་ཅད་སྟོང་པ་ལ། །འཁྲུལ་པ་ཁོ་ན་སྣང་བར་ཟད་།གསང་བ་པའི་བདག་པོ། གཞན་ཡང། ཇི་ལྟར་འགའ་ཞིག་བདག་ཉིད་ཀྱི། །ལག་ན་མགལ་མེ་ཐོགས་ནས་ནི། །བསྐོར་ ན་འཁོར་ལོ་ལྟར་སྣང་བ། །དེ་བཞིན་སྟོང་པ་དག་ལས་བྱུང་།གསང་བ་པའི་བདག་པོ། འདི་ནི། ཐེག་པ་ཆེན་པོའི་གཞི། མི་མཉམ་པ་དང་མཉམ་པའི་གཞི། ངེས་པའི་གཞི། ཡང་ དག་པར་རྫོགས་པར་སངས་རྒྱས་པའི་གཞི། མཐར་གྱིས་ཐེག་པ་ཆེན་པོ་ལ་འཇུག་པའི་གཞི་སྟེ། ཡེ་ཤེས་སྣ་ཚོགས་ཆེར་འབྱུང་བ། །ནོར་གྱི་དབྱིག་འདི་ཤེས་ན་ནི། །ཀུན་གྱི་སེམས་ ཀྱི་བྱེ་བྲག་ཀྱང། །ཇི་བཞིན་ཡང་དག་རབ་ཏུ་ཤེས། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས་ སེམས་ཀྱི་ཁྱད་པར་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉིད་ཀྱིས་ མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ། སེམས་ཅན་གྱི་ས་ལས་ཡང་དག་པར་འདས་པ། བཅོམ་ལྡན་འདས་ཀྱིས་ཐབས་དང་ཚུལ་སྣ་ཚོགས་ [190A]༄༅། །དག་གིས་བསམ་པ་དང་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་བསྟན་པ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས། ཡང་གསང་སྔགས་ སྤྱོད་པའི་ཚུལ་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བ་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་བཤད་དུ་གསོལ། དེ་ནི། མ་འོངས་པའི་དུས་ན་སེམས་ ཅན་མང་པོ་དག་གི་དོན་དང། ཕན་པ་དང་བདེ་བར་འགྱུར་ལགས་སོ་།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ ལ་གཟིགས་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ། དཀྱིལ་འཁོར་སྤྱོད་པའི་ཚུལ་བསམ་པའི་ཆོས་ཀྱི་རྣམ་གྲངས་ཐམས་ ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་ཉོན་ཅིག་དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་དགོངས་པ་མ་རྫོགས་ཤིང་སེམས་ཅན་ གྱི་ཁམས་མ་ལུས་པ་བསྒྲལ་བར་དམ་བཅའ་བར་མཛད་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་ཐབས་ཅིག་ཏུ་ཡང་དག་པར་མོལ་ནས་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བ་ཞེས་བྱ་ བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་སྐུའི་ཡན་ལག་ཐམས་ཅད་ནས་དེ་བཞིན་གཤེགས་པའི་སྐུས་སེམས་དང་པོ་བསྐྱེད་པ་ [190B][?]བཟུང་སྟེ་ས་བཅུའི་བར་དུ་སེམས་ཅན་ལ་ཕན་པའི་དོན་མཛད་པ་རྣམས་བྱུང་ངོ། །བྱུང་ནས་ཀྱང་ཕྱོགས་བཅུ་ཀུན་ཏུ་བསྐོར་ཏེ་སླར་ལོག་ནས་བཅོམ་ལྡན་འདས་ཀྱི་སྐུའི་ནང་རང་གི་གནས་ རྣམས་སུ་ཞུགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ། དཀྱིལ་འཁོར་རྣམ་པར་དགོད་པ་ཉོན་ ཅིག་རེ་ཞིག་དང་པོར་སློབ་དཔོན་ཡིད་བྱང་ཆུབ་ཀྱི་སེམས་ལ་ཞུགས་པ། ཤེས་རབ་དང་ལྡན་པ། བརྟན་པ། སྙིང་རྗེ་ཅན། སྒྱུ་རྩལ་དག་ལ་མཁས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ ཚུལ་ལ་རྟག་ཏུ་མཁས་པ། ཐེག་པ་གསུམ་གྱི་ཁྱད་པར་ཤེས་པ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ལ་མཁས་པ། བསམ་པ་ཤེས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ རྣམས་ལ་དད་པ། དཀྱིལ་འཁོར་བྲི་བའི་ལས་བྱེད་པར་གནང་ཞིང་དབང་བསྐུར་བ། རིགས་བཙུན་གསང་སྔགས་སྤྱོད་པ་ལ། མངོན་པར་བརྩོན་ཞིང་གཏན་ལ་བབ། །སྦྱོར་ལ་ མཁས་ཤིང་ཟུངས་ཐུབ་ལ། །བྱང་ཆུབ་སེམས་ལ་རྣམ་པར་གནས་།གསང་བ་པའི་བདག་པོ། སློབ་དཔོན་དེ་ལྟ་བུ་ནི། རྒྱལ་བའི་སྲས་ཡིན་ཏེ། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ རྣམས་ཀྱིས་རབ་ཏུ་བསྔགས་སོ། །གསང་བ་པའི་བདག་པོ། དེ་ལ་སློབ་དཔོན་ལ་གཞན་གྱིས་གསོལ་བ་བཏབ་ཀྱང་རུང། ཡང་ན་བདག་གིས་སེམས་ཅན་དག་སྣོད་དུ་རུང་ཞིང་ཉེས་བྲལ་ [191A]༄༅། །བ༑ ༑མོས་མང་བརྟན་ལ་དད་པ་ཅན། །གཞན་ལ་ཕན་དགའ་མཐོང་ནས་ནི། །དེ་ལྟ་བུ་ཡི་སློབ་མ་དེ། །ཤེས་ནས་སློབ་དཔོན་བདག་ཉིད་ཀྱིས། །མ་གསོལ་བར་ ནི་དེ་བོས་ཏེ། །ཕན་འདོད་ཕྱིར་ནི་འདི་སྐད་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱི། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། ། རྫོགས་པའི་སངས་རྒྱས་གང་འདས་དང། །དེ་བཞིན་གང་དག་མ་བྱོན་དང། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག་དེ་དག་ཀུན་གྱིས་གསང་སྔགས་ ཀྱི༑ ༑ཆོ་ག་མཆོག་བཟང་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེངྒེ་སྐྱོབ་ པ་ཡིས༑ ༑བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག་སྙིང་རྗེར་གྱུར་པའི་ཡིད་ཀྱིས་ནི། ། དེ་ལྟར་ལན་མང་གཟེངས་བསྟོད་དེ། །སློབ་མ་དེ་བསྟན་ཤེས་ནས་ནི་།ས་གཞི་ལེགས་པར་ཡོངས་བརྟག་བྱ། །མེ་ཏོག་འབྲས་བུར་ལྡན་པའི་རི། །གཙང་ཞིང་ཡིད་འོང་ཆུ་ཡི་གནས། ། དེ་དག་དཀྱིལ་འཁོར་བྲི་བ་ཡི། །ལས་ལ་སངས་རྒྱས་ཀུན་གྱིས་བསྔགས། །གང་འབབ་ཆུ་ནི་མང་པོ་དག་ངང་པ་བཞད་ཀྱིས་བརྒྱན་ཡོད་པ། །དེར་ནི་སྔགས་པ་བློ་ཅན་གྱིས། །སྙིང་རྗེ་ [191B] །སངས་རྒྱས་རྣམས་དང་རང་མགོན་དང། །དེ་བཞིན་རྒྱལ་བའི་ཉན་ཐོས་ཀྱིས། །ས་ཕྱོགས་གང་དག་བསྙེན་པ་ནི། །དེ་དག་ཐུབ་པས་རྟག་ཏུ་བསྔགས། །ཕྱོགས་ གཞན་རྣམ་པ་སྣ་ཚོགས་པ། །ལྷ་ཁང་ཀུན་དགའ་བཟང་པོ་དང་།ཁྱིམ་དང་ཡང་ཐོག་ཉམས་དགའ་དང། །མཚེའུ་དང་སྐྱེད་མོས་ཚལ་མཛེས་དང། །མཆོད་རྟེན་གྲ་གང་བ་ལང་ལྷས། །འབབ་ ཆུ་འདུས་པའི་མདོ་དག་དང། །ལྷ་ཡི་གནས་རྣམས་ཐམས་ཅད་དང་།དེ་བཞིན་ཁང་པ་སྟོང་པ་ཡང། །སློབ་མ་དག་ལ་ཕན་འདོད་ཕྱིར། །ནན་ཏན་དུ་ནི་དཀྱིལ་འཁོར་བྲི། །ཡང་ན་ཡིད་དུ་ འོང་བའི་ས། །གང་ཡང་རུང་བར་གྲི་བར་བྱ། །གསང་བའི་བདག་པོ། དེ་ལ་ས་གཞི་ཡོངས་སུ་སྤྱད་པར་བྱ་བ་ནི། རྡོ་དང། བོང་བ་དང། གྱོ་མོ་དང། གསེག་མ་མེད་ཅིང། སྐྲ་དང། ཕུབ་མ་ དང། སོལ་བ་དང། ཐལ་བ་དང། ཚེར་མ་དང། རུས་པ་དང། སྡོང་དུམ་དང། ཟུག་རྡུ་བསལ་བ། གྲོག་སྦུར་དང། སྲིན་བུ་དང། སྲོག་ཆགས་མེད་ཅིང་ཉེས་པ་ཐམས་ཅད་སྤངས་པའི་ གནས་ནི། ལྷ་རྣམས་ལ་རབ་ཏུ་ཤིས་པའོ། །དེ་ལ་ཚེས་གྲངས་དང་རྒྱུ་སྐར་དང། གཟའ་དང། བྱེད་པ་དང། ཡུད་ཙམ་བཟང་པོ་མཚན་མ་དང་ལྡན་པའི་ཉི་མ་ལ་སྔ་དྲོའི་དུས་ཀྱི་ཚེ་ལྟས་ བཟང་པོས་མཚོན་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ཏེ་སའི་ལྷ་མོ་སྦྲན་པའི་ཚིགས་སུ་བཅད་པ་གཉིས་བསྒྲག་པར་བྱའོ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །སྤྱོད་ [192A]༄༅། །པའི་ཚུལ་གྱི་ཁྱད་པར་དང། །ས་དང་ཕ་རོལ་ཕྱིན་དག་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེངྒེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་ བཞིན་བདག་གི་བདུད་ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི་།ས་ལ་ལག་པས་རེག་བྱས་ཤིང། །དེ་ལྟར་ལན་མང་སྦྲན་ནས་ནི་།པུས་མོ་གཉིས་ནི་སར་བཙུགས་ནས། །མེ་ ཏོག་སྤོས་ཀྱི་མཆོད་པ་བྱ། །མཆོད་ནས་སྔགས་པས་དེ་ནས་ནི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ཏེ། །དེ་ནས་ཆོག་འདི་དག་གིས། །མཁས་པས་ས་གཞི་སྦྱང་བར་བྱ། །དེ་ ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་མཚན་མ་མི་མངའ་སྟེ། །ཆོས་ཀྱི་སྐུ་ལ་རྣམ་ པར་བཞུགས། །མཚན་མེད་འདུས་མ་བྱས་པ་ཡི། །མཚུངས་པ་མེད་པའི་ཆོས་སྟོན་ན། །དཔའ་བོ་ཆེན་པོ་ཅི་སླད་དུ། །མཚན་མར་བཅས་པའི་ཆོ་ག་འདི། །གསང་སྔགས་སྤྱད་ ལ་བསྟན་པར་མཛད། །འདི་ནི་ཆོས་ཉིད་ཚུལ་མ་ལགས། །དེ་སྐད་གསོལ་ནས་བཅོམ་ལྡན་འདས། །རྣམ་པར་སྣང་མཛད་ཆེན་པོ་ཡིས། །དེ་ཆེ་ཕྱག་ན་རྡོ་རྗེ་ལ། །ཆོས་ཀྱི་མཚན་ ཉིད་འདི་ཉོན་གསུངས། །ཆོས་ནི་རྟོག་དང་བྲལ་བ་སྟེ། །ཀུན་རྟོག་ཐམས་ཅད་སྤངས་པ་ཡིན། །དེ་ལ་སེམས་དང་སེམས་བྱུང་གི་རྟོག་པ་རབ་ཏུ་སྤོང་བར་འགྱུར། །ང་ཡིས་ཆོས་ [192B] །དེ་ནི་མཁའ་ལས་བྱུང་བ་སྟེ། །ལོག་པར་རྟོག་པའི་སྤྱོད་ཡུལ་བ། །བྱིས་པ་རྣམས་ཀྱིས་མི་ཤེས་སོ། །ཡུལ་དུས་མཚན་མ་ལ་སོགས་པ། །མུན་གྱིས་བསྒྲིབས་ པ་རྣམས་འདོད་དེ། །དེ་དག་གཟུང་བར་བྱ་བའི་ཕྱིར། །ཆོ་ག་འདི་ཡང་བརྗོད་པ་ཡིན། །ཡུལ་མེད་དུས་ཀྱང་མེད་པ་སྟེ། །བྱ་བ་མེད་ཅིང་བྱེད་པ་ཡང། །ཆོས་རྣམས་ཀུན་ལ་ཡོང་མེད་དེ། ། ཆོས་རྣམས་ཉི་ཚེ་འབའ་ཞིག་གོ་གསང་བའི་བདག་པོ་འོན་ཀྱང་ནི་།སེམས་ཅན་དག་ནི་བློ་ཞན་ཅིང། །བྱ་བ་ཙམ་གྱིས་རྨོངས་པ་དག་།དངོས་པོའི་དོན་ལ་ཆགས་པ་རྣམས། །མ་འོངས་ དུས་ན་འབྱུང་བར་འགྱུར། །འདི་ལྟའི་ཚུལ་ནི་མི་ཤེས་པས། །ཡུལ་དང་དུས་དང་བྱ་བ་ལས། །དགེ་དང་མི་དགེའི་མཚན་མ་ཡིས་།རྨོངས་པ་འབྲས་བུ་འདོད་བྱེད་དེ། །སེམས་དཔའ་ཆེན་པོ་དེ་ དག་ཕྱིར། །ཆོ་ག་འདི་ནི་བརྗོད་པ་ཡིན། །གསང་བ་པའི་བདག་པོ་དེ་ལ་ཇི་སྐད་བསྟན་པའི་གནས་གང་ཡང་རུང་བར་ས་གཞི་རབ་ཏུ་འཐས་པར་བཅགས་ཏེ། བའི་ལྕི་བ་ས་ལ་མ་ལྷུང་བ་དང། བའི་ གཅིན་དུ་བསྲེས་པས་བྱུག་གོ་དེ་ནས་སྔགས་འདིས་བསང་གཏོར་བྱས་ཏེ་བསྔགས་སོ། །ན་མཿ་སནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ས་མེ། ག་ག་ན། ས་མ་ཏཱ་ནུ་ག་ཏེ། པྲ་ཀྲྀ་ཏི། བི་ཤུདྡྷེ། དྷརྨ་དྷཱ་ཏུ་བི་ ཤོ་དྷ་ནེ་སཱཧཱ། དེ་ཡི་འོག་ཏུ་སྔགས་པ་ནི། །ལངས་ནས་དེ་ཡི་དབུས་སུ་པ། །པདྨ་དཀར་པོའི་སྟན་ལ་བཞུགས། །ཐོར་ཚུགས་དང་ནི་དབུ་རྒྱན་འཆང། །འོད་ཟེར་ཁ་དོག་སྣ་ཚོགས་པས། ། [193A]༄༅། །ཀུན་ནས་ཡོངས་སུ་བསྐོར་བར་བསམ། །དེ་ནས་རྫོགས་པའི་སངས་རྒྱས་བཞི། །བློ་དང་ལྡན་པས་ཕྱོགས་སུ་བསམ། །དེ་བཞིན་གཤེགས་པ་རིན་ཆེན་ཏོག་ ཉི་མ་འཆར་ཀ་ལྟ་བུར་བསམ། །ལྷོ་རུ་རྒྱལ་བ་དཔའ་བོ་ནི། །མེ་ཏོག་ཀུན་རྒྱས་ཞེས་བྱ་བ། །གསེར་གྱི་ཁ་དོག་འབར་དང་བཅས་།ཉེས་པ་བཅོམ་པ་ཏིང་འཛིན་གནས། །བྱང་ཕྱོགས་ སུ་ནི་མི་འཁྲུགས་པ། །ནང་དང་བྲལ་བ་ཏིང་འཛིན་གནས། །ནུབ་ཕྱོགས་འོད་དཔག་མེད་པ་སྟེ། །རྒྱལ་བ་ལྔ་པོ་འདི་རྣམས་ནི་།བསམས་ཏེ་དེ་ནས་སྔགས་པ་ཡིས། །རྒྱལ་བའི་ གནས་དབུས་འདུག་ནས་ནི། །མི་གཡོ་བདག་ཉིད་ཆེན་པོའམ། །ཡང་ན་འཇིག་རྟེན་གསུམ་རྒྱལ་གྱི། །གསང་སྔགས་དོན་ཀུན་སྒྲུབ་པ་ཡིས། །ས་ནི་ཡོངས་སུ་གཟུང་བར་བྱ། ། དབུས་ཀྱི་དཀྱིལ་འཁོར་བཟང་པོ་དག་ཙནྡན་དག་གིས་བྱ་བ་ནི་།དང་པོར་གཅིག་ནི་ང་ཡི་ཡིན། །གཉིས་པ་སྐྱོབ་པ་ཐམས་ཅད་ཀྱིའོ་།གསུམ་པ་དེ་དང་མཉམ་བྱ་བ། །ཐེ་ཚོམ་ མེད་པར་ཡུམ་གྱི་ཡིན། །བཞི་པ་ལག་ན་པདྨ་སྟེ། །ལྔ་པ་ལག་ན་རྡོ་རྗེའི་ཕྱིར། །དྲུག་པ་མི་གཡོ་མགོན་པོ་སྟེ། །མ་ཟད་འོག་ཏུ་ལེགས་བར་བྱ། །དེ་བཞིན་གཤེགས་རྣམས་རྗེས་ དྲན་ནས། །མེ་ཏོག་སྤོས་ལ་སོགས་ཕུལ་ཏེ། །མཉམ་པར་བཞག་ནས་གུས་པ་རུ། །ཚིག་ཏུ་འདི་སྐད་སྨྲ་བར་བྱ། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །ཐམས་ཅད་བདག་ལ་ [193B] །སྲས་བཅས་སང་གི་གདུགས་འདས་ནས། །ས་གཞི་ཡོངས་སུ་གཟུང་བ་མཛོད། །དེ་སྐད་ཀྱི་ནི་ཚིག་སྨྲས་ནས། །གསང་སྔགས་འདི་ནི་བརྗོད་པར་བྱ། །ན་མཿ་ས་མནྟ་བུདྡྷ་ ནཱཾ། སརྦ་ཏ་ཐཱ་ག་ཏཱ་དཧི་ཥྛཱ་ནཱ་དྷིཥྛེ་ཏེ། ཨ་ཙ་ལེ་བི་མ་ལེ་སྨ་ར་ཎེ། པྲ་ཀྲྀ་ཏེ་པ་རི་ཤུདྡྷེ་སཱཧཱ། དེ་ནས་སྔགས་པ་ལངས་ནས་སུ། །སྙིང་རྗེར་གྱུར་པའི་ཡིད་ཀྱིས་ནི། །ནུབ་ཀྱི་ཕྱོགས་སུ་གནས་ནས་སུ། ། ནང་གི་བདག་ཉིད་རྣམ་དག་པས། །བྱང་ཆུབ་སེམས་ནི་སེམས་བྱེད་ཅིང། །དེ་ཉིད་དུ་ནི་ཉལ་བར་བྱེད། །དེ་ནས་སྔགས་པས་རྨི་ལམ་བལྟ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་ནམ། །ཡང་ན་ སངས་རྒྱས་བཅོམ་ལྡན་འདས། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར་།དཀྱིལ་འཁོར་བྲི་བའི་ལས་རྣམས་ལ། །བདག་ཉིད་ཀུན་རྩོལ་འབད་པའམ། །བདག་ཉིད་ལ་ནི་འདི་སྐད་དུ། །སེམས་ ཅན་ཆེན་པོ་བུ་ཁྱོད་ལེགས། །དཀྱིལ་འཁོར་མྱུར་དུ་བྲིས་ཤིག་ཅེས་།སྤྲོ་བ་བསྐྱེད་པ་མཐོང་བའང་རུང། །དེ་ནས་དེ་ཡི་ཕྱི་དེ་ཉིན། །སློབ་མ་དད་ཅིང་རིགས་བཙུན་པ། །དེ་བཞིན་དཀོན་མཆོག་ གསུམ་ལ་དད། །ཟབ་མོ་ཡི་ནི་བློ་དང་ལྡན། །སྤྲོ་བ་ཆེ་ཞིང་ཚུལ་ཁྲིམས་ལྡན། །བཟོད་དང་ལྡན་ཞིང་སེར་སྣ་མེད། །དཔའ་ལ་ཡི་དམ་བརྟན་པ་ནི། །བྕུའམ་བརྒྱད་དམ་བདུན་ནམ་ལྔ། །གཅིག་ གཉིས་བཞི་ལས་ལྷག་ཀྱང་རུང། །དཔྱད་མི་དགོས་པར་གཟུང་བར་བྱ་།དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་ཞུས་པ། བཅོམ་ལྡན་འདས། དཀྱིལ་འཁོར་འདིའི་མིང་ཅི་ལགས།། [194A]༄༅། །ཅིའི་སླད་དུ་དཀྱིལ་འཁོར་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ། དཀྱིལ་འཁོར་འདི་ནི། སངས་རྒྱས་འབྱུང་བ་སྟེ། དཀྱིལ་ ནི༑ སྙིང་པོ་ཞེས་བྱའོ། །འཁོར་ནི། རྫོགས་པ་ཞེས་བྱ་སྟེ། དེའི་གོང་ན་སྙིང་པོར་གྱུར་པ་གཞན་མེད་པས་ན། དཀྱིལ་འཁོར་ཞེས་བྱའོ། །གསང་བ་པའི་བདག་པོ། འོན་ཀྱང་དཀྱིལ་འཁོར་རྒྱས་ པ་འདི་ནི། སེམས་ཅན་གྱི་ཁམས་མ་ངེས་པ་ཡོངས་སུ་བསྐྱབ་པའི་ཕྱིར་སྙིང་རྗེ་ཆེན་པོ་འབྱུང་བ་ཞེས་བྱ་སྟེ། དེར་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐལ་པ་གྲངས་མེད་པར་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་པ་བྱིན་གྱིས་བརླབས་སོ། །གསང་བ་པའི་བདག་པོ། དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་དེ་ བཞིན་གཤེགས་པ་རྣམས་ནི། སེམས་ཅན་གཅིག་ཕྱིར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན། གཉིས་ཀྱི་ཕྱིར་མ་ཡིན་གསུམ་གྱི་ཕྱིར་མ་ཡིན། འོན་ཀྱང་ཐུགས་རྗེ་ ཆེན་པོའི་དབང་དུ་གྱུར་པ་དག་སེམས་ཅན་གྱི་ཁམས་མ་ལུས་པ་ཡོངས་སུ་བསྐྱབ་པའི་ཕྱིར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་དག་གིས་སེམས་ཅན་གྱི་ཁམས་རྣམ་པ་ དུ་མ་ལ་བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་འཆད་པར་རིག་པར་བྱའོ། །གསང་བ་བའི་བདག་པོ། ཐེག་པ་ཆེན་པོ་ལ་གོམས་པར་མ་བྱས་པ་རྣམས་ནི། གསང་ [194B] སེམས་ལ་དགའ་བའམ། དང་བ་ཅུང་ཟད་ཀྱང་ཡང་དག་པར་མི་སྐྱེའོ། །གསང་བ་པའི་བདག་པོ། གང་དག་གིས་སྔོན་ཐེག་པ་ཆེན་པོ་གསང་སྔགས་ སྤྱད་པའི་ཚུལ་སྒོ་མཐའ་ཡས་སྒྲུབ་པ་ལ་གོམས་པར་བྱས་པ་དེ་དག་ནི། རྡོ་རྗེ་སེམས་དཔའ་ཡིན་ཏེ། དེ་རྣམས་ཉིད་ཀྱི་དོན་གྱི་ཕྱིར་གྲངས་ཀྱི་ཚད་འདི་བྱས་སོ། །འོན་ཀྱང་སློབ་དཔོན་སྙིང་རྗེ་ཆེན་པོ་ དང་ལྡན་པས་སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བར་ཡི་དམ་བཅའ་བ་ཁོ་ནར་བྱ་སྟེ། དེས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུར་འགྱུར་བར་བྱ་བའི་ཕྱིར་སེམས་ཅན་ཚད་མེད་པ་རྣམས་ཡོངས་ སུ་གཟུང་བར་བྱའོ། །དེ་ནས་དེ་དག་བོས་ལ་གསུམ་ལ་སྐྱབས་སུ་གཏང་བར་ཡང་བྱའོ། །སྡིག་པ་མི་བྱ་བའི་ལས་རྣམས་ཀྱང་བསྒོ་བར་བྱའོ། །དེ་ནས་དེ་དག་ལ་སྤོས་དང། མེ་ཏོག་ལ་ སོགས་པ་སྦྱིན་ནོ། །དེ་དག་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་ཡང་འཛིན་དུ་གཞུག་གོ། འཛིན་དུ་བཅུག་ནས་སྔགས་པ་ཡིས། །དེ་ནས་སོ་ཤིང་དག་ཀྱང་སྦྱིན། །རྩེ་གཅིག་ མཉམ་པར་བཞག་པ་དག་ཤར་རམ་བྱང་དུ་ཁ་བསྟན་ཏེ། །ཨུ་དུམ་བ་ར་ཨ་ཤཏྠ། །ཤིན་ཏུ་བཟང་པོ་བསྲུངས་བྱས་ཤིང། །མེ་ཏོག་དྲིལ་སོགས་བསྐུས་པའི། །སོ་ཤིང་དག་ནི་འཆར་ གཞུག་གོ་སེམས་ཅན་སྣོད་རུང་སྣོད་མི་རུང། །བོར་བ་ཉིད་ལས་བརྟག་པར་བྱ། །དེ་ནས་ལག་པ་གཡོན་པ་ལ། །སྐུད་པ་མདུད་པ་གསུམ་ལྡན་པ། །བདག་ཉིད་མཉམ་པར་བཞག་པ་ཡིས། ། [195A]༄༅། །ལེགས་པ་རུ་ནི་བཅིང་བར་བྱ། །དེ་ལྟར་ཡོངས་སུ་བཟུང་ལྡན་པའི། །སློབ་མ་ཉེས་པ་མེད་རྣམས་ལ། །བསམ་པ་བརྟན་པར་བྱ་བའི་ཕྱིར། །འདི་ལྟར་སྤྲོ་ བ་བསྐྱེད་པར་བྱ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །གལ་ཏེ་རྨི་ལམ་དག་ཏུ་ནི། །གཙུག་ལག་ཁང་དང་ ཀུན་དགའ་བཟང། །ཁང་པ་བཟང་པོ་སྣ་ཚོགས་དང། །དེ་བཞིན་དུ་ནི་ཡང་ཐོག་དང། །རལ་གྲི་ཡིད་བཞིན་ནོར་བུ་དང། །གདུགས་དང་མེ་ཏོག་སྣ་ཚོགས་དང། །བུད་མེད་ བཟང་མོ་གོས་དཀར་ཅན། །སྡུག་པའི་གཉེན་དང་བུ་དག་དང། །གླེགས་བམ་དེ་བཞིན་བྲམ་ཟེ་དང། །སངས་རྒྱས་དང་ནི་རང་སངས་རྒྱས་།དེ་བཞིན་རྒྱལ་བའི་ཉན་ཐོས་དང། ། བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །གལ་ཏེ་འབྲས་བུ་ཐོབ་པ་དང། །མཚོ་དང་རྒྱ་མཚོ་ལས་རྒལ་མཐོང། །དེ་བཞིན་དུ་ནི་ནམ་མཁའ་ལས། །བཀྲ་ཤིས་ཡིད་དུ་འོང་བའི་ ཚིག་འདོད་པའི་འབྲས་བུ་འབྱུང་བ་གྲག་དེ་ལ་སོགས་པའི་རྨི་ལམ་ནི། །བཟང་པོ་ཞེས་ནི་བྱ་བར་བརྟག་མཁས་པས་དེ་ལས་ལྡོག་པ་ཡིས། །རྨི་ལམ་ངན་པར་ཤེས་ [195B] ༑བརྟུལ་ཞུགས་བཟང་པོ་ཁྱེད་རྣམས་ཀྱིས། །ནང་པར་ཐམས་ཅད་ང་ལ་ཟློས། །སློབ་མ་དེ་དག་རྣམས་ལ་ནི། །དེ་སྐད་བསྒོ་ནས་ཆོས་ཀྱང་བཤད། །ཐེག་པ་ཆེན་པོ་ཆེར་འབྱུང་བའི།། ལམ་མཆོག་འྡ་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན་།རང་བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཡོད་དང་ མེད་ལས་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཟབ་མོ་རྟོག་གི་ཐམས་ཅད་ཀྱིས། །རབ་ཏུ་མི་རྟོགས་གནས་མེད་པ། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །སྤྲོས་པ་རྣམས་ཀྱིས་རྣམ་ པར་སྤྲོས། །ལས་དང་བྱ་བ་ལ་སོགས་བྲལ། །བདེན་པ་གཉིས་ལ་གནས་པ་ཡིས། །ཐེག་པ་རབ་ཀྱི་མཆོག་འདི་ནི། །ཚུལ་ལ་གནས་ན་ཐོབ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེ་ འཛིན་སྤྲོས་པ་མེད་པར་རྣམ་པར་གནས་པས་འདི་སྐད་ཅེས་གསོལ་ཏོ་།བཅོམ་ལྡན་འདས། དུས་གསུམ་དུ་སྒྲིབ་པ་མ་མཆིས་པའི་ཡེ་ཤེས་ཀྱི་སྡོམ་པ་གང་ལ་བྱང་ཆུབ་སེམས་དཔའ་ རྣམས་གནས་ན། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་འགྱུར་བ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་འཛིན་སྤྲོས་པ་ མེད་པར་གནས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། ལུས་དང། ངག་དང། ཡིད་གཅིག་ཏུ་འཇུག་ཅིང་ཆོས་ཐམས་ཅད་ལ་རྩོམ་པ་མེད་ཅིང་བྱ་བ་མེད་པའི་སྡོམ་པ་གང་ [196A]༄༅། །ཡིན་པ་དེ་རིགས་ཀྱི་བུ་ཉོན་ཅིག་དེ་ཡང་གང་ཞེ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་གི་ལུས་ཡོངས་སུ་གཏོང་བ་གང་ཡིན་པའོ། །དེ་ཅིའི་ཕྱིར་ ཞེ་ན༑ གང་གིས་བདག་གིས་ལུས་ཡོངས་སུ་བཏང་བ་དེས་ནི། དངོས་པོ་གསུམ་ཡོངས་སུ་བཏང་བ་ཡིན་ཏེ། དངོས་པོ་གསུམ་ཡོངས་སུ་བཏང་བ་དེ་ཡང་གང་ཡིན་ཞེ་ན། འདི་ལྟ་སྟེ། ལུས་ དང། ངག་དང། ཡིད་དོ། །རིགས་ཀྱི་བུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ལུས་དང། ངག་དང། ཡིད་གསུམ་གྱི་སྡོམ་པས་བསྡམ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་ དཔའ་རྣམས་ནི། ལུས་དང། ངག་དང། ཡིད་གསུམ་ཡོངས་སུ་མ་བཏང་བར་བསླབ་པ་འཛིན་པར་མི་བྱེད་དོ། །དེ་ནས་ཕྱི་དེ་ཉིན་པར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་བྱས་ ཏེ་བདག་ཉིད་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ་བུམ་པ་སྤོས་ཆུས་བཀང་བ་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས་མངོན་པར་བསྔགས་ཏེ་སྒོ་དང་པོར་བཞག་ལ། མཁས་ པས་སྐྱེ་བོ་ཀུན་ལ་དེས་བསང་གཏོར་བྱའོ། །དེ་ནས་སེམས་སྦྱང་བའི་ཕྱིར་སྤོས་ཆུ་གཙང་མ་བླུད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །དཀྱིལ་འཁོར་གྱི་ནི་ སློབ་དཔོན་དག་གསང་སྔགས་སྒྲུབ་ལ་འབད་པ་ན། །གང་གིས་དུས་སུ་དཀྱིལ་འཁོར་དག་སེམས་དཔའ་ཆེན་པོ་བྱིན་རློབ་པའི། །དུས་དང་ཆོད་ནི་ཀུན་མཁྱེན་པ། །སྨྲ་བའི་མཆོག་གིས་ [196B]དེ་སྐད་གསོལ་ནས་བཅོམ་ལྡན་གྱིས། །རྡོ་རྗེ་འཛིན་ལ་བཀའ་སྩལ་པ། །དཀྱིལ་འཁོར་དོན་དུ་གཉེར་བ་ལ། །རྟག་ཏུ་མཚན་མོ་བྲི་བར་བྱ།། །།བམ་པོ་གཉིས་ པ་ལག་ན་རྡོ་རྗེ་དེ་ནས་སློབ་དཔོན་གྱིས་སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ལ་མཚོན་སྣ་ལྔའི་སྲད་བུ་ཐོགས་ཏེ་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ ལ༑ ཤར་དུ་སྲད་བུ་བྲི་བ་ནི། །ལྟེ་བའི་ཐད་ཀར་བཟུང་ནས་ནི་།བར་སྣང་ལ་ནི་གཟུང་བར་བྱ། །དེ་ནས་ལྷོ་ཕྱོགས་སོང་ནས་སུ་།བྱང་ཕྱོགས་སུ་ནི་བྲི་བར་བྱ། །དེ་ནས་སྲད་བུ་གཉིས་པ་ནི། ། རང་གིས་བླངས་ནས་དེ་ཉིད་དུ། །དེ་བཞིན་གཤེགས་པ་རྗེས་དྲན་ཞིང། །ཤར་ཕྱོགས་བལྟས་ཏེ་བྲི་བར་བྱ། །དེ་ནས་ལྷོ་ཕྱོགས་སོང་ནས་ནི། །བྱང་ཕྱོགས་སུ་ནི་བྲི་བར་བྱ། །བློ་ལྡན་དེ་ནས་ སླར་ལོག་ནས། །བདེན་བྲལ་ཕྱོགས་སུ་གནས་ནས་ནི། །བྱང་ཕྱོགས་སུ་ནི་བྲི་བར་བྱ། །དེ་ནས་གཡས་སུ་བསྒྱུར་བར་བྱ། །བསྒྱུར་ཏེ་དེ་རུ་འདུག་ནས་སུ། །ལྷོ་ཕྱོགས་སུ་ནི་བྲི་བར་བྱ། །དེ་ནས་ གནས་ཏེ་བཏང་ནས་སུ། །མེ་ཡི་ཕྱོགས་སུ་གནས་ནས་ནི། །སྔགས་པས་གསང་སྔགས་ཆོ་གར་གནས། །ཤར་དུ་སྲད་བུ་བྲི་བར་བྱ། །དེ་ནས་དེ་བཞིན་དབང་ལྡན་ཕྱོགས། །སོང་ནས་ནུབ་ཏུ་ ཁ་བལྟས་ཏེ། །རླུང་གི་ཕྱོགས་ཀྱི་བར་དུ་ནི། །བྱང་ཕྱོགས་སུ་ནི་བྲི་བར་བྱ། །སྔགས་པ་ཡིས་ནི་དེ་ལྟ་བུར། །ཀུན་ནས་གྲུ་བཞི་ལྷམ་པར་བྱ། །དེ་ནས་དབུས་སུ་ཞུགས་ནས་སུ། །དེ་ལ་ཆ་ནི་ [197A]༄༅། །གསུམ་དུ་བརྟག་ས་རྣམས་ཐམས་ཅད་ཀུན་ཏུ་ཡང། །ཆ་གསུམ་དག་ཏུ་བརྟགས་ན་ནི། །ཆ་རྣམས་ཀྱང་ནི་རེ་རེ་ལ། །ཆ་གསུམ་དུ་ནི་རབ་ཏུ་བརྟག་ཆ་གཅིག་ གིས་ནི་བསྐོར་བ་ཡི། །འཁོར་བར་བྱས་ཏེ་ལྷག་མ་ཡི། །ཆ་གཉིས་པོ་ནི་ལྷ་ཉིད་ཀྱི། །གནས་སུ་ངེས་པར་བྱ་བ་ཡིན། །བློ་དང་ལྡན་པས་ཕྱོགས་བཞི་རུ། །སོ་སོའི་ཕྱོགས་ཆར་སྒོ་ཁྱུད་ ནི༑ ༑སྡོམ་བརྩོན་ཅན་གྱིས་ནན་ཏན་དུ། །ལྷ་རྣམས་གཙོ་བོའི་གནས་སུ་བྱ། །དེ་ལྟར་རིམ་པར་ལེགས་ཕྱེ་བ། །འདི་དག་ཐམས་ཅད་བྱས་ནས་ནི། །དབུས་སུ་པདྨ་དཀར་པོ་མཆོག་དེ་ ནི་སྙིང་པོ་ཞེས་སུ་བསྒྲགས། །དཀྱིལ་འཁོར་སྙིང་པོ་འབྱུང་བ་ཀུན། །དེས་ནི་སྙིང་པོ་ཅན་དུ་བྱས། །དེ་ཡི་ཚད་ཀྱང་སོར་བཅུ་དྲུག་ཡན་ཆད་དུ་ནི་བཤད་པ་ཡིན། །འདབ་མ་བརྒྱད་པ་ ལེགས་པར་རྫོགས། །ཟེ་བར་ལྡན་པ་ཤིན་ཏུ་བཟང། །འདབ་མའི་བར་ནི་ཐམས་ཅད་དུ། །ཀུན་ནས་རྡོ་རྗེ་བྲི་བར་བྱ། །དེ་ཡི་སྙིང་པོའི་དབུས་སུ་ནི། །རྒྱལ་མཆོག་གཙོ་བོ་གསེར་གྱི་མདོག་ འབར་བཅས་ཐོར་ཚུགས་དབུ་རྒྱན་ཅན། །འོད་ཟེར་དག་གིས་ཀུན་ནས་བསྐོར། །མགོན་པོ་ནད་དང་བྲལ་བ་ནི། །ཏིང་ངེ་འཛིན་དུ་གནས་པར་བྲི། །དེ་ཡི་ཤར་དུ་བློ་ལྡན་གྱིས། །སངས་ རྒྱས་རྣམས་ཀྱི་ཕྱག་རྒྱ་ནི། །གྲུ་གསུམ་ཐམས་ཅད་ཐལ་དཀར་ཉིད། །པདྨའི་སྟེང་གནས་འཁོར་ཡུག་ཏུ། །འོད་ཟེར་དཀར་པོས་ཡོངས་བསྐོར་བ། །རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ། ། [197B][?]ཡི་བྱང་དུ་མཁས་རྣམས་ཀྱིས། །སྐྱོབ་པ་དག་ནི་ཀུན་གྱི་ཡུམ། །གསེར་གྱི་མདོག་ཅན་འབར་དང་བཅས། །ན་བཟའ་དག་ནི་དཀར་པོ་མནབས། །ཀུན་ཏུ་རྣམ་པར་སྣང་མཛད་པ། ། ཏིང་ངེ་འཛིན་དུ་གནས་པར་བྲི། །མགོན་པོ་དེ་ཡི་བྱང་ཕྱོགས་སུ་།སྤྱན་རས་གཟིགས་དབང་དཔའ་བོ་ནི། །པདྨ་དཀར་པོའི་སྟན་ལ་འདུག་།དུང་དང་ཀུན་ད་ཟླ་བ་འདྲ། །དབུ་ལ་འོད་ དཔག་མེད་བཞུགས་པ། །བཞིན་ནི་བག་ཙམ་འཛུམ་པར་བྲི། །དེ་ཡི་གཡས་སུ་ལྷ་མོ་ནི། །སྒྲོལ་མ་གྲགས་པ་ཆེན་མོ་དེ། །དགེ་ཞིང་འཇིགས་པ་སེལ་བ་སྟེ། །སྔོ་བསངས་མོ་ལ་ སྣ་ཚོགས་གཟུགས། །བུད་མེད་དར་ལ་བབ་པའི་ཚད། །ཐལ་སྦྱར་མེ་ཏོག་ཨུཏྤལ་ཐོགས། །འོད་ཟེར་དག་གིས་ཀུན་བསྐོར་ཅིང། །གོས་ནི་དཀར་པོ་གྱོན་པར་བྲི། །གཡོན་དུ་ལྷ་ མོ་ཁྲོ་གཉེར་ཅན། །སྔགས་དེའི་ཕྲེང་བ་ལག་ན་འཆང། །མིག་གསུམ་པ་ལ་ཐོར་ཚུགས་ཅན། །ཁ་དོག་མདོག་ནི་དཀར་མོ་ལ། །འོད་ཟེར་དཀར་པོ་སེར་པོ་དང། །དམར་པོ་རྣམས་ ཀྱིས་བསྐོར་བར་བྲི། །ཁྲོ་གཉེར་ཅན་དང་ཉེ་བར་ནི། །མཐུ་ཆེན་ལག་ན་པདྨ་ཐོགས། །བརྩེ་བ་ཆེན་པོ་གོས་དཀར་གྱོན། །འོད་ཟེར་དག་གིས་བསྐོར་བ་ཡིས། །དཔའ་བོ་ཡང་དག་བྲི་ བར་བྱ༑ ༑དེ་ཡི་པདྨ་ཁ་མ་བྱེ། །དེ་ཡི་དྲུང་དུ་བློ་ཅན་གྱིས་།རིག་སྔགས་ལྷ་མོ་གྲགས་ལྡན་མ། །གསེར་གྱི་ཁ་དོག་ལྟ་བུ་ཅན་།རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །ལག་པ་གཡོན་པས་བྲི་ཡང་ཀུའི། ། [198A]༄༅། །སྙེ་མ་ཡིད་འོང་འཛིན་པར་བྲི། །སྒྲོལ་མ་ཡི་ནི་ཉེ་འཁོར་དུ། །བློ་དང་ལྡན་པས་གོས་དཀར་མོ། །ཐོར་ཚུགས་ཅན་ལ་གསོད་དཀར་གྱོན། །ལག་ན་པདྨ་ཐོགས་ པར་བྲི༑ ༑དེ་ཡི་འོག་ཏུ་སྔགས་པ་ཡིས། །རིག་སྔགས་རྒྱལ་པོ་སྟོབས་པོ་ཆེ། །ཁ་དོག་ཉི་མ་འཆར་ཀ་བཞིན། །པདྨ་དཀར་པོས་རྣམ་པར་བརྒྱན། །འབར་བའི་ཕྲེང་ཅན་མི་བཟད་ ཅིང། །སྤུ་དག་སེངྒེ་ལྟར་འདུག་པ། །སྤྱན་རས་གཟིགས་དབང་བློ་ལྡན་གྱི། །རྟ་མགྲིན་ཅན་ཞེས་གྲགས་པ་བྲི། །སངས་རྒྱས་རྣམས་ཀྱི་ལྷོ་ཕྱོགས་སུ། །བྱང་ཆུབ་སེམས་དཔའ་ སྐྱོབ་རྣམས་ཀྱི། །ཕྱག་རྒྱ་ཡིད་བཞིན་ནོར་བུ་ཞེས། །གྲགས་པ་སྐལ་བ་ཆེན་པོ་ཅན། །རེ་བ་ཐམས་ཅད་རྫོགས་བྱེད་པ། །པདྨ་དཀར་ལ་འདུག་པར་བྲི། །མགོན་པོ་རྣམ་སྣང་ མཛད་ཆེན་གྱི། །ལྷོ་ཡི་ཕྱོགས་སུ་རྡོ་རྗེ་འཛིན། །རེ་བ་ཐམས་ཅད་སྐོང་བྱེད་པ། །མདོག་ནི་པྲི་ཡང་ཀུ་ལྟ་བུར། །ལྗང་སེར་རམ་ནི་མརྒད་ལྟར། །སྔོ་བསངས་མགོན་པོ་དབུ་རྒྱན་ ཅན༑ ༑སེམས་དཔའ་ཆེན་པོ་རྒྱན་ཀུན་གྱིས། །རྣམ་པར་བརྒྱན་ཅིང་མཐའ་ཡས་པར། །འཇུག་པ་རྒྱ་ཆེན་རྡོ་རྗེ་བཅས། །འོད་ཟེར་དག་གིས་བསྐོར་བར་བྲི། །དེ་ཡི་གཡས་སུ་ལྷ་ མོའི་མིང། །མཱ་མ་ཀཱི་ཞེས་བྱ་བ་དེ། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །ལག་ན་རྡོ་རྗེ་ཐོགས་པར་བྲི། །དེ་ཡི་འོག་ཏུ་ལྷ་མོ་བྲི། །རྡོ་རྗེའི་རྩེ་མོ་སྟོབས་ཆེན་ཏེ། །ཕོ་ཉ་རྣམས་ཀྱིས་ཡོངས་ [198B] །བཞིན་ནི་བག་ཙམ་འཛུམ་པར་བྲི། །གཡོན་རོལ་དུ་ནི་སྔགས་པ་ཡིས། །རྡོ་རྗེ་ལུ་གུ་རྒྱུད་ཅེས་པ། །ལག་ན་རྡོ་རྗེ་ལུ་གུ་རྒྱུད། །རང་གི་ཕོ་ཉ་རྣམས་ཀྱིས་བསྐོར། །པྲི་ཡང་ཀུ་ལྟར་ལྗང་སེར་ མདོག་རྡོ་རྗེའི་མཚན་མས་ལེགས་མཚན་བྲི། །ལག་ན་རྡོ་རྗེའི་འོག་ལོགས་སུ། །ཁྲོ་ཟླ་གཙོ་བོ་ཞེས་བྱ་བ། །བགེགས་ཆེན་དགྲ་ནི་ཞི་བྱེད་པ། །ཁྲོ་བོ་འཇིག་རྟེན་གསུམ་དུ་གྲགས། །མིག་ གསུམ་མཆེ་བ་བཞི་པ་སྟེ། །ཁ་དོག་དབྱར་གྱི་ཆར་སྤྲིན་འདྲ་།རབ་ཏུ་རྒོད་པའི་སྒྲ་ཡང་འབྱིན། །རྡོ་རྗེའི་རྒྱན་གྱིས་རྣམ་པར་བརྒྱན། །འཁོར་ནི་མཐའ་ཡས་ཁྲོ་བོ་ཡིས། །དབང་ཕྱུག་རྣམས་ཀྱིས་ ཡོངས་བསྐོར་བ། །ལག་པ་སྟོང་ཕྲག་བརྒྱ་དག་ནི། །མཚོན་ཆ་སྣ་ཚོགས་ཐོགས་ཤིང་གདེངས། །ཁྲོ་བོ་ཆེན་པོ་འདི་འདྲ་པ། །པདྨའི་སྟེང་ན་འདུག་པར་བྲི། །དེ་ཡི་ནུབ་ཏུ་སོང་ནས་ནི། །རྡོ་རྗེ་འཛིན་ པ་མང་པོ་བྲི། །ལག་ན་མཚོན་ཆ་སྣ་ཚོགས་ཐོགས། །ཁ་དོག་སྣ་ཚོགས་སྟོབས་པོ་ཆེ། །འོད་ཟེར་དག་གིས་ཡོངས་བསྐོར་བ། །སེམས་ཅན་ཀུན་དོན་བྱེད་པ་བྲི། །གསང་སྔགས་མགོན་པོའི་འོག་ ལོགས་སུ། །བདེན་བྲལ་གྱི་ནི་ཕྱོགས་ཀྱི་ཆར། །མི་གཡོ་ཞེས་བྱ་ལག་ན་ནི། །རལ་གྲི་ཞགས་པ་ལེགས་པར་ཐོགས། །ཟུར་ཕུད་སྤྱི་བོ་གཡོན་དུ་འཕྱང། །རབ་ཏུ་བརྒྱན་ཅིང་མིག་གཅིག་ཡོ། །རང་ གི་འོད་ཀྱི་ནང་ན་གནས། །ཁྲོ་དང་བཅས་པ་བྲག་ལ་འདུག་བཞིན་ནི་ཁྲོ་གཉེར་རབ་ཏུ་བསྙེར། །བྱིས་པའི་གཟུགས་ཅན་མཁྲང་བག་ཅན། །བྲིས་ནས་བློ་ལྡན་རླུང་ཕྱོགས་སུ། །སོང་ནས་ [199A]༄༅། །བཅོམ་ལྡན་འདས་ཀྱི་ནི། །ཁྲོ་བོ་འཇིག་རྟེན་གསུམ་ལས་རྒྱལ། །འབར་བའི་ཕྲང་ཅན་མི་བཟད་པ། །ལག་ན་རྡོ་རྗེ་རྩེ་ཕྲན་རྒྱལ། །བཀའ་ལུང་ནོད་པ་ལྟར་འདུག་ ཅིང། །ཟད་པའི་དུས་དང་འདྲར་གནས་པ། །ནན་ཏན་ཉིད་དུ་བྲི་བར་བྱ། །དེ་ལྟར་ནང་དུ་བྲི་བ་ནི། །རྒྱན་དང་བཅས་པར་བཤད་པ་ཡི། །དེ་ནས་སྔགས་པ་ཕྱིར་བྱུང་ནས། །ངེས་པར་ གཉིས་པའི་ཆ་དག་ལ། །ཤར་གྱི་ཕྱོགས་ཀྱི་ནང་དུ་ནི། །ཆ་ནི་གཉིས་སུ་ཕྱེ་བ་ལ། །སྒོ་ཁྱུད་ཀྱི་ན་ནིང་རོལ་དུ། །སྔགས་པས་རྒྱལ་བ་ཤཱཀྱ་ཐུབ། །གསེར་གྱི་ཁ་དོག་འབར་དང་ བཅས༑ ༑མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན། །མགོན་པོ་ན་བཟའ་དུར་སྨྲིག་མནབས། །ཁྱབ་བདག་བསྟན་པའི་དོན་མཛད་པ། །པདྨ་དཀར་པོའི་སྟན་ལ་བཞུགས། །ཆོས་ འཆད་ཚུལ་དུ་བཞུགས་པར་བྲི། །དེ་ཡི་གཡས་སུ་ལྷ་མོ་ནི། །སངས་རྒྱས་སྤྱན་ཞེས་བྱ་བ་སྟེ། །ལྷ་མོ་ཅུང་ཟད་འཛུམ་པའི་ཞལ་།འོད་ཀྱི་དཀྱིལ་འཁོར་འདོམ་གང་བ། །མཚུངས་ མེད་སྐུ་ནི་རབ་ཏུ་དྭངས། །དེ་ནི་ཤཱཀྱ་ཐུབ་པའི་ཡུམ། །དེ་ཡི་གཡས་སུ་ལྷ་མོ་ནི། །རིགས་སྔགས་མཛོད་སྤུ་ཞེས་གྲགས་པ་།པདྨའི་སྟེང་ན་འདུག་པ་སྟེ། །དུང་ཟླ་ཀུན་ད་ལྟ་བུའི་མདོག་ ལག་ན་ཡིད་བཞིན་ནོར་བུ་ཐོགས། །རེ་བ་ཀུན་རྫོགས་བྱེད་པ་བྲི། །དེ་ནས་སྔགས་པས་གཡོན་རོལ་ཏུ། །ཤཱཀྱ་སེངྒེ་སྐྱོབ་པ་ཡི། །གཙུག་ཏོར་གཟི་ཅན་བརྩོན་འགྲུས་ཆེ། །གདུགས་ [199B]གཙུག་ཏོར་རྣམ་པར་རྒྱལ་ཉིད་དང། །གཟི་བརྗིད་ཕུང་པོ་སྐལ་ཆེན་དང། །རྣམ་པར་འཐོར་ཞེས་རྣམ་གྲགས་པ། །ལྔ་པོ་ཡང་དག་བྲི་བར་བྱ། །ཤཱཀྱ་ཐུབ་ ནི་མཐུ་ཆེན་གྱི། །གཙུག་ཏོར་ལྔ་པོ་འདི་དག་ནི། །གནས་རྣམས་ལྔ་རྣམས་ཉིད་དུ་ནི། །རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ། །དེ་ཡི་བྱང་དུ་སོང་ནས་སུ། །གནས་གཙང་རྣམས་ནི་བྲི་བར་བྱ། ། དབང་ཕྱུག་ཀུན་ཏུ་མེ་ཏོག་དང། །འོད་ཀྱི་ཕྲེང་བ་ཉིད་དང་ནི་།ཡིད་མགྱོགས་དང་ནི་རྣམ་གྲངས་ཏེ། །དེ་དག་ཐམས་ཅད་ལེགས་པར་བྲི། །མཛོད་སྤུ་ཡི་ནི་གཡས་ལོགས་སུ། །གཙུག་ ཏོར་ཆེན་པོ་ཆེར་འབྱུང་དང། །དེ་བཞིན་གྱེན་དུ་འབྱུང་ཉིད་དང་།སྒྲ་དབྱངས་མཐའ་ཡས་པ་ཡང་སྟེ། །གཙུག་ཏོར་གསུམ་པོ་ཁོ་ན་ནི། །བསྒྲིམས་ཏེ་ཡང་དག་བྲི་བར་བྱ། །གཙུག་ཏོར་ལྔ་ པོ་སྟོབས་ཅན་རྣམས། །དཀར་པོ་སེར་སྐྱ་སེར་པོར་བྱ། །མཐུ་ཆེན་གཙུག་ཏོར་ལྔ་པོ་ཡི། །གསུམ་པོ་གཞན་ནི་དཀར་པོ་དང། །སེར་པོ་དང་ནི་དམར་པོར་བྱ། །ཀུན་ཀྱང་འོད་ཟེར་མང་པོ་ཅན། ། རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡིན། །དེ་དག་སྨོན་ལམ་སྟོབས་ཆེན་དེ། །རེ་བ་ཐམས་ཅད་རྫོགས་བྱེད་པའོ། །དེ་ནས་སྔགས་པས་མེ་ཕྱོགས་སུ། །མེ་ནི་དྲང་སྲོང་ཆེ་རྣམས་དང། །བཅས་ཤིང་མེ་ ཡི་ནང་ན་འདུག་ཐལ་བའི་སོལ་རིས་གསུམ་གྱིས་མཆན། །དཔའ་བོ་ཐམས་ཅད་རབ་ཏུ་དམར། །སྙིང་ག་སུམ་མདོ་རིས་མཚན་ཅིང། །མེ་ལྕེ་འབར་བའི་དབུས་ན་འདུག་བགྲང་ཕྲེང་ [200A]༄༅། །གུནྡྷེ་ཐོགས་པར་བྲི། །དེ་ནས་ལྷོ་ཡི་ཕྱོགས་ཀྱི་ཆར་།གཤིན་རྗེ་གཙོ་བོ་ལག་པ་ན། །དབྱུག་པ་ཐོགས་ཤིང་མ་ཧེ་ཞོན་།ཁ་དོག་དབྱར་གྱི་ཆར་སྤྲིན་འདྲ། །མ་མོ་ རྣམས་དང་དུས་མཚན་དང། །འཆི་བདག་རྣམས་ཀྱིས་བསྐོར་བར་བྲི་།བདེན་བྲལ་ཕྱོགས་སུ་བདེན་བྲལ་ནི། །ལག་ན་རལ་གྲི་འཛིན་པ་བྲི་།དེ་ནས་ཀྱང་ནི་བློ་ལྡན་པ། །མྱུར་དུ་བྱང་གི་ ཕྱོགས་སོང་སྟེ། །ལྷ་ཡི་རྒྱལ་པོ་རི་རབ་ལ། །འདུག་ཅིང་ལྷ་རྣམས་ཀྱིས་བསྐོར་བ། །ལག་ན་རྡོ་རྗེ་ཅོད་པན་ཅན། །རྒྱན་རྣམས་ཀུན་གྱིས་བརྒྱན་པར་བྲི། །དེ་ནས་ཡི་ཤར་དུ་ནི། །ཆུ་ལྷ་ ལག་ན་ཞགས་ཐོགས་བྲི། །དེ་ཡི་ཡང་ནི་ཤར་ཕྱོགས་སུ། །ཉི་མ་ཤིང་རྟའི་སྟེང་འདུག་བྲི། །དེ་ཡི་གཡས་དང་གཡོན་དུ་ནི། །རྒྱལ་དང་རྣམ་པར་རྒྱལ་བ་བྲི། །དེ་ཡི་གཡས་སུ་ཚངས་ པ་ནི༑ ༑གདོང་བཞི་པ་ལ་ཐོར་ཚུགས་ཅན། །ཨོཾ་ཞེས་བྱ་བ་ལྷུར་ལེན་པ། །ངང་པ་པདྨའི་སྟན་འདུག་བྲི། །དེ་ཡི་ནུབ་ཏུ་བྲི་བ་ནི་།ས་ཡི་ལྷ་དང་དབྱངས་ཅན་དང། །ཁྱབ་འཇུག་སྐེམ་ བྱེད་དེ་བཞིན་རླུང། །བདེ་བྱེད་དེ་བཞིན་ཟླ་བ་སྟེ། །ནུབ་ཀྱི་ཕྱོགས་སུ་གནས་ནས་ནི། །རབ་ཏུ་ནན་ཏན་བྱ་སྟེ་བྲི། །བྲིས་ནས་སྔགས་པས་དེ་ནས་ནི། །ཡིད་ལ་འཁྲུལ་པ་མེད་པ་རུ། །གསང་ སྔགས་མགོན་པོའི་འོག་ལོགས་སུ། །ཁྲོ་ཆེན་གཞན་གྱིས་མི་ཐུབ་ཅེས་།བྱ་བ་ཉིད་དང་ལྷ་མོ་ནི། །གཞན་གྱིས་མི་ཐུབ་མ་དང་ནི། །ས་བདག་ལག་ན་བུམ་པ་ཐོགས། །གུས་པར་ཡང་ [200B] །ཀླུ་ཆེན་དགའ་བོ་བསྙེན་དགའ་དག་།ཤཱཀྱ་སེངྒེ་སྐྱོབ་པ་ཡི། །སྒོ་དྲུང་གཉིས་སུ་མངོན་ཕྱོགས་པར། །རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ། །གཞན་ཡང་ཤཱཀྱ་ཐུབ་པ་ ཡིས༑ ༑རྒྱུད་རྣམས་ཀུན་ལས་དཀྱིལ་འཁོར་དུ། །སྔགས་དང་ཕྱག་རྒྱས་གང་བཤད་པ། །དེ་དག་ཀྱང་ནི་མཁས་པས་བྲི། །སྔགས་པ་དེ་ནས་ཕྱིར་བྱུང་ནས། །ཆ་གསུམ་པ་ནི་ངེས་ པ་ལ༑ ༑རྡོ་རྗེ་དམ་པ་སྦྱིན་པ་ནི། །གུར་གུམ་ལྟ་བུའི་མདོག་ཅན་དེ། །སྤྱི་བོར་ཟུར་ཕུད་ལྔ་དང་ལྡན། །བྱིས་པ་གཞོན་ནུའི་གཟུགས་ཅན་ལ། །ཨུཏྤལ་སྔོན་པོ་རྡོ་རྗེ་ཅན། །ལག་པ་ གཡོན་ན་ཐོགས་པ་སྟེ། །པདྨ་དཀར་པོའི་སྟན་ལ་འདུག་རབ་ཏུ་འཛུམ་པ་བཞིན་དུ་གནས། །འོད་ཟེར་མཚན་ཉིད་བཟང་པོ་ཡིས། །ཀུན་ཏུ་འཁོར་བར་སྔགས་པས་བྲི། །དེ་ཡི་ བྱང་དུ་གཞོན་ནུ་ནི། །དྲ་བའི་འོད་ཅན་ལག་པ་ན། །རིན་ཆེན་དྲ་བ་ཐོགས་པ་སྟེ། །སྣ་ཚོགས་པ་ཡི་རྒྱན་གྱིས་བརྒྱན། །པདྨ་དམར་པོའི་སྟན་ལ་འདུག་རྒྱལ་བའི་སྲས་ལ་ལྟ་བར་བྲི། ། རྡོ་རྗེ་དམ་པ་སྦྱིན་པ་ཡི། །གཡོན་དུ་ཕོ་ཉ་མོ་ལྔ་བྲི། །སྐྲ་ཅན་དང་ནི་ཉེ་སྐྲ་ཅན། །སྣ་ཚོགས་མ་དང་ནོར་ཅན་མ། །དེ་བཞིན་འགུགས་མ་ཞེས་བྱ་བ། །འདི་དག་བློ་ལྡན་ཕོ་ཉ་མོ། །དེ་དག་གི་ ནི་ཕ་ཟད་དུ། །ཕྱག་བརྙན་མ་ནི་ལྔ་རྣམས་དང། །གཞོན་ནུ་དྲ་བའི་འོད་ཅན་གྱི། །འཁོར་གཉིས་པོ་ཡང་བྲི་བར་བྱ། །དེ་ནས་སྔགས་པས་ལྷོ་ཕྱོགས་སུ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་པོ། ། [201A]༄༅། །སྒྲིབ་པ་ཐམས་ཅད་རྣམ་སེལ་གཙོ། །ཡིད་བཞིན་ནོར་བུ་ཐོགས་པར་བྲི། །དེ་ཡི་ཆ་གཉིས་བོར་ནས་ནི། །དཔའ་བོ་ངོ་མཚར་ཅན་དང་ནི། །སེམས་ཅན་ཀུན་ལ་མི་འཇིགས་ སྦྱིན༑ ༑དན་སོང་ཐམས་ཅད་སྤོང་བ་དང། །དེ་བཞིན་སྐྱོང་སེམས་བློ་གྲོས་དང། །བློ་ཅན་སྙིང་རྗེས་གདུངས་པ་དང། །བྱམས་པ་སྔོན་དུ་འབྱུང་བ་དང། །གདུང་བ་ཐམས་ཅད་ཞི་བྱེད་དང། ། དེ་བཞིན་བློ་གྲོས་བསམ་ཡས་ཏེ། །མཁས་པ་བརྒྱད་པོ་བྲི་བར་བྱ་།བྱང་གི་ཕྱོགས་སུ་སོང་ནས་ནི། །ས་ཡི་སྙིང་པོ་འབར་དང་བཅས་།བཟོད་དང་དེས་པ་ཕུན་ཚོགས་བྲི། །དེ་ཡི་སྟན་ནི་ མཁས་པ་ཡིས། །འབྱུང་ཁུངས་ཀུན་དང་ལྡན་པ་ཡིས། །རིན་ཆེན་ཀུན་གྱིས་ཉེར་བརྒྱན་པ། །དེ་ཡི་སྟེང་ན་རིན་ཆེན་བཞིའི། །པདྨ་ཡང་དག་གནས་པ་ཡི། །ཡིད་དུ་འོང་བ་བསམ་བྱ་སྟེ། །བྱང་ ཆུབ་སེམས་དཔའ་གྲགས་ཆེན་པོ། །དེ་ཡི་སྟེང་ན་འདུག་པར་བྲི། །དེ་ཡི་འཁོར་ནི་ཡོན་ཏན་སྒོ། །མཐའ་ཡས་ཤིན་ཏུ་གྲངས་མེད་དོ། །དེ་ཡི་ནང་ན་བྱང་ཆུབ་སེམས། །རིན་ཆེན་འབྱུང་གནས་ རིན་ཆེན་ལག་ས་འཛིན་ཉིད་དང་ལག་དང་ནི། །རིན་ཆེན་ཕྱག་རྒྱ་ཅན་དང་ནི། །ལྷག་པའི་བསམ་པ་བརྟན་པ་ཉིད། །གྲགས་ཆེན་འདི་དག་བྲི་བར་བྱ། །དེ་བཞིན་སྔགས་པས་ནུབ་ཕྱོགས་སུ་ དཔའ་བོ་ནམ་མཁའི་སྙིང་པོ་ནི། །གཟི་བརྗིད་ཆེན་པོ་གོས་དཀར་གྱོན། །ལག་ན་རལ་གྲི་ཐོགས་བསམ་སྟེ། །རྒྱལ་སྲས་པདྨའི་སྟན་སྟེང་ན། །ལེགས་པར་འདུག་པ་བྲི་བར་བྱ། །བདག་ཉིད་ [201B] །གྲགས་པ་དག་ཀྱང་བྲི་བར་བྱ། །དེ་འཁོར་དཔའ་བོ་ཆེན་པོ་ནི། །ནམ་མཁའ་དྲི་མེད་བློ་གྲོས་མཁའ། །བློ་གྲོས་རྣམ་དག་ཉིད་དང་ནི། །སྤྱོད་པ་ཡི་ནི་བློ་གྲོས་དང། །བློ་བརྟན་པ་ ཞེས་བྱ་བ་སྟེ། །དེ་དག་རབ་ཏུ་བསྒྲིམས་བྲི་ཞིང། །རྟག་ཏུ་དཔའ་བོ་འདི་རྣམས་དང། །ལྷན་ཅིག་གོ་རིམ་བཞིན་དུ་བསམ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཐམས་ཅད་དང་ ལྡན་པའི་འཁོར་རྣམས་ལ་བལྟས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་རིང་ཞིག་ཏུ་མིག་མི་འཛུམ་པར་བལྟས་ཏེ་ཆེད་དུ་གླེང་བ་འདི་གླེང་ཞིང་ཚིག་ཏུ་སྨྲས་པ། འཇིག་རྟེན་དུ་ནི་ཀུན་ མཁྱེན་རྣམས། །ཨུ་དུམ་བཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག་འབྱུང་འགྱུར་ཡང་ནི་མི་འབྱུང་ངོ། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །བསྐལ་ པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིད་པར་གྱུར་པ་གང། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན་།གྲགས་པ་མཐའ་ཡས་སྔགས་སྤྱད་པའི། །ཚུལ་ལ་གནས་ན་ སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་ རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །དེའི་ཚེ་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང། རྡོ་རྗེ་འཇིན་དེ་དག་གིས་མགྲིན་གཅིག་ཏུ་མཐུན་པར་ཚིག་སྨྲས་པ། གསང་སྔགས་སྤྱོད་ [202A]༄༅། །པའི་དབང་གྱུར་པ། །དཔའ་བོ་ཆེན་པོ་ལེགས་སོ་ལེགས་།ཁྱོད་ཀྱི་ཡིད་ལ་གང་བསམ་པ། །མཉམ་མེད་ཐམས་ཅད་མཁྱེན་ལ་ཞུས། །སྔགས་རྒྱུད་རྟོགས་ པར་ཤེས་བ་ཡི། །བྱང་ཆུབ་སེམས་དཔའ་གཞན་རྣམས་དང། །སྔགས་སྤྱད་འབྲས་བུ་ལ་གནས་པ། །བདག་ཅག་ཐམས་ཅད་དབང་དུ་གྱུར། །དེ་ནས་ཡང་བཅོམ་ལྡན་འདས་ལ་ ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཚོན་ཞེས་བགྱི་བ་དེ་གང་ལགས། །ཅི་སླད་འདིར་ནི་ཚོན་ཞེས་བགྱི། །ཚོན་ནི་ཇི་ལྟར་དགྱེ་བར་བགྱི། །གང་ཞིག་ཐོག་མར་གཏང་བར་བགྱི།། རྟ་བབས་རྣམས་དང་དེ་བཞིན་དུ། །སྒོ་ཁྱུད་རྣམས་ཀྱི་ཚད་དང་ནི། །སྒོ་ཡི་ཚད་ཀྱང་ཅི་འདྲར་བགྱི། །མགོན་པོ་ཡིས་ནི་བཤད་དུ་གསོལ། །ལྷ་བཤོས་མེ་ཏོག་བདུག་སྤོས་དང། །བུམ་ པ་རྣམས་ཀྱང་རྒྱས་པར་གསུངས། །སློབ་མ་ཇི་ལྟར་གཟུད་པ་དང་།དེ་ནི་ཇི་ལྟར་དབང་བསྐུར་དང། །བླ་མ་ལ་ནི་ཡོན་འབུལ་དང་།སྦྱིན་སྲེག་གནས་ཀྱང་བདག་ལ་གསུངས། །གསང་ སྔགས་མཚན་ཉིད་ཅི་འདྲ་ལགས། །ཏིང་ངེ་འཛིན་དུ་བཞེད་པ་གང་།དེ་སྐད་གསོལ་ནས་བཅོམ་ལྡན་འདས། །ཆོས་ཀུན་དབང་ཕྱུག་ཐུབ་པ་ཡིས། །རྡོ་རྗེ་འཛིན་ལ་འདི་སྐད་གསུངས། ། ཡིད་གཅིག་ཏུ་ནི་ཚུར་ཉོན་ཅིག་ཐེག་ཆེན་འབྲས་བུ་འབྱུང་བ་ཡི་།གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ནི། །གང་དག་དྲིས་པ་བཤད་པར་བྱ་ [202B] །འདི་ནི་ཆོས་དབྱིངས་རོ་ཡིན་པར། །སངས་རྒྱས་རྣམས་ཀྱིས་སྔོན་གསུངས་ཏེ། །དེ་ཕྱིར་འདི་ནི་ཚོན་ཞེས་བྱ། །ཚོན་ནི་ནང་ནས་དགྱེ་བར་བྱ། །ཕྱི་རོལ་ནས་ ནི་ཚོན་མི་དགྱེ། །དཀར་པོ་ཐོག་མར་གཏང་བར་བྱ། །དེ་ཡི་འོག་ཏུ་དམར་པོ་སྟེ། །དེ་ནས་སེར་པོ་གཏང་བར་བྱ། །དེ་ཡི་འོག་ཏུ་ལྗང་གུ་གཏང། །ཀུན་གྱི་ནང་རོལ་ནག་པོ་སྟེ། །ཚོན་གྱི་ཆོ་ག་དེ་ལྟར་ བཤད། །རྟ་བབས་རྣམས་ཀྱི་ཚད་ཀྱང་ནི། །དཀྱིལ་འཁོར་དབུ་མ་དང་མཉམ་མོ། །སྒོ་ཁྱུད་དག་ཀྱང་དེ་དང་མཉམ། །པདྨ་སོར་བཅུ་དྲུག་ཏུ་བཤད། །དང་པོའི་སྒོ་ནི་སྙིང་པོ་ཡི། །དཀྱིལ་འཁོར་དང་ནི་ མཉམ་ཞེས་བྱ། །འཇིགས་མེད་དག་གིས་རིམ་གྱིས་ནི། །བསྐྱེད་དེ་དེ་བས་ལྷག་ཤེས་བྱ། །སྒོ་རྣམས་ཀྱི་ནི་བར་བར་དུ། །སྒོ་སྲུང་རྣམས་ནི་གཞག་པར་བྱ། །ཏིང་ངེ་འཛིན་ནི་མདོར་ན་སེམས། །ཡང་དག་ མགུ་བ་ཡིན་པར་བཤད། །སེམས་དཔའ་ཆེན་པོ་ཁྱད་པར་ནི། །ཡིད་གཅིག་བསྡུས་ལ་མཉན་པར་གྱིས། །སངས་རྒྱས་ཀུན་གྱི་ཏིང་འཛིན་ནི་།སྟོང་པ་ཉིད་ཅེས་རྒྱལ་བས་གསུངས། །དེ་ནས་སེམས་ ཡོངས་ཤེས་པ་ལ། །ཐོབ་པར་འགྱུར་གྱི་གཞན་ལས་མིན། །དེ་དག་ཉིད་ནི་སྤངས་པ་སྟེ། །རྫོགས་སངས་རྒྱས་ཀྱི་ཡིན་པར་འདོད། །སྟོང་པ་ཆེན་པོ་ཞེས་བྱ་སྟེ། །ཀུན་མཁྱེན་ཡེ་ཤེས་རྫོགས་བྱེད་ པའོ༑ ༑དེ་བས་རྣམ་པ་ཐམས་ཅད་དུ། །སྟོང་ཉིད་རྟག་ཏུ་དྲན་པར་བྱ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སངས་རྒྱས་ཐམས་ཅད་དང་ཐབས་ཅིག་ཏུ་ཡང་དག་པར་མོལ་ནས་ཉན་ཐོས་ [203A]༄༅། །དང་རང་སངས་རྒྱས་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་སོ་སོའི་ཚུལ་གསུངས་སོ། །དེའི་ཚེ་ཡང་སངས་རྒྱས་ཐམས་ཅད་དང་རྒྱུད་གཅིག་པའི་སྟོབས་ ཀྱི་ཤུགས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། བྱང་ཆུབ་སྙིང་པོར་འདུག་ནས་སུ། ། བདུད་ནི་རྣམ་པ་བཞི་བཅོམ་པས། །དེ་ནས་དཔའ་བོ་ཆེན་པོ་ཞེས་།ཚངས་པ་ལ་སོགས་ལྷ་ཚོགས་རྣམས། །འཇིགས་པ་ཐམས་ཅད་མེད་པའི་སྒྲ། །དགའ་བཞིན་དུ་ནི་སྒྲོག་པར་བྱེད། ། དེ་ཕྱིན་ཆད་ནི་ང་དགའ་བོ། །དཔའ་བོ་ཆེན་པོ་ཞེས་སུ་གྲགས་།སྐྱེ་བ་མེད་པར་ངས་རྟོགས་པ། །ཚིག་གི་སྤྱོད་ཡུལ་རྣམ་སྤངས་ཤིང། །ཉེས་པ་ཐམས་ཅད་མེད་པ་སྟེ། །རྒྱུ་དང་རྐྱེན་དང་བྲལ་བ་ཡིན། ། སྟོང་པའི་ཡེ་ཤེས་མཁའ་འདྲ་བ། །མུན་པ་ཀུན་དང་བྲལ་གྱུར་ཅིང། །ཤིན་ཏུ་དྲི་མེད་དེ་ཁོ་ན། །ཇི་ལྟར་འབྱུང་བ་ང་ལས་བྱུང། །ཀུན་མཁྱེན་ཙམ་གྱི་ཚུལ་དུ་གནས། །ཀུན་མཁྱེན་སངས་རྒྱས་ མཚན་ཉིད་དོ། །ང་ཡི་དེ་ཉིད་དམ་པ་འདི། །འཇིག་རྟེན་སྣང་བར་བྱེད་པ་སྟེ། །བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་ནི། །ཡིག་འབྲུ་རྣམས་སུ་བསྟན་ནས་སུ། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། ། ངས་ནི་ཐམས་ཅད་རབ་ཏུ་བཤད། །དེ་ནས་དཔལ་ལྡན་རྡོ་རྗེ་འཛིན་།ངོ་མཚར་གྱུར་ནས་མིག་གདངས་ཏེ། །ཐམས་ཅད་མཁྱེན་ལ་མགོ་བོ་ཡིས། །ཕྱག་འཚལ་ནས་ནི་ཚིག་འདི་སྨྲས། །སངས་ [203B] །ཤེས་རབ་བསམ་ཡས་ངོ་མཚར་ཆེ། །སྤྲོས་པ་ཀུན་དང་བྲལ་བ་ཡིས། །ཆོས་རྟོགས་ནས་ནི་རང་བྱུང་རྣམས། །འཇིག་རྟེན་ཀུན་གྱི་རེ་བ་ཀུན། །ཡོངས་སུ་རྫོགས་པར་ བྱེད་པ་སྟེ། །གསང་སྔགས་མཚན་ཉིད་དེ་ལྟ་བུ། །བདེན་པ་གཉིས་ལ་ལེགས་གནས་པ། །སེམས་ཅན་ཀུན་གྱིས་ཤེས་ན་ནི། །འཇིག་རྟེན་གྱི་ནི་མཆོད་གནས་འགྱུར། །དེ་ནས་གསང་བ་པའི་ བདག་པོ་ཕྱག་ན་རྡོ་རྗེས་ཚིགས་སུ་བཅད་པ་དེ་དག་གསོལ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་མིག་མི་འཛུམ་པའི་ལྟ་བས་བལྟས་ནས་ཅད་མི་སྨྲ་བར་འདུག་གོ་དེ་ནས་བཅོམ་ལྡན་ འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ། གཞན་ཡང་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་སངས་རྒྱས་ཀྱི་ས་ལ་ གནས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ནི། དོགས་པ་དང་ནི་བྲལ་བ་རུ། །འཇིག་རྟེན་མཚན་ཉིད་ཤེས་ནས་ནི། །དགོས་པའི་ས་ལ་གནས་དེ་རྣམས། །སངས་རྒྱས་ས་ལ་གནས་པ་ཡིན། ། གསང་བ་པའི་བདག་པོ། གཞན་ཡང་བྱང་ཆུབ་སེམས་དཔའ་ས་བརྒྱད་པའི་དབང་ཕྱུག་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ནི། ཆོས་རྣམས་ཐམས་ཅད་མི་དམིགས་ཤིང། །སྲིད་དང་སྐྱེ་བ་རྣམ་ སླངས་པའི། །འཇིག་རྟེན་སྒྱུ་མ་ལྟར་ཤེས་ནས། །འཇིག་རྟེན་འཇིག་རྟེན་དབང་དུ་འདོད། །གསང་བ་པའི་བདག་པོ། གཞན་ཡང་ཉན་ཐོས་དམིགས་པ་དང་བཅས་པའི་ས་ལ་གནས་པ་རྣམས་ [204A]༄༅། །སྐྱེ་བ་དང། འཇིག་པར་རྟོགས་ནས་མཐའ་གཉིས་བཤིག་པས་རྒྱུ་མི་དམིགས་པའི་ཕྱིར་ཤིན་ཏུ་དངོས་པོ་མེད་པའི་ཡེ་ཤེས་མི་སྤྱོད་དེ། འདི་ནི། ཉན་ཐོས་རྣམས་ཀྱི་ ཏིང་འཛིན་གྱི་ཚུལ། གསང་བ་པའི་བདག་པོ། རང་སངས་རྒྱས་རྒྱུ་དང་འབྲས་བུ་རྣམ་པར་བཤིག་ནས་བརྗོད་དུ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པ་རྣམས་ནི། ཆོས་ཐམས་ཅད་བརྗོད་དུ་མེད་ དོ་སྙམ་པའི་ཡེ་ཤེས་འཇུག་སྟེ། དག་ཤིན་ཏུ་འགོག་པའི་ཏིང་ངེ་འཛིན་ལ་ཡང་དག་པར་རེག་པར་བྱེད་པ་འདི་ནི། རང་སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ལོ། །གསང་བ་པའི་བདག་ པོ༑ གཞན་ཡང་འཇིག་རྟེན་པ་རྣམས་རྒྱུ་ལས་འབྲས་བུ་དང། ལས་ལས་འབྱུང་བའམ་ལྡོག་པར་རྟོག་ཅིང། །གཞན་གྱི་དབང་གིས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཀུན་ཏུ་སྐྱེ་བར་འགྱུར་ ཏེ༑ འདི་ནི། འཇིག་རྟེན་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ལོ་།གསང་བ་པའི་བདག་པོ། འདི་ནི་ཏིང་ངེ་འཛིན་གྱི་ཚུལ། །ཡིན་ཏེ་དེ་ལ་གནས་པ་ཡི། །སངས་རྒྱས་དང་ནི་རང་སངས་རྒྱས། ། བྱང་ཆུབ་སེམས་དཔའ་སྐྱོབ་རྣམས་དང། །ཉན་ཐོས་དེས་པ་སྡིག་བཅོམ་པར། །གྲགས་པ་གང་དག་ཡིན་པ་དང། །འཇིག་རྟེན་པ་ཡི་ལྷ་གང་ཡིན། །གསང་སྔགས་སྤྱད་པའི་ཆོ་གའི་ཚུལ།། སེམས་ཅན་རྣམས་ལ་ཕན་འདོད་པས། །དཔའ་བོ་དེ་ཚེ་འཆད་པར་བྱེད་།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་ [204B] གསང་སྔགས་རྣམས་ཀྱི་མཚན་ཉིད་ཉོན་ཅིག་བཅོམ་ལྡན་འདས། དེ་ལྟར་འཚལ་ལོ། །ཞེས་གསོལ་ནས་བཅོམ་ལྡན་འདས་ལ་ཉན་པ་དང། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་ སྩལ་ཏོ༑ ༑གསང་བ་པའི་བདག་པོ། དེ་ལ། རྫོགས་སངས་རྒྱས་ཀྱི་གསང་སྔགས་ནི། །ཚིག་དང་མིང་དང་བརྡ་ཡིས་མཚན། །ཚིག་དེ་དབང་དུ་གྱུར་པས་ན། །གསང་སྔགས་དོན་རྣམས་ ཐམས་ཅད་སྒྲུབ། །ཁ་ཅིག་སྐུལ་བའི་ཚིག་དང་ལྡན། །ཁ་ཅིག་རང་མིང་ཐོག་མར་སྨོས། །ཧཱུཾ་དང་ཕཊ་དང་ལྡན་པ་ནི། །གཙུག་ཏོར་རྣམས་ཀྱི་ཡིན་པར་བསྒྲགས། །ཟུངས་ཟོ་ཆོམས་ཤིག་ཅེས་ པ་དང། །སྣུན་སོང་དྲོལ་ཅིག་ཟེར་བ་ནི། །ཕྱག་བརྙན་རྣམས་དང་ཁྲོ་བོ་ཡི། །གསང་སྔགས་ཡིན་པར་འདྲེན་པས་གསུངས། །ན་མཿ་སཱཧཱ། ལ་སོགས་ལྡན། །ཏིང་ངེ་འཛིན་ནི་རྟོགས་པས་ མཚན༑ ༑ཞ་བིའི་ཡི་གེ་རྣམ་པར་དག་རེ་བ་ཐམས་ཅད་རྫོགས་བྱེད་པའི། །གསང་སྔགས་སངས་རྒྱས་ཐམས་ཅད་དང། །བྱང་ཆུབ་སེམས་དཔའ་སྐྱོབ་པའི་ཡིན། །ཉན་ཐོས་རྣམས་ཀྱི་གསང་ སྔགས་ནི། །གཅིག་པུ་གཞི་ནི་གཅིག་ལ་གནས། །རང་སངས་རྒྱས་ཀྱིའང་དེ་བཞིན་ཏེ། །ཁྱད་པར་དག་ནི་བཤད་བྱ་ནི། །ཏིང་ངེ་འཛིན་གྱི་ཁྱད་པར་ལས། །ལས་ཚེ་རྣམ་པར་སྦྱོང་ཞེས་བྱ་།གསང་ བ་པའི་བདག་པོ། གཞན་ཡང་གསང་སྔགས་རྣམས་ཀྱི་མཚན་ཉིད་ནི་སངས་རྒྱས་རྣམས་ཀྱིས་མ་བྱས། བྱེད་དུ་མ་བཅུག་རྗེས་སུ་ཡི་རང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི། ཆོས་ [205A]༄༅། །རྣམས་ཀྱི་ཆོས་ཉིད་དོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང། མ་བྱུང་ཡང་རུང། ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི། ཡེ་ནས་གནས་པ་སྟེ། དེ་ཡང་འདི་ ལྟར་གསང་སྔགས་རྣམས་ཀྱི་གསང་སྔགས་ཀྱི་ཆོས་ཉིད་དོ། །གསང་བ་པའི་བདག་པོ། དེ་ལ་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་ པ་འཇིག་རྟེན་དུ་བྱང་བ་དེའི་ཚེ་ཆོས་ཉིད་དེ་ཚུལ་སྣ་ཚོག་དང། དགོངས་པ་སྣ་ཚོགས་ཀྱིས་སེམས་ཅན་བསམ་པ་སྣ་ཚོགས་པ་རྣམས་ལ་ཚིག་སྣ་ཚོག་སྡང། ཡིག་འབྲུ་སྣ་ཚོགས་ དང། ཡུལ་གྱི་ངེས་པའི་ཚིག་ཏུ་བརྗོད་པ་སྣ་ཚོགས་དང། དབྱངས་སྣ་ཚོགས་སུ་གོ་བ་རྣམས་སུ་བྱིན་གྱིས་བརླབས་ཏེ་གསང་སྔགས་ཀྱིས་ཚུལ་འཆད་དོ། །ཇི་ལྟར་ན་དེ་བཞིན་གཤེགས་ པ་རྣམས་གསང་སྔགས་ཀྱི་ཚུལ་ཡིག་འབྲུ་དག་ཏུ་བྱིན་གྱིས་རློབ་ཅེ་ན། གསང་བ་པའི་བདག་པོ། དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་ ཡང་དག་པར་བསྒྲུབས་པའི་བདེན་པའི་ཚིག་གང་ཡིན་པ་དང། འཕགས་པའི་བདེན་པ་བཞི་དང། དྲན་པ་ཉེ་བར་གཞག་པ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དེ་བཞིན་གཤེགས་ པའི་སྟོབས་བཅུ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་དང། བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་བདུན་དང། ཚངས་པའི་གནས་པ་བཞི་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་དག་ [205B] གསང་བ་པའི་བདག་པོ། མདོར་ན་དེ་བཞིན་གཤེགས་པ་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ཡིན་པ་དེ་ཐམས་ཅད་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱི་བསོད་ ནམས་དང། ཡེ་ཤེས་ཀྱི་སྟོབས་དང། སྣོང་གྱི་སྨོན་ལམ་མཁྱེན་པའི་སྟོབས་དང། ཆོས་ཀྱི་དབྱིངས་ཀྱི་བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་བྱིན་གྱིས་བརླབས་ནས་སེམས་ཅན་རྣམས་ལ་སྐལ་པ་ ཇི་ལྟ་བ་བཞིན་དུ་གསང་སྔགས་ཀྱི་ཆོ་ག་ཡང་དག་པར་རབ་ཏུ་སྟོན་ཏོ། །གསང་སྔགས་ཀྱི་ཆོ་ག་དེ་ཡང་གང་ཞེ་ན། གཟོད་མ་ནས་མ་སྐྱེས་པའི་ཕྱིར་ཨ་ནི། ཆོས་ཐམས་ཅད་ཀྱི་སྒོ་འོ། །དགོངས་ པ་དང་བྲལ་བའི་ཕྱིར་ཀ་ནི། ཆོས་ཐམས་ཅད་ཀྱི་སྒོ་འོ། །ནམ་མཁའ་དང་འདྲ་བར་དམིགས་སུ་མེད་པའི་ཕྱིར་ཁ་ནི། ཆོས་ཐམས་ཅད་ཀྱི་སྒོ་འོ། །འཆི་འཕོ་ཐམས་ཅད་དམིགས་སུ་མེད་པའི་ ཕྱིར་ག་ནི། ཆོས་ཐམས་ཅད་ཀྱིས་གོ་འོ། །གཅིག་ཏུ་འཕུངས་པ་དམིགས་སུ་མེད་པའི་ཕྱིར་གྷ་ནི། ཆོས་ཐམས་ཅད་ཀྱི་སྒོ་འོ། །འཆི་འཕོ་ཐམས་ཅད་དང་བྲལ་བའི་ཕྱིར་ཙ་ནི། ཆོས་ཐམས་ ཅད་ཀྱི་སྒོ་འོ། །གྲིབ་མ་ཐམས་ཅད་དང་མཚུངས་པའི་ཕྱིར་ཚ་ནི། ཆོས་ཐམས་ཅད་ཀྱི་སྒོ་འོ། །སྐྱེ་བ་དམིགས་སུ་མེད་པའི་ཕྱིར་ཛ་ནི། ཆོས་ཐམས་ཅད་ཀྱི་སྒོ་འོ། །དྲི་མ་དམིགས་སུ་མེད་བའི་ ཕྱིར་ག་ནི། ཆོས་ཐམས་ཅད་ཀྱི་སྒོ་འོ། །ང་རྒྱལ་དམིགས་སུ་མེད་པའི་ཕྱིར་ཊ་ནི། ཆོས་ཐམས་ཅད་ཀྱི་སྒོ་འོ། །བསྐྱེད་པ་དམིགས་སུ་མེད་པའི་ཋ་ནི། ཆོས་ཐམས་ཅད་ཀྱི་སྒོ་འོ། །འཁྲུག་པ་ [206A]༄༅། །དམིགས་སུ་མེད་པའི་ཕྱིར་ཌ་ནི། ཆོས་ཐམས་ཅད་ཀྱི་སྒོའོ། །སླུ་བ་དང་ཡོངས་སུ་བྲལ་བའི་ཕྱིར་ཌྷ་ནི། ཆོས་ཐམས་ཅད་ཀྱི་སྒོའོ། །དེ་བཞིན་ཉིད་དམིགས་ སུ་མེད་པའི་ཕྱིར་ཏ་ནི། ཆོས་ཐམས་ཅད་ཀྱི་སྒོའོ། །གནས་དམིགས་སུ་མེད་པའི་ཕྱིར་ཐ་ནི། ཆོས་ཐམས་ཅད་ཀྱི་སྒོའོ། །འདུལ་བ་དམིགས་སུ་མེད་པའི་ཕྱིར་ད་ནི། ཆོས་ཐམས་ ཅད་ཀྱི་སྒོའོ། །ཁམས་དམིགས་སུ་མེད་པའི་ཕྱིར་དྷ་ནི། ཆོས་ཐམས་ཅད་ཀྱི་སྒོའོ། །དོན་དམ་པའི་བདེན་པ་དམིགས་སུ་མེད་པའི་ཕྱིར་པ་ནི། ཆོས་ཐམས་ཅད་ཀྱི་སྒོའོ། །དབུ་བ་འདྲ་ བར་སྙིང་པོ་མེད་པའི་ཕྱིར་ཕ་ནི། ཆོས་ཐམས་ཅད་ཀྱི་སྒོའོ་།ངག་གི་ལམ་དང་བྲལ་བའི་ཕྱིར་བ་ནི། །ཆོས་ཐམས་ཅད་ཀྱི་སྒོའོ། །སྲིད་པ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་བྷ་ནི། ཆོས་ ཐམས་ཅད་ཀྱི་སྒོའོ། །འཆི་བ་དམིགས་སུ་མེད་པའི་ཕྱིར་མ་ནི། ཆོས་ཐམས་ཅད་ཀྱི་སྒོའོ། །ཐེག་པ་ཆེན་པོ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་ཡ་ནི། ཆོས་ཐམས་ཅད་ཀྱི་སྒོའོ། །རྡུལ་ ཐམས་ཅད་དང་བྲལ་བའི་ཕྱིར་ར་ནི། ཆོས་ཐམས་ཅད་ཀྱི་སྒོའོ་།མཚན་ཉིད་དམིགས་སུ་མེད་པའི་ཕྱིར་ལ་ནི། ཆོས་ཐམས་ཅད་ཀྱི་སྒོའོ། །རང་བཞིན་གྱིས་ཞི་བའི་ཕྱིར་ཤ་ནི། ཆོས་ཐམས་ ཅད་ཀྱི་སྒོའོ། །རང་བཞིན་གྱིས་བེམ་པོའི་ཕྱིར་ཥ་ནི། ཆོས་ཐམས་ཅད་ཀྱི་སྒོའོ། །བདེན་པ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་ས་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །རྒྱུད་དམིགས་སུ་མེད་ [206B] ཆོས་ཐམས་ཅད་ཀྱི་སྒོའོ། །གསང་བ་པའི་བདག་པོ། ང་དང། ཉ་དང། ཎ་དང། ན་དང། མ་ནི་ཏིང་ངེ་འཛིན་ཐམས་ཅད་ལ་དབང་སྒྱུར་བསྟེ། མཐུ་ཐམས་ཅད་དང་ལྡན་པ་རབ་ཏུ་མྱུར་བར་ དགོས་པའི་དོན་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ། །གསང་བ་པའི་བདག་པོ། གསང་སྔགས་ཀྱི་ཚུལ་ཏིང་ངེ་འཛིན་གྱི་སྒོ་འདི་ནི། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བསམ་གྱིས་མི་ཁྱབ་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ངེས་པ། དུས་གསུམ་ལས་ཤིན་ཏུ་ འདས་པ། ནམ་མཁའ་ལྟར་དྲི་མ་མེད་པ་སྟེ། བསམ་ཡས་སེམས་ཀྱི་ས་ལ་གནས། །ལས་དང་བྱ་བ་དག་ལས་བྱུང། །སྤྱད་པའི་ས་ནི་རྗེས་ཐོབ་ནས། །བསམ་ཡས་འབྲས་བུ་སྨིན་པར་བྱེད། ། འདི་ནི་དེ་ཉིད་དམ་པ་སྟེ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྟན་།གསང་སྔགས་ཆོ་ག་འདི་ཤེས་ན། །སྔགས་པས་དངོས་གྲུབ་ཐོབ་པར་འགྱུར། །སྒྲ་ཞེས་བྱ་བ་དེ་ཉིད་མཆོག་གསང་སྔགས་ རྣམས་ཀྱི་གསང་སྔགས་མཚན། །སྔགས་པས་ཡིད་ལ་སེམས་ན་ནི་།འཆི་འཕོ་མེད་པའི་གནས་འཐོབ་བོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་མཚན་ཉིད་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་རྣམ་གྲངས་བསྟན་པ་བཅོམ་ལྡན་འདས། ངོ་མཚར་ལགས་སོ། །དེ་ནི། ཉན་ཐོས་ [207A]༄༅། །དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་ཏེ། བཅོམ་ལྡན་འདས། གང་དག་གསང་སྔགས་ཀྱི་ཚུལ་འདི་ལ་དད་པའི་སེམས་ཅན་དེ་དག་ཀྱང་ཐུན་ མོང་མ་ལགས་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །བཅོམ་ལྡན་འདས། གཞན་ཡང་དཀྱིལ་འཁོར་གྱི་ཡོ་བྱད་ཀྱི་ཆོ་ག་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་ འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་སྔགས་པ་དེ་ཡིས་སུ། །མེ་ཏོག་སེར་པོ་དཀར་པོ་དམར། །ཡིད་དུ་འོང་བས་ནན་ཏན་དུ། །ལྷ་ རྣམས་ལ་ནི་མཆོད་པ་བྱས། །པདྨ་ཡང་ན་ཨུཏྤ་ལ། །ནཱ་ག་གེ་སར་བུན་ག་ཙམ་པ་ཨ་ཤོ་ཏི་ལ་ཀ་པ་ཏ་ལ་དང་ས་ལའང་རུང། །དེ་ལ་སོགས་པའི་མེ་ཏོག་རྣམས། །ཡིད་དུ་འོང་ཞིང་ བལྟ་ན་སྡུག་བཀྲ་ཤིས་པ་ལ་སྔགས་པ་ཡིས། །མཁས་པས་ནན་ཏན་མཆོད་པ་བྱ། །ཙནྡན་ཏ་དཀར་སྤྲི་ཀ་དང། །གུར་གུམ་དང་ནི་རུ་རྟའང་རུང། །སྤོས་མཆོག་རབ་ཏུ་བཟང་པོ་ནི། །སྣ་ ཚོགས་ཡིད་དུ་འོང་བ་དབུལ། །ཨ་ག་རུའམ་སྒྲོན་ཤིང་ངམ། །ག་བུར་དང་ནི་ཙནྡན་དང། །སཱ་ལའི་ཐང་ཆུ་བཀྲ་ཤིས་པའམ། །ཤྲི་ར་བི་ས་ཀ་ཡང་རུང། །གཞན་ཡང་བདུག་སྤོས་སྣ་ ཚོགས་པ། །བཀྲ་ཤིས་འཇིག་རྟེན་རྣམ་པར་གྲགས། །ཡིད་འོང་སྔགས་པས་ཆོ་ག་བཞིན། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ནས་གཞན་ཡང་སེམས་དཔའ་ཆེ། །ལྷ་བཤེས་ལས་ཀྱི་ཆོ་ [207B] ༑འོ་ཐུག་འབྲས་ཚན་ཞོར་སྦྱར་དང། །ལ་དུ་དང་ནི་ཁུར་སྐྱ་དང། །གོར་བཧོད་ཀ་ར་ཡིད་འོང་དང། །ཁཎྜཱའི་བཅའ་བ་བཟང་པོ་དང། །པུ་རི་ཀ་དང་ཀ་རི་ཀ་དེ་བཞིན་མ་ཐུ་ཤི་ར་དང། །ཕེ་ན་ ཨ་ཤོག་བར་ཏི་དང། །པར་པ་ཧ་ཡང་དབུལ་བར་བྱ། །དེ་ལ་སོགས་པའི་བཟའ་བ་དང། །ཤིང་ཏོག་རྣམས་ནི་སྣ་ཚོགས་དང། །ཧྭགས་དང་ལི་ཁ་ར་རྣམས་དང། །བུ་རམ་སྦྲང་རྩི་མར་དག་ དག་དང། །བཏུང་བ་རྣམ་པ་སྣ་ཚོགས་དང། །ཞོ་དང་འོ་མ་རྒྱས་པར་དབུལ། །མར་མེ་རྣམ་པ་སྣ་ཚོགས་པ། །གཙང་ཞིང་ཤིན་ཏུ་བཟང་པོ་ཡི། །འབྲུ་མར་རབ་ཏུ་དྲི་ཞིམ་པས། །རབ་ཏུ་བཀང་སྟེ་ དབུལ་བར་བྱ། །ཕྱོགས་སུ་གདུགས་དང་བ་དན་རྣམས། །ཁ་དོག་སྣ་ཚོགས་རབ་ཏུ་བསྒྲགས། །རྟ་བབས་བཟང་པོ་རྣམས་ཀྱང་ནི། །དྲིལ་བུ་དང་བཅས་རབ་ཏུ་དབུལ། །ཡང་ན་ཡིད་ཀྱི་མཆོད་ པ་ནི༑ ༑ཐམས་ཅད་ནན་ཏན་བསྐྱེད་དེ་བྱ། །དེ་ནས་བུམ་པ་བརྒྱད་དམ་ནི། །བཅུ་དྲུག་རྒྱས་པར་བླངས་ནས་སུ། །སྨན་དང་རིན་ཆེན་ཐམས་ཅད་བླུགས། །སྤོས་ཀྱི་ཆུས་ནི་རབ་ཏུ་བཀང། །ལྡུམ་ བུ་དག་གིས་ཁ་བརྒྱན་ཏེ། །དེ་བཞིན་འབྲས་བུས་ཁ་ཡང་དགང། །མེ་ཏོག་སྤོས་ལ་སོགས་པས་བརྒྱན། །ཤིན་ཏུ་བཟང་པོ་སྲུང་བ་བྱས་།མགྲིན་པ་རས་ཀྱིས་བཅིངས་པ་རྣམས། །མཁས་ པས་རྣམ་པར་དགོད་པར་བྱ། །ལྷ་ཡི་གཙོ་བོ་རྣམས་ལ་ནི། །རས་ནི་ཟུང་རེ་ཟུང་རེ་དབུལ། །སེམས་དཔའ་ཆེན་པོ་ཕལ་པ་རྣམས་ལ། །ཡ་རེ་དབུལ་བར་རབ་ཏུ་བསྒྲགས། །མཆོད་པ་དེ་ལྟར་བྱས་ [208A]༄༅། །ནས་ནི༑ ༑སློབ་མ་དཀྱིལ་འཁོར་དྲུང་བཀུག་སྟེ། །སྔགས་པས་ཆུ་ཡིས་བསང་གཏོར་བྱ། །དྲི་དང་མེ་ཏོག་སྦྱིན་པར་བྱ། །དེ་བཞིན་གཤེགས་པ་དྲན་བྱས་ནས། །བྱང་ ཆུབ་སེམས་ཀྱང་འཛིན་དུ་གཞུག་དེ་ནས་རྒྱལ་བའི་རིགས་དགེ་ལ་།ཐམས་ཅད་རབ་ཏུ་སྐྱེ་བར་འགྱུར། །ཆོས་ཀྱི་དབྱིངས་ལས་བྱུང་བ་ཡི། །ཕྱག་རྒྱ་དེ་དག་རྣམས་ལ་བཅིང། །ཆོས་ ཀྱི་འཁོར་ལོ་འང་བཅིངས་ནས་ནི། །རྡོ་རྗེ་སེམས་དབས་བྱིན་གྱིས་བརླབས། །དེ་ནས་སངས་རྒྱས་ཀུན་གྱི་ནི། །དམ་ཚིག་སྡོམ་བརྩོན་ཅན་གྱིས་བཅིངས། །དེ་ཚེ་སྔགས་ཀྱི་ཆོ་ག་བཞིན། ། རས་ལ་ལན་གསུམ་གདབ་པར་བྱ། །སྙིང་རྗེར་གྱུར་པའི་ཡིད་ཀྱིས་སུ་།དེ་དག་གི་ནི་གདོང་ཡང་དག་དམ་ཚིག་ལན་གསུམ་བཟླས་ནས་ནི་།སྤྱི་བོར་ཡི་གེ་ར་ཞེས་པ། །ཀླད་ཀྱི་གོར་བཅས་ བརྗིད་དང་ལྡན། །འབར་བའི་ཕྲེང་བ་རྣམ་པར་འཕྲོ། །ཟླ་བ་འཆར་ཀ་ལྟ་བུ་ཡི། །ཁ་དོག་དཀར་པོ་གཞག་པར་བྱ། །སྐྱོབ་པ་ཀུན་གྱི་སྤྱན་སྔར་ནི། །དེ་ནས་མེ་ཏོག་འདོར་དུ་གཞུག་མེ་ཏོག་གང་ལ་ བབ་དེ་ནི། །སྔགས་པས་དེ་ལ་སྦྱིན་པར་བྱ། །དཀྱིལ་འཁོར་དང་པོའི་སྒོ་ཡི་དྲུང། །སྒོ་ཁྱུད་ཀྱི་ནི་དབུས་ཀྱི་ཆ། །དཀྱིལ་འཁོར་གྱི་ན་སྒོ་གཉིས་ཀྱི། །བར་དུ་སློབ་མ་གཟུང་བར་བྱ། །དེར་གནས་ པ་ལ་ཆོ་ག་ཀུན། །རིམ་པ་བཞིན་དུ་ལེགས་པར་བྱ། །སློབ་མ་སྡིག་དང་བྲལ་བ་ཀུན། །དེ་ལྟར་ལེགས་པར་བཅུག་ནས་ནི། །དེ་དག་ཞི་བར་བྱང་བའི་ཕྱིར། །སྦྱིན་སྲེག་ཆོ་ག་བཞིན་དུ་བྱ། །སྙིང་ [208B] །དཀྱིལ་འཁོར་གཉིས་པའི་རྒྱབ་རོལ་གྱི། །དཀྱིལ་འཁོར་གྱི་ནི་དབུས་ཀྱི་ཆར། །མ་ཡེངས་པ་ཡི་སེམས་ཀྱིས་བྱ། །མེ་ཐབ་ཁྲུ་གང་ཙམ་གྱི་ནི། །ཚད་དུ་རབ་ཏུ་ བསྒྲགས་པ་ཡིན། །ཁ་རན་སོར་བཞིའི་ཚད་དུ་བྱ། །དབུས་སུ་རྡོ་རྗེ་རབ་ཏུ་བརྟག་དེ་ནས་སྔགས་པའི་གཡས་ལོགས་སུ། །སྦྱིན་སྲེག་གི་ནི་ཡོ་བྱད་གཞག་གཡོན་གྱི་ཕྱོགས་སུ་སློབ་མ་ རྣམས། །ཙོག་ཙོག་པོར་ནི་འཁོར་དུ་གཞུག་སྔོམ་བརྩོན་བདག་ཉིད་ས་སྟེང་དུ། །ཀུ་ཤ་བཏིང་བའི་སྟན་ལ་འདུག་ཡང་ན་ཚོན་རྩི་དཀར་པོ་མཆོག་རབ་ཏུ་བཟང་པོ་བླངས་ནས་སུ། །དེ་ཡིས་ མི་ཡི་གནས་རྣམས་ཀུན། །སྔགས་པས་མདོ་རུ་བྲི་བར་བྱ། །ཀུ་ཤ་དག་གིས་གཡས་ཕྱོགས་ནས། །ཐམས་ཅད་ཁོར་ཡུག་དགམ་པ་ནི། །མང་པོས་བསྐོར་བའི་ཚུལ་དུ་དགྲམ། །སྤོས་ཀྱི་ཆུ་ ཡིས་བསང་གཏོར་བྱ། །དེ་ནས་སེམས་ཅན་ཕན་བྱེད་པའི། །མེ་ནི་ཐབ་ཁུང་ནང་བསམས་ནས། །བརྟུལ་ཞུགས་བཟང་པོས་དགང་ལུགས་མཆོག་།གསང་སྔགས་འདི་ཡིས་སྦྱིན་པར་བྱ། །ན་མཿ་ ས་མནྟ་བུདྡྷ་ནཱཾ། ཨགྣ་ཡེ་སཱཧཱ། དེ་ནས་སློབ་མ་རེ་རེ་ནས་།མཁས་པའི་ལག་པ་གཡོན་པ་ཡིས། །གཡས་པའི་མཐེ་བོང་བཟུང་ནས་སུ། །མཉམ་པར་གཞག་པས་སྦྱིན་སྲེག་བྱ། །ཡིད་ནི་མཉམ་ པར་བཞག་ནས་སུ། །སྲེག་བླུགས་རེ་རེ་ལས་ཀྱང་ནི། །གསང་སྔགས་ཆོ་ག་བཞིན་ཟློས་ཤིང། །ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱ། །ན་མས་མནྟ་བུདྡྷ་ནཱཾ། ཨོཾ་མཧཱ་ཤཱིནྟ་ག་ཏཱ་ཤནྟི་ཀ་ར་པྲ་ཤ་མ་ [209A]༄༅། །དྷརྨ་ནིར་ཛཱ་ཏ། ཨ་བྷཱ་བ་སྭ་བྷཱ་བ་དྷརྨ་ས་མ་ཏཱ་པྲཱཔྟེ་སཱཧཱ། སྦྱིན་སྲེག་རྗེས་ལ་སྔགས་པ་ཡིས། །སློབ་མ་རྣམས་ལ་ཡོན་བསླང་བ། །གསེར་དང་དངུལ་དང་རིན་ ཆེན་དང། །རྟ་དང་དེ་བཞིན་གླང་པོ་དང། །རྔ་མ་པ་དང་མ་ཧེ་གོས། །གཞན་ཡང་དངོས་པོ་ཅི་ཡང་རུང། །དེ་ཚེ་སློབ་མས་གུས་པར་ནི། །དད་པ་རབ་ཏུ་ལྡན་པ་ཡིས། །སེམས་ལ་དགའ་བ་ བསྐྱེད་ནས་སུ། །བླ་མ་ལ་ནི་ཡོན་དབུལ་ལོ། །ཡང་ན་ཅི་ནས་བླ་མ་དེ། །རབ་ཏུ་མགུ་བར་འགྱུར་བར་བྱ། །དེ་ལྟར་བྱས་ནས་བདག་བསྲུངས་ཏེ། །སློབ་མ་དེ་བོས་བསྒོ་བ་ནི། །འདི་ནི་བསོད་ ནམས་ཞིང་ཡིན་ཞེས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྐྱོབ་པ་རྣམས་ནི་ཀུན་གྱིས་གསུངས། །རྣམ་དག་ཡོན་ཏན་རྒྱས་པ་ཡི། །དགེ་འདུན་ལ་ནི་ཀུན་གྱིས་བྱིན། །དགེ་འདུན་ལ་ ཕུལ་འབྲས་བུ་ཆེ། །སྐྱེས་བུ་མཁས་པ་གང་དག་གིས། །དགེ་འདུན་ལ་ནི་ཡོན་ཕུལ་ན། །ལོངས་སྤྱོད་ཆེན་པོ་མི་ཟད་པ། །འཇིག་རྟེན་པ་ལ་སྐྱེ་པར་འགྱུར། །དེ་བས་ཐམས་ཅད་མཐུན་པར་ནི།། སེམས་དཔའ་དགའ་བ་བསྐྱེད་ནས་སུ། །སངས་རྒྱས་བསྔགས་པའི་དགེ་འདུན་ལ། །ཅི་ནུས་པར་ནི་མཆོད་སྟོན་བྱ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་དབང་བསྐུར་བ། །སྔོན་གྱི་སངས་རྒྱས་ཀྱིས་བཤད་པ། །རྒྱས་པ་རུ་ནི་བཤད་པར་བྱའི། །ཡིད་གཅིག་ [209B] །གསང་བ་པའི་བདག་པོ། དེ་ལ་སློབ་དཔོན་གྱིས་རྩ་བའི་དཀྱིལ་འཁོར་གྱི་མདུན་དུ་བར་ཁྲུ་དོ་བོར་ནས་ཕྱི་རོལ་གྱིས་ལ་དཀྱིལ་འཁོར་གཉིས་པ་གྲུ་བཞི་བ་ལ་སྒོ་གཅིག་ པ་བྲི་བར་བྱའོ། །གྲྭ་བཞིར་རྡོ་རྗེ་འཛིན་པ་བཞི་དགོད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྤྲོས་པ་མེད་པར་གནས་པ་དང། ནམ་མཁའ་དྲི་མ་མེད་པ་དང། དྲི་མ་མེད་པའི་མིག་དང། གོས་སྣ་ཚོགས་ གྱོན་པ་རྣམས་སོ། །དབུས་སུ་པདྨ་ཆེན་པོ་འདབ་མ་བརྒྱད་པ་ཟེ་བ་དང་བཅས་པ་བཞག་སྟེ་འདབ་མ་བཞི་ལ་བྱང་ཆུབ་སེམས་དཔའ་གྲོགས་སུ་གྱུར་པ། སྔོན་གྱི་སྨོན་ལམ་གྱི་མཐུ་ཅན་དུ་གྱུར་པ་ བཞི་བྲི་བར་བྱ་སྟེ། འདི་ལྟ་སྟེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང། དྲན་པ་དང་ཤེས་བཞིན་ཅན་དང། ཕན་པའི་ལྷག་པའི་བསམ་པ་ཅན་དང། སྙིང་རྗེ་ཅན་ནོ། །འདབ་མ་གཞན་རྣམས་ལ་ནི་ ཕྱག་བརྙན་བཞི་བྲི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཀྱི་ཁྱད་པར་ལ་སྤྱོད་པ་དང། འདོད་པ་ཡོངས་སུ་རྫོགས་བྱེད་དང། མ་ཆགས་པ་དང། རྣམ་པར་གྲོལ་བའོ། །དབུས་སུ་ནི། ཆོས་ ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་གཟུགས་གཞག་གོ་དེ་ནས་རིན་པོ་ཆེའི་བུམ་པ་བཞི་རིན་པོ་ཆེ་དང་སྨན་ཐམས་ཅད་བླུགས་པ། ཀུན་ཏུ་བཟང་པོ་དང། བྱམས་པ་དང། སྒྲིབ་པ་ཐམས་ ཅད་རྣམ་པར་སེལ་བ་དང། ངན་སོང་ཐམས་ཅད་བོང་བ་རྣམས་ཀྱིས་བྱིན་གྱིས་བརླབས་པས་སྤྱི་བོ་ནས་དབང་བསྐུར་རོ། །པདྨ་འདབ་མ་དེ་ལ་ནི། །སྔགས་པ་བདག་གིས་དེ་བཞག་ནས། །སྤོས་ [210A]༄༅། །དང་མེ་ཏོག་གིས་མཆོད་དེ། །མར་མེ་མཆོད་ཡོན་སྦྱིན་པར་བྱ། །གདུགས་དང་རྒྱལ་མཚན་བ་དན་དང། །རྔ་སྒྲ་ཡིད་དུ་འོང་བ་དང། །བཀྲ་ཤིས་རྒྱ་ཆེན་སྙན་པོ་ ཡིས༑ ༑ཚིག་གིས་ལེགས་པར་མངོན་དགར་བྱ། །སྐྱོབ་པ་རྣམས་ཀྱི་སྤྱན་སྔ་རུ། །དེ་ནི་བསྒྲིམས་ཏེ་དབང་བསྐུར་རོ། །སྤོས་དང་མེ་ཏོག་བཟང་པོ་ཡིས། །དེ་ལ་ཡང་ནི་མཆོད་པ་བྱ། ། དེ་ནས་གསེར་གྱི་ཐུར་མ་ནི། །ཐོགས་ཏེ་མདུན་དུ་འདུག་ནས་སུ། །སློབ་མའི་སྙིང་ལ་དབབ་པའི་ཚིག་འདི་སྐད་ཅེས་ནི་སྨྲ་བར་བྱ་།སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ ལིང་ཏོག་བསལ་བ་བཞིན། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །དེ་ནས་མེ་ལོང་བླངས་ནས་སུ། །ཆོས་ཀྱི་མཚན་ཉིད་བཤད་པར་བྱ། །ཆོས་རྣམས་གཟུགས་ བརྙན་ལྟ་བུ་སྟེ། །དྭངས་ཤིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་བྱུང་བ་སྟེ། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་འདི་ཤེས་ནས་སུ། །སེམས་ ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེས་།དེ་ནས་རྐང་པའི་བར་འོག་ཏུ། །ཆོས་ཀྱི་འཁོར་ལོ་གཞག་པར་བྱ་།དེ་ནས་ལག་པ་གཡས་པར་ཡང། །ཤིན་ཏུ་ བཟང་པོའི་དུང་བྱིན་ཏེ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ཏུ་རྒྱས་པར་བུས་ནས་སུ། །དེ་རིང་ཕྱིན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱི་འཁོར་ལོ་བསྐོར། །སོམ་ཉི་ཡིད་གཉིས་མི་བྱ་ [210B] །དོགས་པ་མེད་པའི་སེམས་ཀྱིས་ཁྱོད། །གསང་སྔགས་སྤྱད་པའི་ཚུལ་གྱི་མཆོག་འཇིག་རྟེན་འདི་ལ་རབ་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་ཐོགས་བྱས་པ་གཟོ་ཞེས་ བྱ༑ ༑རྡོ་རྗེ་འཛིན་པ་དེ་ཀུན་ཡང། །ཁྱོད་ལ་རྣམ་པ་ཀུན་ཏུ་སྲུང། །དེ་ནས་སློབ་མ་དེ་བསླང་ལ། །སྔགས་པ་སྙིང་རྗེར་ལྡན་གྱུར་པའི། །ཡིད་ཀྱིས་ནང་དུ་བཅུག་ནས་ནི། །དེ་ལ་དམ་ཚིག་བསྟན་ པར་བྱ༑ ༑དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་དེ་ཕྱིན་ཆད། །ཡོངས་སུ་གཏང་བར་མི་བྱ་འོ། །ཁྱོད་ཀྱིས་སེར་སྣ་དང་ནི་གང། །སེམས་ ཅན་གནོད་པ་མི་བྱ་འོ། །དམ་ཚིག་འདི་དག་སངས་རྒྱས་ཀྱིས། །བརྟུལ་ཞུགས་བཟང་པོ་ཁྱོད་ལ་བཤད། །ཇི་ལྟར་རང་གི་སྲོག་སྲུང་བ་།དེ་ལྟར་ཁྱོད་ཀྱིས་འདི་དག་སྲུངས། །སློབ་མས་བླ་ མའི་རྐང་པ་ལ། །དད་ཅིང་གུས་པར་ཕྱག་བྱས་ནས། །ཤིན་ཏུ་ངེས་པའི་ཡིད་ཀྱིས་ནི། །དེ་དག་ཐམས་ཅད་ཁས་བླང་ངོ། །དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་ རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་འདིའི་དམ་ཚིག་ལ་ཞུགས་ པར་གྱུར་པ་དེའི་བསོད་ནམས་ཇི་ཙམ་ཞིག་མངོན་པར་འདུས་བགྱིས་པར་རིག་པར་བགྱི། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ [211A]༄༅། །འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དེ་བཞིན་གཤེགས་པ་ལས་བྱུང་བའི་བསོད་ནམས་མངོན་པར་འདུས་བྱས་པ་ཇི་ ཙམ་དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་བསོད་ནམས་མངོན་པར་འདུས་བྱས་པ་ཡང་དེ་ཙམ་དུ་རིག་པར་བྱའོ། །གསང་བ་པའི་བདག་པོ། རྣམ་གྲངས་འདིས་ཀྱང་ཁྱོད་ ཀྱིས་འདི་ལྟར་རིག་པར་བྱ་སྟེ། རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་དེ་དག་ནི། དེ་བཞིན་གཤེགས་པའི་ཞལ་དང་ཐུགས་ལས་སྐྱེས་པའི་སྲས་ཡིན་པར་རིག་པར་བྱ་འོ། །རིགས་ ཀྱི་བུ་དང། རིགས་ཀྱི་བུ་མོ་དེ་དག་ཕྱོགས་གང་ན་གནས་པ་དེར་དེ་བཞིན་གཤེགས་པ་དེས་ཆེན་པོ་དགོངས་མི་དགོས་པར་འགྱུར་རོ། །གསང་བ་པའི་བདག་པོ། དེ་ལྟ་བས་ན། དེ་ བཞིན་གཤེགས་པ་ལ་མཆོད་པར་འདོད་པའི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་རྣམས་ཀྱིས་དེ་དག་ལ་མཆོད་པར་བྱ་འོ། །དེ་བཞིན་གཤེགས་པ་ལ་བལྟ་བར་འདོད་པ་རྣམས་ཀྱིས་དེ་ དག་ལ་བལྟ་བར་བྱ་འོ། །དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པ་རྡོ་རྗེ་འཛིན་དེ་དག་དང། ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས་མགྲིན་གཅིག་ ཏུ་ཚིག་སྨྲས་པ། བཅོམ་ལྡན་འདས། དེང་སླན་ཆད་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་དེ་རྣམས་ལ་རིམ་གྲོར་བགྱི་ཞིང་མཆོད་པར་བགྱི་འོ། །བཅོམ་ལྡན་འདས། དེ་ཅིའི་སླད་དུ་ཞེ་ན་ [211B] རིགས་ཀྱི་བུ་མོ་དེ་དག་ཉིད་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་བལྟ་བར་བགྱི་བ་ལགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ ལྡན་པའི་འཁོར་དེ་དག་ལ་གཟིགས་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་དང། རྡོ་རྗེ་འཛིན་དེ་རྣམས་དང། ཐམས་ཅད་དང་ལྡན་པའི་འཁོར་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་ བཞིན་གཤེགས་པ་རྣམས་ཀྱི་གསང་སྔགས་ཀྱི་ཚིག་[?]གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་མཐའ་ཡས་པར་འཇུག་པ། རྒྱ་ཆེན་པོ་ལས་བྱུང་བ་སྣ་ཚོགས་ཀྱི་གཟུགས་ཀྱི་ནོར་བུ་དང་འདྲ་ བ༑ རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ། ཐོགས་པ་མེད་པའི་རྟོགས་པ་ལ་གནས་པ། དུས་གསུམ་དུ་ཆགས་པ་མེད་ པའི་སྟོབས་དང་ལྡན་པའི་གསང་སྔགས་ཀྱི་ཚིག་འདི་དག་ཡོད་དོ་།དེ་སྐད་ཅེས་བཀའ་སྩལ་པ་དང། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་དང། རྡོ་རྗེ་འཛིན་དེ་རྣམས་དང། ཐམས་ཅད་དང་ ལྡན་པའི་འཁོར་དེ་དག་གིས་མགྲིན་གཅིག་ཏུ་ཚིག་ཏུ་སྨྲས་པ། བཅོམ་ལྡན་འདས། དེའི་དུས་ལ་བབ་བོ། །བདེ་བར་གཤེགས་པ། དེའི་ཚོད་ལ་བབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ དེའི་ཚེ་ལྗགས་ཀྱི་དབང་པོ་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་རྣམ་པར་སྤྲུལ་བས་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ཀུན་ཏུ་གཡོགས་ནས་ཆོས་ཀྱི་རྒྱལ་མཚན་གྱི་ཏོག་ [212A]༄༅། །རྒྱ་ཆེན་པོ་ཡོངས་སུ་དག་པའི་རྩེ་མོ་ལ་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་ འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཀྱི་དབྱིངས་ཁྱབ་པ། སེམས་ཅན་གྱི་ཁམས་མ་ལུས་པ་རྣམས་ཡོངས་སུ་སྐྱོབ་པའི་སྒྲ་འབྱིན་པ། རིག་སྔགས་ཀྱི་རྒྱལ་མོ་ སྟོབས་ཆེན་པོ་སྲུང་བ་ཆེན་མོ་འདི་གསུངས་སོ། །ན་མཿ་སརྦྦ་ཏ་ཐཱ་ག་ཏེ་བྷྱ་སརྦྦ་བྷ་ཡ་བི་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦྦ་ཐཱ་ཁཾ་རཀྵ་མ་ཧཱ་བ་ལེ་སརྦྦ་ཐཱ་ག་ཏེ་པུ་ཎྱ་ནི་རྫ་ཏེ། ཧཱུཾ་ཧཱུཾ་ཏྲ་ཏ་ཏྲ་ཏ་ ཨ་པྲ་ཏི་ཧ་ཏེ་སཱ་ཧཱ། སངས་རྒྱས་མཁས་པ་ཐམས་ཅད་ཀྱིས་།རིག་སྔགས་འདི་གསུངས་མོད་ལ་ནི། །དེ་ཚེ་སངས་རྒྱས་ཞིང་འདི་དག་རྣམ་པ་དྲུག་ཏུ་གཡོས་པར་གྱུར། །བྱང་ཆུབ་སེམས་ དཔའ་དེ་ཀུན་གྱིས། །ངོ་མཚར་གྱུར་པའི་མིག་གདངས་ནས། །སངས་རྒྱས་ཀུན་གྱི་སྤྱན་སྔར་ནི། །ཡིད་དུ་འོང་བའི་ཚིག་སྨྲས་པ་།ཨེ་མ་འོ་སངས་རྒྱས་ཐམས་ཅད་ཀྱིས། །སྲུང་བ་ རབ་ཏུ་སྟོབས་ཆེན་འདི། །སེམས་ཅན་ཐམས་ཅད་བསྲུང་བ་དང་།བསྐྱབ་ཅིང་སྦ་བའི་ཕྱིར་གསུངས་ཏེ། །གང་གིས་སྙིང་ལ་སྲུང་གནས་པ། །དེ་དག་ལ་ནི་འཇིགས་པ་མེད། །གསང་ སྔགས་མཐུ་ཆེན་དྲན་བྱས་ན། །བགེགས་དང་ལོག་འདྲེན་ཐམས་ཅད་དང། །སྲིན་པོ་འཇིགས་པའི་གཟུགས་ཅན་ནི། །དེ་དག་ཐམས་ཅད་འཇིགས་པར་འགྱུར། །དེ་ནས་ཡང་བཅོམ་ [212B]དེའི་ཚེ་ཆོས་ཀྱི་དབྱིངས་ཀྱི་མཛོད་ཀྱི་སྙིང་བོ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ ཞུགས་མ་ཐག་ཏུ་དམ་ཚིག་ལ་འཇུག་པའི་རིག་སྔགས་འདི་བྱུང་ངོ་།ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཨ་ས་མེ། ཏྲི་ས་མེ། ས་མ་ཡེ་སཱཧཱ། དེ་ནས་དེ་མ་ཐག་ཏུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང། བྱང་ཆུབ་ སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་དམ་ཚིག་ལ་འཇུག་པའི་རིག་སྔགས་ཀྱི་སྒྲ་གང་ཞིག་ཐོས་ན། མཁས་པ་རྣམས་ཆོས་ཐམས་ཅད་ལས་འདའ་བར་མི་འགྱུར་བའི་སྒྲ་གྲགས་པར་ གྱུར་ཏོ༑ ༑དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་འབྱུང་བའི་གསང་སྔགས་གསུངས་པ། ན་མཿ་ས་མནྟ་བུདྡྷཱ་ནཱཾ་དྷརྨ་དྷཱ་ཏུ་སཱ་བྷཱ་བ་ཨཱཏྨ་ཀོཉྷཾ། ཆོས་ཀྱི་དབྱིངས་སུ་བྱིན་ གྱིས་བརླབ་པ་འོ། །ན་མཿ་ས་མནྟ་བཛྲཱ་ནཱཾ། བཛྲ་ཨཱཏྨ་ཀོཉྷཾ། རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པའོ། །ན་མཿ་ས་མནྟ་བཛྲཱ་ནཱཾ། བཛྲ་ཀ་བ་ཙ་ཧཱུཾ། རྡོ་རྗེ་གོ་ཆ་འོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཏ་ཐཱ་ ག་ཏ་ཙཀྵུ་རྦྷྱ་ཨ་བ་ལོ་ཀ་ཡ་སཱ་ཧཱ། དེ་བཞིན་གཤེགས་པའི་སྤྱན་ནོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། བི་ཤུདྡྷ་གནྡྷོ་ད་བྷ་བ་སཱཧཱ། བྱུག་སྤོས་ཀྱི་སྔགས་སོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། མ་ཧཱ་མེ་ཏྲི་བྱུང་ག་ཏ་ སཱཧཱ། མེ་ཏོག་གི་སྔགས་སོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ་དྷརྨ་དྷཱ་ཏུ་ཨ་ནུ་ག་ཏ་སཱ་ཧཱ། བདུག་སྤོས་ཀྱི་སྔགས་སོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ར་ཙི་སྥ་ར་ཎ་ཨ་པ་བྷཱ་ས་ག་ག་ནོ་ཏྟ་རེ་བྷྱ་ [213A]༄༅། །སཱ་ཧཱ༑ མར་མེའི་སྔགས་སོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། ག་ག་ན་ས་མ་ས་མ་སཱཧཱ། མཆོད་ཡོན་གྱི་སྔགས་སོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། ག་ག་ན་ནནྡྷ་སྥ་ར་ཎ། བི་ཤུདྡྷ་ དྷ་རྨ་ནི་ར་ཛ་ཏ་སཱཧཱ། གཙུག་ཏོར་གྱི་སྔགས་སོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། པྲ་ཙཎྜ་བཛྲ་ཛྭ་ལ་བི་སྤུ་ར་ཧཱུཾ། དེ་བཞིན་གཤེགས་པའི་གོ་ཆའོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཛཱ་ལ་མ་ལི་ན་ཏ་ཐཱ་ ག་ཏ་ར་ཙི་སཱཧཱ། ཀུན་ཏུ་འབར་བའོ། །ན་མསམྣྟ་བུདྡྷ་ནཱཾ། མ་ཧཱ་ཏ་ཐཱ་ག་ཏ་ཛི་ཧཱ་སད་སྱ་དྷརྨ་བྲ་ཏིཥྛི་ཏ་སཱཧཱ། དེ་བཞིན་གཤེགས་པའི་ལྗགས་ཀྱིའོ། །དཀྱིལ་འཁོར་དུ་དགོང་པའི་ གསང་སྔགས་ཀྱི་མཛོད་དོ།། །།བམ་པོ་གསུམ་པ། དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་ན་རྡོ་རྗེས་ཞུས་པ། བཅོམ་ལྡན་འདས། ཇི་ལྟར་ན། དཀྱིལ་ འཁོར་འདྲི་བའི་ཚེ་ན་ནི། །བགེགས་རྣམས་ཞི་བར་འགྱུར་བ་ལགས་།གསང་སྔགས་སྒྲུབ་པའི་ཚེ་ན་ཡང། །ལོག་འདྲེན་རྣམས་ནི་མ་མཆིས་འགྱུར། །གསང་སྔགས་རྣམས་ཀྱང་ཇི་ ལྟར་སྒྲུབ། །དེ་ཡི་འབྲས་བུ་ཅི་འདྲར་འགྱུར། །དེ་སྐད་གསོལ་ནས་དེ་ཡི་ཚེ། །བཅོམ་ལྡན་རྣམ་སྣང་མཛད་ཆེན་གྱིས། །འདི་སྐད་ཅེས་ནི་བཀའ་སྩལ་པ། །སེམས་དཔའ་ཆེན་པོ་ལེགས་སོ་ ལེགས༑ ༑ཁྱོད་ཀྱིས་ཡོངས་སུ་དྲིས་པ་གང། །ཐམས་ཅད་ཁྱོད་ལ་བསྟན་པར་བྱ། །སྔོན་ཆད་སེར་སྣ་བསྟེན་པའི་ཕྱིར། །བགེགས་ནི་རང་གི་སེམས་ལས་བྱུང། །དེ་ཡི་རྒྱུ་ནི་གཞིག་ [213B] །གང་དུ་སེམས་དང་སེམས་བྱུང་བའི། །རྟོག་པ་ཐམས་ཅད་སྤོང་བ་དང། །རྣམ་པར་རྟོག་པ་ལས་བྱུང་བའི། །སྤྲོས་པ་ཐམས་ཅད་འགག་འགྱུར་བའི། །བྱང་ཆུབ་སེམས་ཞེས་བཤད་བ་ ཡིན༑ ༑སྔགས་པས་བྱང་ཆུབ་སེམས་དྲན་ཞིང། །མི་གཡོ་བ་ནི་ཡིད་ལ་བཟླས། །དེ་ཡི་ཕྱག་རྒྱ་བཅིངས་ན་ནི། །བགེགས་རྣམས་ཐམས་ཅད་འཇིག་པར་འགྱུར། །གསང་བ་པའི་བདག་པོ། དེ་ལ་ རླུང་བཅིང་བ་འདི་ཉོན་ཅིག་ཨ་ཞེས་བྱ་བར་བདག་བསྒྱུར་ཏེ། །ཧཾ་ཞེས་བྱ་བ་ཡིད་ལ་བཟླས། །རླུང་གི་ཕྱོགས་སུ་གནས་ནས་ནི། །ས་ལ་སྤོས་ཀྱི་ཐིག་ལེ་དག་བདུན་ཉིད་ལེགས་པར་བྱས་ནས་ སུ༑ ༑ཁམ་ཕོར་གྱིས་ནི་དགབ་པར་བྱ། །ཁམ་ཕོར་རི་རབ་ཆེན་པོ་རུ། །ཡང་དང་ཡང་དུ་བསམ་པར་བྱ། །དེ་ཡི་སྟེང་དུ་ཨ་ཞེས་པ་།ཀླད་ཀོར་བཅས་པ་རྒྱས་པར་བསམ། །རླུང་བཅིང་ཆེན་པོ་དེ་ལྟ་བུ།། སྔོན་གྱི་རྒྱལ་བ་རྣམས་ཀྱིས་བཤད། །སེམས་དཔའ་ཆེན་པོ་ཆུ་ཡི་ཡང། །ཡིད་གཅིག་བསྡུས་ཏེ་མཉམ་པར་གྱིས། །སྔགས་པས་ར་ཞེས་བྱ་བ་ནི། །ཐམས་ཅད་དམར་པོ་སྟོབས་ཆེན་བསམ།། འབར་བའི་ཕྲེང་ཅན་མི་ཟད་པ། །ཁྲོ་བོ་ལག་ན་རལ་གྲི་ཐོགས་།ས་ལ་སྤྲིན་གྱི་གཟུགས་བྲིས་ནས། །རལ་གྲི་ཕྱག་རྒྱས་དབབ་པར་བྱ། །ཕྱོགས་ཀུན་ནས་ནི་ལངས་པའི་སྤྲིན། །དེ་མ་ཐག་ཏུ་ འཇིག་པར་འགྱུར། །ཡང་ན་སྔགས་པ་མི་གཡེང་བས། །དེ་དག་ཕུར་བུས་གདབ་བྱ་སྟེ། །མཁས་པ་རྡོ་རྗེར་གྱུར་ནས་སུ། །ཐམས་ཅད་རྡོ་རྗེ་ཕུར་བུས་གདབ། །ཡང་ན་བགེགས་རྣམས་ [214A]༄༅། །ཐམས་ཅད་ནི། །ཞི་བར་བྱ་བ་ཡང་བཤད་དེ། །སྔགས་པ་དཀྱིལ་འཁོར་དབུས་གནས་ནས། །མི་གཡོ་སྟོབས་ཆེན་གསང་སྔགས་ནི་།ཤིན་ཏུ་མི་ཟད་བདག་ ཉིད་ཀྱི༑ ༑དཀྱིལ་འཁོར་དག་ལ་གནས་པར་བསམ། །དེ་ཡི་གཟུགས་བརྙན་བྱས་ནས་ནི། །རྐང་པ་གཡོན་པས་སྤྱི་བོར་གཟེར། །འོན་ཏང་དེ་ནི་ཞིར་འགྱུར་བའམ། །དོགས་པ་མེད་པར་ འཆི་བར་འགྱུར། །དེ་ཡི་གཟུགས་བརྙན་བྱས་ནས་སུ། །སྐེ་ཚེ་དུག་ཁྲག་བསྲེས་པ་ཡིས། །བྱུགས་ནས་སྔགས་པས་བསྐམས་ན་ནི། །གདོན་དེ་མྱུར་དུ་ཚིག་པར་འགྱུར། །དེ་ནི་མེ་ལ་ བསྐམས་པ་དང། །དུག་གིས་བསྐུས་ན་ངེས་པར་ནི། །ཚངས་པའམ་འོན་ཏེ་བརྒྱ་བྱིན་ཡང། །དེ་ཡི་མོད་ལ་མྱུར་དུ་འཚིག་དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། བདག་གིས་འདི་ལྟར་མཇལ་ཏོ། །བཅོམ་ལྡན་འདས། རང་གི་དཀྱིལ་འཁོར་གྱི་གནས་ལ་ གནས་ན། ལྷ་རྣམས་བྱིན་གྱིས་རློབ་པར་བགྱིད་དོ། །དེ་ཉིད་དུ་གནས་ན། དེ་བཞིན་གཤེགས་པའི་བཀའ་ལས་ཀྱང་འགལ་བར་མི་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ འདི་ལྟར་རང་གི་རིགས་ལ་གནས་པ་དེ་ནི། གསང་སྔགས་ཐམས་ཅད་ཀྱི་དམ་ཚིག་ལགས་སོ། །བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ [214B]བསྒྲུབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ། དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་དེ་བཞིན་ ནོ༑ ༑གསང་བ་པའི་བདག་པོ། གཞན་ཡང། གང་གི་ཁ་དོག་གང་གསུངས་པ། །དེ་ཉིད་དེ་ཡི་དཀྱིལ་འཁོར་ཏེ། །ལྷ་ཡི་གཟུགས་ནི་དེ་ལྟ་བུར། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་བསྟན། ། དེ་ལ་གསང་བ་པའི་བདག་པོ། མ་འོངས་པའི་དུས་ན་སེམས་ཅན་བློ་ཞན་པ་མ་དད་པ་གང་བསྟན་པ་འདི་ལ་དད་པར་མི་འགྱུར་ཞིང་ཡིད་གཉིས་དང་སོ་མ་ཉི་མང་བ། ཐོས་པ་ཙམ་སྙིང་པོར་ འཛིན་པ། སྒྲུབ་པ་ལ་མི་ཕྱོགས་པ་དག་འབྱུང་བར་འགྱུར་ཏེ། དེ་དག་ནི། བདག་ཉིད་ཀྱང་མ་རུང་ལ་གཞན་ཡང་ཕུང་བར་བྱེད་པ་ཡིན་ནོ། །འདི་སྐད་དུ་འདི་ནི། ཕྱི་རོལ་པ་རྣམས་ལ་ཡོད་དེ། སངས་ རྒྱས་ཀྱིས་གསུངས་པ་ནི། མ་ཡིན་ནོ། །ཞེས་སྨྲ་བར་འགྱུར་གྱི། མི་བླུན་པོ་དེ་དག་གིས་འདི་ལྟར་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཆོས་ཐམས་ཅད་ལ་མངའ་བརྙེས་པ། སེམས་ཅན་ གྱི་དོན་རྟོགས་པར་ཐུགས་སུ་ཆུད་པ་དེས་སྔོན་སེམས་ཅན་རྣམས་ལ་ཕན་པར་བཞེད་ནས་འདི་དག་ཐམས་ཅད་བཤད་དོ། །ཞེས་བྱ་བར་ནི་མི་ཤེས་སོ། །ཆོས་རྣམས་ཀྱི་ནི་ཆོས་ཀྱི་མཚན། ། བླུན་པོ་དེས་ནི་དེ་མི་ཤེས། །ཆོས་རྣམས་ཀུན་གྱི་མཚན་ཉིད་ནི་།སྟོང་པ་ཉིད་དུ་ཡང་དག་གསུངས། །སྔགས་པ་རྟག་ཏུ་དེར་གནས་ནས། །རབ་ཏུ་ངེས་པར་ལས་བྱའོ། །བགེགས་ཞི་བར་ [215A]༄༅། །བྱ་བའི་རིམ་པར་ཕྱེ་བ་རྒྱས་བ་འོ། །དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པ་རྡོ་རྗེ་འཛིན་པ་དེ་དག་དང། ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་རྣམས་ ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ནས་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་ཆེན་པོ་འདིར་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྒོ་ཇི་ལྟར་རྟོགས་པ་ རང་རང་གི་ཚིག་ཏུ་བརྗོད་པའི་ཚིག་གིས་གསང་སྔགས་རྣམས་སྨྲ་བར་འདོད་ནས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ བྱང་ཆུབ་སེམས་དཔའ་དེ་དག་དང། རྡོ་རྗེ་འཛིན་དེ་དག་ལ་མི་ཉམས་པའི་ཆོས་ཉིད་དུ་བྱིན་གྱིས་བརླབས་ནས་བཀའ་སྩལ་པ། རིགས་ཀྱི་བུ་དག་ཆོས་ཀྱི་དབྱིངས་ཇི་ལྟར་རྟོགས་ པ་བཞིན་སེམས་ཅན་གྱི་ཁམས་རྣམ་པར་སྦྱོང་བའི་གསང་སྔགས་ཀྱི་ཚིག་རྣམས་སྨྲོས་ཤིག་དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སངས་རྒྱས་ཀྱི་རྒྱན་གྱི་ ཡུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྟོབས་ཐོགས་པ་མེད་པའི་གསང་སྔགས་སྨྲས་པ། ན་མཿ་ས་མནྟ་བུདྡྷཱ་ནཱཾ། ས་མནྟཱ་ནུ་ག་ཏི་བ་ར་ཛ་དྷ་རྨ་ནི་ར་ཛ་ཏཱ་མ་ཧཱ་ མ་ཧཱ་སཱ་ཧཱ། ཀུན་ཏུ་བཟང་པོའི་འོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་བྱམས་པ་ཆེན་པོ་ཀུན་ཏུ་མངོན་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་ [215B] ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཨ་ཛི་ཏ་ན་ཛ་ཡ། སརྦྦ་ས་ཏྭ་ཡ་ཤ་ཡཱ་ནུ་ག་ཏ་སཱཧཱ། བྱམས་པའི་འོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་རྣམ་པར་དག་པའི་ཡུལ་ ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསང་སྔགས་སྨྲས་པ། ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཨཱ་ཀ་ཤ་ས་མ་ཏཱ་ནུ་ག་ཏ་བི་ཙིཏྟཾ་བ་ར་དྷ་ར་སཱཧཱ། ནམ་མཁའི་སྙིང་པོའི་འོ། །དེ་ ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྙིང་རྗེ་ཆེན་པོའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསང་སྔགས་སྨྲས་པ། ན་མཿ་ས་མནྟ་ བུདྡྷཱ་ནཱཾ། ཨཱ་སཱད་ཏ་ཧྲྀ་ཏ། ཨ་བྱུད་ག་ཏ། ཏྲཱཾ་ཏྲཱཾ་རཾ་རཾ་སཱཧཱ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་འོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་སྦྱན་རས་གཟིགས་དབང་ཕྱུག་ཀུན་ཏུ་སྦྱན་རས་ གཟིགས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་གི་སྙིང་པོ་འཁོར་དང་བཅས་པ་སྨྲས་པ། ན་མཿ་ས་མནྟ་བུདྡྷཱ་ནཱཾ། སརྦྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏ་ཀ་རུ་ཎཱ་མཱ་ཡཱ་ར་ར་ར་ཧཱུཾ་ཛཿ་ སཱཧཱ། སྤྱན་རས་གཟིགས་དབང་ཕྱུག་གི་འོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཛི་ཛཾ་ས་སཱཧཱ། མཐུ་ཆེན་ཐོབ་པའི་འོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཀུ་རུ་ཎོད་བྷ་བེ་ཏཱ་རེ་ཏཱ་ར་ཎི་སཱཧཱ། ལྷ་མོ་སྒྲོལ་མའི་འོ། །ན་མཿ་ ས་མནྟ་བུ་དྡྷཱ་ནཱཾ། སརྦྦ་བྷ་ཡ་ཏཱ་ས་ནི་ཧཱུཾ་སྥོ་ཊ་ཡ་སཱཧཱ། ཁྲོ་གཉེར་ཅན་མའི་འོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ་ཏ་ཐཱ་ག་ཏ་བི་ཤ་ཡ་སཾ་བྷ་པེ། པདྨ་མཱ་ལི་ནི་སཱ་ཧཱ། གོས་དཀར་ཅན་གྱི་འོ། །ན་མཿ་ས་མནྟ་ [216A]༄༅། །བུདྡྷཱ་ནཱཾ། ཧཱུཾ་ཁ་ད་བནྡྷ་སྥོ་ཊ་ཡ་སཱཧཱ་རྟ་མགྲིན་གྱིའོ། །དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་རྡོ་རྗེ་མི་ཤིགས་པ་རྟོག་པའི་ཡུལ་ཞེས་བྱ་བའི་ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་ནས་གསང་སྔགས་སྨྲས་པ། ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཧ་ཧ་ཧ་སུ་ཏཱ་ནུ་སཱཧཱ། སའི་སྙིང་པོའི་འོ་།དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་ གྱུར་པ་སངས་རྒྱས་ཀྱི་བྱིན་གྱི་རླབས་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་གི་སྙིང་པོ་སྨྲས་པ། ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཧེ་ཧེ་ཧེ། ཀུ་མཱ་ར་ཀ་ པི་མུཀྟི། ས་ཐི་རྠ་ཏི། སྨ་ར་སྨ་ར། པྲ་ཏི་ཧ་ན་སཱཧཱ་འཇམ་དཔལ་གྱིའོ། །དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་མི་ཕམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ ནས་རང་གི་སྙིང་པོ་འཁོར་དང་བཅས་པ་སྨྲས་པ། ན་མས་མནྟ་བཛྲ་ཎཱན། ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ། ཕྱག་ན་རྡོ་རྗེའི་འོ་།ན་མས་མནྟ་བཛྲ་ཎཱ་ན། ཏྲི་ཊ་ཏྲི་ཊ། ཛ་ཡ་ན་ཏི་སཱཧཱ། མཱ་ མ་ཀཱིའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། ཧཱུཾ་བནྡྷ་ཡ་བནྡྷ་ཡ། མོ་ཊ་ཡ་མོ་ཊ་ཡ། བཛྲོད་བྷ་བེ་སརྦ་ཏྲ་ཨ་པྲ་ཏི་ཧ་ཏེ་སཱ་ཧཱ། རྡོ་རྗེ་ལུ་གུ་རྒྱུད་ཀྱིའོ། །ན་མས་མནྟ་བཛྲཱ་ཎཱན། ཧི་ཧཱུཾ་ཕཊ་སཱཧཱ་ ཁྲོ་ཟླ་གཙོ་བོའི་འོ། །ན་མས་མནྟ་བཛྲཱི་ཎཱན། སརྦྦ་དྷ་རྨ་ནིར་བཧེ་ད་ནི། བཛྲ་སུ་ཙི་བ་ར་དེ་སཱཧཱ། རྡོ་རྗེ་རྩེ་མོའི་འོ། །ན་མས་མནྟ་བཛྲཱ་ཎཱ་ན། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ། ཛཾ་ཛཾ་སཱ་ཧཱ། རྡོ་རྗེ་འཛིན་ [216B] །ན་མས་མནྟ་པཛྲཱ་ཎཱ་ན། ཧེ་ཧེ་ཀིཉྩི་ར་ཡཱ་སི་གྲྀཧྣ་གྲྀཧྣ། ཁཱ་ད་ཁཱ་ད། པ་རི་བའུ་ར་ཡ་ས་པྲ་ཏི་ཛྙཱ་ན་སཱ་ཧཱ། ཕྱག་བརྙན་ཐམས་ཅད་ཀྱིའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་ པས་རིན་པོ་ཆེའི་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཉིད་ཀྱི་སྙིང་པོ་འཁོར་དང་བཅས་པ་གསུངས་པ། ན་མས་མནྟ་བུདྡྷ་ནཱཾ། སརྦྦ་ཀླེ་ཤ་ནི་ཤུདྡྷཱ་ན་སརྦྦ་དྷརྨ་ བ་ཤི་པྲཱ་པྟ་ག་ག་ན། ས་མ་ས་མ་སཱ་ཧཱ། ཤཱཀྱ་ཐུབ་པའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། བ་ར་དེ་བར་པྲཱ་པྟེ་ཧཱུཾ་མཛོད་སྤུའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། བཾ་བཾ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། གཙུག་ཏོར་ཐམས་ ཅད་ཀྱིའོ། །ན་མས་མནྟ་བུདྡྷཱ་ནཱཾ། དཧྲིཾ་དཧྲིཾ། རིཾ་རིཾ་ཛྲི་ཛྲི་སཱ་ཧཱ། ཁྲོ་བོ་གཞན་གྱིས་མི་ཐུབ་པ་ཅེས་བྱ་བའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། ཨ་པ་རི་ཛ་ཏ། ཛ་ལ་ན་ཏི་ཛྷ་ཊི་ཏེ་སཱཧཱ། གཞན་གྱིས་མི་ ཐུབ་མའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། པྲི་ཐེ་བྱེ་སཱཧཱ་སའིོ། །ན་མས་མནྟ་བུདྡྷཱ་ནཱཾ། བིཥྞ་བེ་སཱཧཱ། ཁྱབ་འཇུག་གིའོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། རུ་དྲཱ་ཡ་སཱ་ཧཱ་དྲག་པོའིོ། །ན་མཿ་ས་མནྟ་བུདྡྷཱ་ ནཱཾ༑ བཱ་ཡ་བེ་སཱཧཱ། རླུང་ལྷའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། སཱ་ར་སཱ་ཏྱཻ་སཱཧཱ། དབྱངས་ཅན་གྱིའོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། རཀྟ་སཱ་དཧི་པ་ཏ་ཡེ་སཱཧཱ། བདེན་བྲལ་གྱིའོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། བཻ་ བ་ས་ཏཱ་ཡ་སཱཧཱ། གཤིན་རྗེའོ། །ན་མཿ་ས་མནྟ་བུདྡྷཱ་ཎཱཾ། མྲྀ་ཏ་ཡེ་སཱཧཱ། འཆི་བདག་གིའོ། །ན་མས་མནྟ་བུདྡྷཱ་ནཱཾ། ཀཱ་ལ་རཱ་ཏྲི་ཡེ་སཱ་ཧཱ། དུས་མཚན་གྱིའོ། །ན་མས་མནྟ་བུདྡྷཱ་ནཱཾ། མཱ་ཧྲི་ [217A]༄༅། །བྷྱསཱཧཱ། མ་མོ་རྣམས་ཀྱིའོ། །ན་མས་མནྟ་བུདྡྷཱ་ནཱཾ། ཤ་ཀཱ་ཡ་སཱཧཱ། བརྒྱ་བྱིན་གྱིའོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཨ་པཾ་པ་ཏ་ཡ་སཱཧཱ། ཆུ་ལྷའི་འོ། །ན་མཿ་ ས་མནྟ་བུདྡྷཱ་ནཱཾ། ཨ་ད་ཏྱེའོ་ཡ་སཱཧཱ། ཉི་མའི་འོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། པྲ་ཛཱ་པ་ཏ་ཡེ་སཱཧཱ། ཚངས་པའི་འོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཙནྡྲ་ཡ་སཱ་ཧཱ། ཟླ་བའི་འོ། །ན་མས་མནྟ་བུདྡྷཱ་ ནཱཾ༑ མེ་གྷ་ཤ་ནི་ཡེ་སཱ་ཧཱ། དགའ་བོ་དང། བསྙེན་དགའ་བོའི་འོ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྟན་པ་དོན་ཡོད་པར་གྲུབ་པར་བཞེད་ནས་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡུམ་རིག་སྔགས་ཀྱི་རྒྱལ་མོ་གསུངས་པ། ན་མས་མནྟ་བུདྡྷཱ་ནཱཾ། ག་ག་ན་བར་ལ་ཀྵ་ཎེ་ག་ག་ན་ས་མ་ས་བབོད་ག་ཏ་ཏི་ས་ར་སཾ་བྷ་བེ་ཛ་ལ་ན་མོ་ཨ་མོ་ གྷ་ནཱན་སཱ་ཧཱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡུམ་ནམ་མཁའི་སྤྱན་གྱིའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བགེགས་ཐམས་ཅད་ཞི་བར་བྱ་བའི་ ཕྱིར་གཟི་བརྗིད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བགེགས་ཆེན་པོ་འཇོམས་པའི་གསང་སྔགས་འདི་གསུངས་སོ། །ན་མས་མནྟ་བཛྲཱ་ཎཱ་ན། ཙཎྜ་མ་ཧཱ་རོ་ ཥ་ན་སྥོ་ཊ་ཡ་ཧཱུཾ། ཏྭ་ག་ཧ་མཱ། འཕགས་པ་མི་གཡོ་བའི་འོ་།ན་མས་མནྟ་བཛྲཱ་ཎཱ་ན། ཧ་ཧ་ཧ། བི་སྨ་ཡེ། སརྦྦ་ཏ་ཐཱ་ག་ཏེ་བི་ཥ་ཡ་སཾ་བྷ་ཡ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧཱུཾ་ཛཿ་སཱ་ཧཱ། ཁམས་གསུམ་ [217B] །ན་མས་མནྟ་བུདྡྷཱ་ནཱཾ། ཧེ་ཏུ་པྲ་ཏྱ་ཡ་བི་ག་ཏེ་དྷཱ་རྨ་ནི་རཱ་ཛ་ཏ་ཧཱུཾ། ཉན་ཐོས་རྣམས་ཀྱིའོ། །ན་མས་མནྟ་བུདྡྷཱ་ནཱཾ། རང་སངས་རྒྱས་རྣམས་ཀྱི་འོ། །ན་མས་མནྟ་བུདྡྷཱ་ ནཱཾ༑ སརྦྦ་བུདྡྷཱ་བོ་དྷ་སི་ཏྭ་ཧྲྀ་ད་ཡཱ་ན་བེ་ཤ་ནི་ན་མསརྦ་བིདྱཱ་སཱཧཱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱིའི་སྙིང་པོའོ། །ན་མས་མནྟ་བུདྡྷཱ་ནཱཾ་ལོ་ཀ་ལོ་ཀ་ཀ་རཱ་ཡ། སརྦྦ་ དེ་བ༑ ནཱ་ག། ཡཀྵ། གནྡྷ་རྦ། ཨ་སུ་ར། ག་རུ་ཌ། ཀིན་ན་ར་མ་ཧོ་ར་ག་ཧྲྀ་ད་ཡཱ་ན། ནྱ་ཀ་རི་ཥ་ཡ་བི་ཙི་ཏྲ་ག་ཏི་སཱ་ཧཱ། ལྷ་ལ་སོགས་པ་སྤྱིའི་སྙིང་པོ་འོ། །ན་མས་མནྟ་བུདྡྷཱ་ནཱཾ། སརྦྦ་ཐཱ་ བའི་མ་ཏི། བཾ་ཀི་ར་ཎ། དྷརྨ་དྷཱ་ཏུ་ནིར་ཛཱ་ཏ་སཾ་སཾ་ཧ་སཱཧཱ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིའོ། །ན་མཿ་ས་མནྟ་བུདྡྷ་ནཱཾ། དུརྡནྟ་མ་ཧཱ་རོ་ཥ་ཎཱ་ཁཱ་ཌ་ཡ་ས་བའན་ཏ་ཐཱ་ག་ཨཱ་ཛྙཱཾ་ཀུ་རུ་སཱཧཱ། སྒོ་སྲུང་ གདུལ་དཀའ་བ་ཞེས་བྱ་བའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། ཧེ་མ་ཧཱ་བྲ་ཙཎྜ་ཨ་བཧི་མུ་ཁ་གྲྀཧྞ་ཁཱ་ད་ཡ། ཀཉྩི་རཱ་ཡ་ས་ས་མ་ཡ་མ་ནུ་སྨ་ར་སཱཧཱ། སྒོ་སྲུང་མངོན་དུ་ཕྱོགས་པ་ཞེས་བྱ་བའི་འོ། །ན་མཿ་ ས་མནྟ་བུདྡྷཱ་ནཱཾ། སརྦྦ་ཏྲ་ཨ་ནུ་ག་ཏེ། བནྡྷ་སི་མཾ། མ་ཧཱ་ས་མ་ཡ་ནིར་ཛ་ཏེ་སྨ་ར་ཎེ། ཨ་པྲ་ཏི་ཧ་ཏེ། དྷ་ཀ་དྷ་ཀ། ཙ་ར་ཙ་ར། བནྡྷ་བནྡྷ། ད་ཤ་དི་ཤན་སརྦྦ་ཏ་ཐཱ་ག་ཏ། ཨ་ནུ་ག་ཏེ། པྲ་བརྟ་དྷརྨ་ལཾ་དྷ་བི་ ཛ་ཡེ་བྷ་ག་བ་ཏི་བི་ཀུ་རི་བི་ཀུ་ལེ་ལེ་ལུ་བུ་བྲི་སཱ་ཧཱ་མཚམས་ཆེན་པོ་གཅོད་པའི་འོ། །ན་མས་མནྟ་བུདྡྷ་ནཱཾ། ཨ་བྱང་ཆུབ་ཀྱིའོ། །ཨཱ། སྤྱོད་པའི་འོ། །ཨོཾ། རྫོགས་པར་སངས་རྒྱས་པའི་འོ། །ཨ་ [218A]༄༅། །མྱ་ངན་ལས་འདས་པའི་འོ། །ན་མས་མནྟ་བཛྲཱ་ཎཱ་ན། ཧཱ། འཇིག་རྟེན་གསུམ་ལས་རྣམ་རྒྱལ་བའི་འོ། །ན་མས་མནྟ་བཛྲཱ་ཎཱ་ན། ཧཱཾ། འཕགས་པ་མི་གཡོ་ མགོན་གྱི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། ཨ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། ས། སྤྱན་རས་གཟིགས་དབང་ཕྱུག་གིའོ། །ན་མས་མནྟ་བུདྡྷཱ་ནཱཾ་ པ༑ ཕྱག་ན་རྡོ་རྗེའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། མཾ་འཇམ་དཔལ་གྱིའོ། །ན་མས་མནྟ་བུདྡྷཱ་ནཱཾ། ག། ནམ་མཁའི་སྦྱན་གྱིའོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། རམ། ཆོས་ཀྱི་དབྱིངས་ཀྱིའོ། །ན་ མས་མནྟ་བུདྡྷཱ་ནཱཾ། ཁཾ། དཔའ་བོ་ཆེན་པོའི་འོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཛཾ། ཆུའི་དབང་པོའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། ཏཾ། ལྷ་མོ་སྒྲོལ་མའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། ཧྲཱི་ཁྲོ་ཉེར་ཅན་ མའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། པཾ། གོས་དཀར་ཅན་གྱི་འོ་།ན་མས་མནྟ་བུདྡྷཱ་ནཱཾ། སཾ། མཐུ་ཆེན་ཐོབ་པའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། ཧཱུཾ། རྟ་མགྲིན་གྱི་འོ། །ན་མས་མནྟ་བུདྡྷཱ་ནཱཾ་ ཡཾ༑ གྲགས་འཛིན་མའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། སཾ་ཕྱག་ན་རིན་ཆེན་གྱི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། དྲ་བའི་འོད་ཀྱི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། བྷ། ཤཱཀྱ་ཐུབ་པའི་འོ། །ནཱ་མཿ་ ས་མནྟ་བུདྡྷཱ་ནཱཾ། ཧཱཾ་ཊྱཾ་རུཾ། གཙུག་ཏོར་གསུམ་གྱི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། ལཾ། གདུགས་དཀར་པོའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། ཤཾ། གཙུག་ཏོར་རྒྱལ་བའི་འོ། །ན་མཿ་ས་མནྟ་ [218B] སཾ། གཙུག་ཏོར་རྣམ་པར་རྒྱལ་བའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། ཏྲིཾ། གཟི་བརྗིད་ཕུང་པོའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། ཧཱུཾ། རྣམ་པར་འཐོར་བའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ་ ཧཱུཾ༑ གཞན་གྱིས་མི་ཐུབ་པའི་འོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ་བའི། སའི་འོ། །ན་མས་མནྟ་བུདྡྷཱ་ནཱཾ། ཀི་ལི། སྐྲ་ཅན་མའི་འོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། དི་ལི། ཉེ་སྐྲ་ཅན་མའི་འོ། ། ན་མཿ་ས་མནྟ་བུདྡྷཱ་ནཱཾ། མི་ལི། སྣ་ཚོགས་མའིོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཧི་ལི། ནོར་ལྡན་མའི་འོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཧཱ་ས་ནཱ་ན། དོ་མཚར་ཅན་གྱི་འོ། །ན་མས་མནྟ་ བུདྡྷཱ་ནཱ་ན། ར་ས་ནཱ་ན། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་འོ། །ན་མས་མནྟ་བུདྡྷཱ་ནཱ་ན། དྷཱཾ་ས་ནཱ་ན་ངན་སོང་ཐམས་ཅད་སྦྱོང་བའི་འོ། །ན་མས་མནྟ་བུདྡྷཱ་ནཱ་ན་ བི་ཧ་ས་ནཱ་ན། ཡོངས་སུ་སྐྱོང་སེམས་བློ་གྲོས་ཀྱི་འོ། །ན་མས་མནྟ་བུདྡྷཱ་ནཱ་ན། ཥཾ། བྱམས་པ་ཆེན་པོ་མངོན་པར་འབྱུང་བའི་འོ། །ན་མས་མནྟ་བུདྡྷཱ་ནཱ་ན། ཡཾ། སྙིང་རྗེས་གདུངས་ པའི་འོ། །ན་མས་མནྟ་བུདྡྷཱ་ནཱ་ན། ཨི། གདུངས་པ་ཐམས་ཅད་ཞི་བར་བྱེད་པའི་འོ། །ན་མས་མནྟ་བུདྡྷཱ་ནཱན། ཨཾ། བསམ་གྱིས་མི་ཁྱབ་པའི་བློ་གྲོས་ཅན་གྱིའོ། །ན་མས་མནྟ་བུདྡྷཱ་ ནཱ༑ ཏྲཾ། རིན་ཆེན་འབྱུང་གནས་ཀྱི་འོ། །ན་མས་མནྟ་བུདྡྷཱ་ནཱ་ན། ཥཾ། ཕྱག་ན་རིན་ཆེན་གྱི་འོ། །ན་མས་མནྟ་བུདྡྷཱ་ནཱ་ན། ཊཾ། ས་འཛིན་གྱི་འོ། །ན་མས་མནྟ་བུདྡྷཱ་ནཱ་ན་ཨཾ། གཟུངས་ [219A]༄༅། །ཐོབ་པའི་འོ། །ན་མས་མནྟ་བུདྡྷཱ་ནཱན། ཌྷཾ། ཕྱག་ན་རིན་ཆེན་ཕྱག་རྒྱའི་འོ། །ན་མས་མནྟ་བུདྡྷཱ་ནཱན། ཎཾ་བསམ་པ་བརྟན་པོའི་འོ། །ན་མས་མནྟ་བུདྡྷཱ་ ནཱན། ཧཾ། ནམ་མཁའ་དྲི་མ་མེད་པའི་འོ། །ན་མས་མནྟ་བུདྡྷཱ་ནཱན། རཾ། ནམ་མཁའི་བློ་གྲོས་ཀྱི་འོ། །ན་མས་མནྟ་བུདྡྷཱ་ནཱ་ན། ག་ཏཾ། བློ་གྲོས་རྣམ་པར་དག་པའི་འོ། །ན་མས་ མནྟ་བུདྡྷཱ་ནཱ་ན། དྷཱིཾ། སྤྱོད་པའི་བློ་གྲོས་ཀྱིའོ། །ན་མས་མནྟ་བུདྡྷཱ་ནཱན། ཧཱུཾ། བརྟན་པའི་བློ་གྲོས་ཀྱི་འོ། །ན་མས་མནྟ་བུདྡྷཱ་ནཱན། དྷྲཱིཾ་ཤྲིཾ་ཧཾ་བྲཾ། ཕྱག་བརྙན་རྣམས་ཀྱི་འོ། །ན་མས་ མནྟ་བུདྡྷཱ་ནཱན། ཀྵ་ད་ཧ་ར་ཡཾ་ཀཾ། བྱང་ཆུབ་སེམས་དཔའ་ཇི་སྐད་གསུངས་པ་རྣམས་ཀྱི་འོ། །ན་མས་མནྟ་བུདྡྷཱ་ནཱན། ན་མོ་མཱ་ཡེ་དྷ་རྨ་སཾ་བྷ་བེ་བི་བྷ་བེ་ཀ་ཊྷ་ནེ་སཾ་ས་ནེ། གནས་གཙང་མ་ པ་རྣམས་ཀྱི་འོ། །ན་མས་མནྟ་བུདྡྷཱ་ནཱན། ཀྲཾ་ཀེ་རི། སྲིན་པོ་རྣམས་ཀྱི་འོ། །ན་མས་མནྟ་བུདྡྷཱ་ནཱན། ཧྲཱི་ཧ། མཁའ་འགྲོ་མ་རྣམས་ཀྱི་འོ། །ན་མས་མནྟ་བུདྡྷཱ་ནཱན། ཡཀྵ་བཱིརྱ་ དྷ་ར༑ གནོད་སྦྱིན་རྣམས་ཀྱི་འོ། །ན་མཿ་ས་མནྟ་བུདྡྷཱ་ནཱན་མི་ཙི་མི་ཙི། ཤ་ཟ་མོ་རྣམས་ཀྱི་འོ། །ན་མས་མནྟ་བུདྡྷཱ་ནཱན། གུཾ་གུཾ། ཨིཾ་ཨིཾ། འབྱུང་པོ་རྣམས་ཀྱིའོ། །ན་མས་ མནྟ་བུདྡྷཱ་ནཱན། ར་ཊཾ་ར་ཊཾ། བྲཾ་ཊཾ་བྲཾ་ཊཾ། ལྷ་མ་ཡིན་རྣམས་ཀྱི་འོ། །ན་མས་མནྟ་བུདྡྷཱ་ནཱན། ག་ར་ལཾ་པི་ར་ལཾ་ལྟོ་འཕྱེ་ཆེན་པོ་རྣམས་ཀྱི་འོ། །ན་མས་མནྟ་བུདྡྷཱ་ནཱན། ཧ་ས་ནཱན་ [219B] མི་འམ་ཅི་རྣམས་ཀྱི་འོ། །ན་མས་མནྟ་བུདྡྷཱ་ནཱན། ཨ་ཏ་ཙི་ལཱ་རཾ་མ་ནོ་མེ། མི་རྣམས་ཀྱི་འོ། །གསང་བ་པའི་བདག་པོ། དེས་དེ་ལ་སོགས་པ་ཐམས་ཅད་ཀྱི་གསང་སྔགས་ ངས་བཤད་དེ། དེ་ལ་གསང་སྔགས་ཐམས་ཅད་ཀྱི། །སྙིང་པོ་དེས་པས་མཉན་པར་གྱིས། །ཨ་ཞེས་བྱ་བ་སྔགས་ཀུན་གྱི། །སྙིང་པོ་ཡིན་པར་ཡང་དག་བཤད། །དེ་ལ་གསང་སྔགས་ ཀུན་གནས་ཏེ། །དེ་ལྟར་སྔགས་རྣམས་རྣམ་པར་ངེས། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། སྤྱིའི་གསང་སྔགས་ཀྱི་ མཛོད་རིམ་པར་ཕྱེ་བ་རྒྱས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ་གསང་བ་པའི་བདག་པོ། གསང་སྔགས་ ཇི་ལྟར་བསྒྲུབ་པ་དང། །བསྒྲུབས་པའི་འབྲས་བུ་གང་ཡིན་ཉོན། །ཡི་གེ་དང་ནི་ཡི་གེར་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་པ། །ཤིན་ཏུ་བསྡམས་པས་ཡིད་ལ་ནི། །བཟླས་བརྗོད་ འབུམ་ཕྲག་གཅིག་བྱ་འོ། །ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་སྒྲ་ཞེས་བྱ་བ་ཡི། །བཞི་ནི་རང་གི་ལྷར་བཞག་པ། །རང་གི་ལུས་ཀྱི་གནས་ལ་བྱ། །གཞི་གཉིས་པ་ནི་རྫོགས་ སངས་རྒྱས། །རྐང་གཉིས་མཆོག་ཏུ་ཤེས་པར་བྱ། །ཟླ་བའི་དཀྱིལ་འཁོར་རྣམ་དག་པ། །སྔགས་པས་དེ་ལ་གནས་པར་བསམ། །ཡི་གེ་རྣམས་ནི་གོ་རིམ་བཞིན། །དེ་ཡི་དབུས་སུ་ [220A]༄༅། །ལེགས་པར་དགོད། །སླར་སྡུད་པ་ཡི་ཚིག་གིས་ནོན། །སྲོག་དང་རྩོལ་བ་རྣམ་པར་སྦྱངས། །སྲོག་ཅེས་བྱ་བ་རླུང་དུ་བཤད་།རྩོལ་བ་དྲན་པ་ཞེས་བྱ་ སྟེ༑ ༑དེ་གཉིས་བསྔམས་པ་བྱས་ནས་སུ། །སྔོན་དུ་བསྙེན་པ་ལེགས་པར་བྱ། །དེ་ནས་སྔགས་པ་ཟླ་གཅིག་ཏུ། །ཤིན་ཏུ་བསྔམས་ཏེ་བཟླས་པ་བྱས། །གསང་སྔགས་སྔོན་དུ་ སྤྱད་པ་ནི། །གཞི་གཅིག་ནས་ནི་གཅིག་ཏུ་འཇུག་གྲགས་ཆེན་སངས་རྒྱས་ཐམས་ཅད་ཀྱི། །སྔར་སྤྱད་པ་ཞེས་བཤད་པ་ཡིན། །དེ་ཕྱིན་ཆད་ནི་གང་ཅུང་ཟད། །མེ་ཏོག་སྤོས་ལ་ སོགས་དབུལ་ཞིང། །སངས་རྒྱས་ཉིད་དུ་འགྱུར་བྱའི་ཕྱིར། །དེ་ཚེ་བྱང་ཆུབ་ཏུ་ཡང་བསྔོ། །སྔགས་པས་འཇིགས་མེད་དེ་ལྟ་བུར། །ཟླ་གཉིས་པ་ལ་བཟླས་བརྗོད་བྱ། །དེ་ནས་ཟླ་བ་ཉ་བའི་ ཚེ༑ ༑མི་དེ་སྒྲུབ་ལ་འཇུག་པར་བྱ། །རི་རྩེ་དང་ནི་བ་ལང་ལྷས་།དེ་བཞིན་འབབ་ཆུའི་མདོ་དག་དང། །ལམ་གྱི་བཞི་མདོ་མཚན་གཅིག་དང། །མ་མོའི་གནས་སམ་ཞི་གནས་སུ། །དཀྱིལ་ འཁོར་ནན་ཏན་བྲི་བར་བྱ། །ཐམས་ཅད་རྡོ་རྗེའི་ཁང་པར་བྱས་།དེས་ནི་དེར་གནས་བསྲུངས་བྱས་ནས། །སྒྲུབ་པ་ལ་ནི་ནན་ཏན་བྱ་།དེར་ནི་མཚན་མོ་ནམ་ཕྱེད་དམ། །ཡང་ན་ཉི་མ་འཆར་ བའི་ཚེ༑ ༑འདི་ལྟའི་ལྟས་རྣམས་འབྱུང་འགྱུར་ཏེ། །བློ་དང་ལྡན་པས་དེ་ཤེས་བྱ། །ཧཱུཾ་ཞེས་པ་དང་རྔ་སྒྲ་དང། །དེ་བཞིན་ས་ནི་གཡོ་བ་དང། །ཡིད་དུ་འོང་བའི་ཚིག་ཀྱང་རུང། །དེ་ནི་ནམ་མཁའ་ [220B] །མཚན་མ་དག་ནི་དེ་རྣམས་ཀྱིས། །ཡིད་བཞིན་རྗེས་གྲུབ་ཤེས་བྱ་སྟེ། །སངས་རྒྱས་རྐང་གཉིས་མཆོག་རྣམས་ཀྱིས། །དེ་ཡི་འབྲས་བུར་ཡང་དག་བཤད། །དེ་ལྟར་སྔགས་ ཀྱི་ཚུལ་གནས་པ། །དེ་ནི་ངེས་པར་སངས་རྒྱས་འགྱུར། །དེ་བས་རྣམ་པ་ཐམས་ཅད་དུ། །སྔགས་ཉིད་རྟག་ཏུ་དྲན་པར་བྱ། །སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས། །དེ་ནི་དྲན་པར་བྱ་བའང་ བཤད། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པའི་རིམ་པར་ཕྱེ་བའོ།། །། དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་གཟིགས་ནས་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། དུས་གསུམ་མཐའ་ཡས་ པའི་སྒོ་ངེས་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པའི་ཆོས་ཀྱི་ཚིག་རྣམས་གསུངས་སོ། །མཁའ་ལྟར་དྲི་མེད་ངོ་བོ་ཉིད་མེད་པ་།རྣམ་མང་ཡེ་ཤེས་སྣ་ཚོགས་སྦྱིན་པར་བྱེད། །ངོ་བོ་ ཉིད་ཀྱིས་རྟག་ཏུ་སྟོང་པ་ཉིད། །རྐྱེན་ལ་རག་ལས་ཟབ་ཅིང་བལྟ་བར་དཀའ། །ཁྱད་པར་འགྲོ་བ་རྣམས་ལ་རྟག་པ་རུ། །རྣམ་པར་བསམ་པའི་འབྲས་བུ་མཆོག་སྦྱིན་བྱེད། །ཇི་ལྟར་ནམ་ མཁའ་ཆགས་མེད་སྤྱོད་ཡུལ་ཅན། །འགྲོ་བ་ཀུན་གྱི་གནས་སུ་གྱུར་པ་ལྟར། །དེ་བཞིན་རྣམ་པར་དག་པའི་ཆོས་ཉིད་འདི། །སྲིད་གསུམ་མ་ལུས་འབྱོར་པར་འབྱུང་བར་བྱེད། །མཆོག་སྐྱེས་མཁས་ [221A]༄༅། །པ་གང་ཞིག་འདིར་སྤྱོད་ན། །རྒྱལ་བ་ཀུན་དང་སྤྱོད་ཡུལ་གཅིག་པར་འགྱུར། །རྒྱལ་བས་ཇི་སྐད་གསུངས་པའི་ཆོས་ཉིད་ནི་།ཤིན་ཏུ་རྣམ་དག་ཐམས་ཅད་སྣང་ བྱེད་པ༑ ༑དེ་ལས་གོ་འཕང་རྙེད་དཀའ་གཞན་མེད་དོ། །ཡངས་པའི་ཆོས་ན་ཟིབ་ལ་འགྲིབ་མེད་ཅིང། །མཉམ་མེད་འཇིག་རྟེན་ཕན་བྱེད་དེ་ལ་ནི། །རྣམ་རྟོག་རྣམ་པར་སྤངས་ཏེ་སྤྱད་ པར་གྱིས། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ཚིགས་སུ་བཅད་པ་དེ་དག་གསུངས་ནས་ཐམས་ཅད་དང་ལྡན་པའི་འཁོར་ཚོགས་པ་ལ་གཟིགས་ནས་ཕྱག་ན་རྡོ་ རྗེ་ལ་སོགས་པ་རྡོ་རྗེ་འཛིན་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག། གང་གིས་ན་སེམས་ཅན་རྣམས་མཐོང་བའི་ཆོས་ཁོ་ན་ལ་དགའ་བ་དང་མགུ་བ་ཐོབ་ནས་བདེ་བ་ལ་རེག་པར་འགྱུར་ བ༑ རང་རང་གི་ཆོས་ཀྱི་དབྱིངས་ཀྱི་མཐུ་རླབས་སུ་གྱུར་པ་དངོས་གྲུབ་སྒྲུབ་པའི་ཚིག་རྣམས་སྟོན་ཅིག་དེ་སྐད་ཅེས་བཀའ་སྩལ་པ་དང། རྡོ་རྗེ་འཛིན་རྣམས་ཀྱིས་བཅོམ་ལྡན་འདས་ རྣམ་པར་སྣང་མཛད་ལ་ཕྱག་འཚལ་ནས་ཆོས་ཀྱི་རྗེས་བཀའ་ཇི་སྐད་སྩལ་པ་བཞིན་འཚལ་ལོ། །ཞེས་གསོལ་ཏེ་བཅོམ་ལྡན་འདས་ཉིད་ལ་གསོལ་བ་བཏབ་པ། བདག་ཅག་ལ་ཐུགས་ བརྩེ་བའི་སླད་དུ་དངོས་གྲུབ་སྒྲུབ་པའི་ཚིག་རྣམས་བཅོམ་ལྡན་འདས་ཉིད་ཀྱིས་བསྟན་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། གང་བདག་ཅག་རང་གིས་རྟོགས་པ་བཅོམ་ [221B] རབ་ཏུ་དཀའ་བ་ལགས་སོ། །དེ་ལྟ་ལགས་པས་མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དང། ཕན་པ་དང་བདེ་བའི་སླད་དུ་བཅོམ་ལྡན་འདས་ཉིད་ཀྱིས་ ལེགས་པར་རབ་ཏུ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རྡོ་རྗེ་འཛིན་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ ཀྱི་བུ་དག་ལེགས་སོ་ལེགས་སོ། །དེ་བཞིན་གཤེགས་པས་བསྟན་པའི་ཆོས་འདུལ་བ་འདི་ལ་ཕན་ཡོན་ཆེ་བའི་ཆོས་གཅིག་ཡོད་པ་ནི། འདི་ལྟ་སྟེ། ངོ་ཚ་ཤེས་པའོ། །ངོ་ཚ་ཤེས་ པ་དང་ལྡན་པའི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་ནི། མཐོང་བའི་ཆོས་འདི་ལ་ཆོས་གཉིས་རབ་ཏུ་མྱུར་བར་འབྱུང་སྟེ། གཉིས་གང་ཞེ་ན། མི་བྱ་བའི་ལས་མི་བྱེད་པ་དང། དམ་པ་རྣམས་ ཀྱིས་བསྔགས་པའོ། །ཡང་གཉིས་ཏེ། ཁོང་དུ་མ་ཆུད་པ་ཁོང་དུ་ཆུད་པ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་འགྲོགས་པ་ཐོབ་པར་འགྱུར་བའོ། །ཡང་གཉིས་ ཏེ༑ ཚུལ་ཁྲིམས་ལ་རབ་ཏུ་གནས་པར་འགྱུར་བ་དང། ལྷ་དང་མི་རྣམས་སུ་སྐྱེ་བ་ཐོབ་པར་འགྱུར་བའོ། །དེ་ལྟ་བས་ན། ལེགས་པར་རབ་ཏུ་ཡིད་ལ་ཟུངས་ཤིག་དང། འདི་ལྟ་སྟེ། སྒྲུབ་པར་ སྦྱོར་བའི་ཚིག་གང་རྣམས་ཀྱི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་གསང་སྔགས་རྣམས་ལས་མྱུར་དུ་གསང་སྔགས་ཀྱི་དངོས་གྲུབ་ [222A]༄༅། །ཐོབ་པར་འགྱུར་བའི་གསང་སྔགས་སྒྲུབ་པ་འགྲུབ་པར་སྦྱོར་བའི་ཚིག་རྣམས་བཤད་དོ། །དེ་ལ་རེ་ཞིག་དང་པོར་དཀྱིལ་འཁོར་མཐོང་བ། བླ་མས་གསང་ སྔགས་སྒྲུབ་པར་གནང་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། དད་པ་ཅན། སེར་སྣ་མེད་པ། སྙིང་རྗེ་ཅན། དུལ་བ། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་དབྱེ་བ་ལ་མཁས་པ། སྔོམ་ བ་གཟུང་བ། རང་གི་བསླབ་པ་ལ་གནས་པ། །ཐབས་ལ་མཁས་ཤིང་རབ་ཏུ་བརྟན། །དུས་དང་དུས་མ་ཡིན་པའང་ཤེས། །འཇིགས་པ་མེད་ཅིང་མཁས་ལ་གཏོང། །བཟོད་དང་ལྡན་ ཞིང་བྱམས་པའི་ཡིད། །གསང་སྔགས་སྤྱོད་ལ་རབ་ཏུ་བརྩོན་།གསང་སྔགས་དེ་ཉིད་དོན་ལ་མཁས། །བསམ་གཏན་བྱེད་ལ་དགའ་བ་ཡི། །སྒྲུབ་པ་པོ་ནི་སྒྲུབ་ལ་ཤིས། །གསང་བ་ པའི་བདག་པོ། དེ་ལ་འདོད་པའི་ཁམས་ཀྱི་དབང་ཕྱུག་ལ་མྱོས་པར་བྱེད་པ་ཞེས་བྱ་བའི་རིག་སྔགས་ཡོད་དོ། །དེས་འདོད་པ་ན་སྤྱོད་པའི་ལྷའི་བུ་ཐམས་ཅད་མྱོས་པས་བརྒྱལ་བར་བྱེད་ ཅིང་མེ་ཏོག་མང་པོ་སྣ་ཚོགས་དང་ལྡན་པའི་ས་ཕྱོགས་ཉམས་དགའ་བ་རྣམས་ཀྱང་སྟོན་ལ། ཡོངས་སུ་སྤྱད་པ་དང་ཉེ་བར་སྤྱད་པ་རྣམ་པ་ཐ་དད་པ་སྣ་ཚོགས་ཀྱང་མངོན་པར་སྤྲུལ་ནས་ གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཡང་སྦྱིན་ལ་བདག་ཉིད་ཀྱང་ཡོངས་སུ་སྤྱོད་དོ། །འདི་ལྟ་སྟེ། ལྷའི་བུ་དབང་ཕྱུག་ཆེན་པོ་ལ་ཡིད་མགྱོགས་ཞེས་བྱ་བའི་རིག་སྔགས་ཡོད་དེ། དེས་ [222B]ཅན་གྱི་དགོས་པ་བྱེད་ཅིང། ཉེ་བར་སྤྱད་པ་དང་ཡོངས་སུ་སྤྱད་པ་ཐམས་ཅད་ཀྱང་མངོན་པར་སྤྲུལ་ནས་གནས་གཙང་མའི་རིགས་ ཀྱི་ལྷའི་བུ་རྣམས་ལ་ཡང་སྦྱིན་ལ། བདག་ཉིད་ཀྱང་ཀུན་ཏུ་སྤྱོད་དོ། །འདི་ལྟ་སྟེ། དཔེར་ན། མིག་འཕྲུལ་མཁན་ནི། གསང་སྔགས་རྣམས་ཀྱིས་ཀུན་དགའི་ར་བ་དང། མཚོ་དང། འབབ་ཆུ་དང། མི་ ལ་སོགས་པ་རྣམ་པ་ཐ་དད་པ་སྣ་ཚོགས་སྟོན་ཏོ། །འདི་ལྟ་སྟེ་དཔེར་ན། ལྷ་མ་ཡིན་རྣམས་ནི། གསང་སྔགས་ཀྱིས་སྒྱུ་མ་རྣམས་སྟོན་ཏོ། །འདི་ལྟ་སྟེ། དཔེར་ན། གསང་སྔགས་དག་གིས་ནི་ དུག་དང་རིམས་ལ་སོགས་པ་མེད་པར་འགྱུར་རོ། །འདི་ལྟ་སྟེ། མ་མོ་ཞེས་བྱ་བའི་ལྷ་མོ་རྣམས་ནི། གསང་སྔགས་ཀྱིས་སེམས་ཅན་རྣམས་ལ་ནད་འགོ་བ་གཏོང་ངོ། །འདི་ལྟ་སྟེ། དཔེར་ན། གསང་ སྔགས་ཀྱིས་ནི། མེའི་ཚ་བ་མེད་པར་བྱས་ནས་གྲང་བ་བྱེད་པར་འགྱུར་རོ། །རིགས་ཀྱི་བུ་དག་དཔེའི་ཚིག་འདི་རྣམས་ཀྱིས་གསང་སྔགས་ཀྱི་མཐུ་ལ་མངོན་པར་དད་པར་བྱའོ། །གསང་སྔགས་ ཀྱི་མཐུ་དེ་ཡང་གསང་སྔགས་རྣམས་ལས་བྱུང་བ་ཡང་མ་ཡིན་རྫས་ལས་འཇུག་པ་ཡང་མ་ཡིན། སྦྱོར་བ་པོས་ལས་དམིགས་པ་ཡང་མ་ཡིན་མོད་ཀྱི། རིགས་ཀྱི་བུ་དག་འོན་ཀྱང་གསང་ སྔགས་ཀྱི་བྱིན་གྱི་རླབས་ཀྱིས་ཆོས་ཉིད་འབྱུང་བ་ལས་འདའ་བར་ཡང་མི་འགྱུར་ཏེ། དུས་གསུམ་ལས་འདས་པའི་ཕྱིར་དང། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་བསམ་གྱིས་མི་ཁྱབ་པ་ལས་ [223A]༄༅། །མངོན་པར་གྲུབ་པའི་ཕྱིར་རོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན། ཆོས་ཉིད་ཀྱིས་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་རྟོགས་པར་ཁོང་དུ་ཆུད་པས་རྟག་ཏུ་རྒྱུན་མི་ འཆད་པར་གསང་སྔགས་ཀྱི་ཚུལ་གྱིས་རྗེས་སུ་འཇུག་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་དུས་གསུམ་དུ་ཆགས་པ་མེད་པའི་སྟོབས་ཀྱི་གཞི་བྱིན་གྱིས་རློབ་པ། དེ་བཞིན་གཤེགས་ པའི་གནས་བསམ་གྱིས་མི་ཁྱབ་པའི་རྒྱན་རྣམ་པར་དག་པའི་སྙིང་པོ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་དེ་ ནས་ཆོས་ཀྱི་དབྱིངས་མ་ལུས་པ་ཇི་སྙེད་ཡོད་པ་དེ་དག་རྣམ་པར་རིག་པར་བྱེད་པའི་སྒྲ་རྣམས་ལས་ཆོས་ཀྱི་དབྱིངས་ཀྱི་གནས་ཀྱི་སྟོབས། མི་མཉམ་པ་དང་མཉམ་པའི་སྟོབས། ཡང་ དག་པར་རྫོགས་པའི་སངས་རྒྱས་ཀྱི་མོས་པ་ལས་བྱུང་བ། གནས་སྐབས་གཞི་དབྱངས་གཅིག་ལས་བྱུང་བས་ཆོས་ཀྱི་དབྱིངས་ཐམས་ཅད་ཁྱབ་པར་བྱས་ཏེ་ནམ་མཁའ་དང་ མཉམ་པར་གྱུར་ནས་བྱུང་བ། ན་མཿ་སརྦྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐཱ། ཨ་ཨཱ་ཨཾ་ཨཿ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་དེ་དག་བྱུང་མ་ཐག་ཏུ་དེ་ ནས་ཡང་ཆོས་ཀྱི་དབྱིངས་ཐམས་ཅད་ངེས་པར་སྒྲོག་པའི་སྒོ་དག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་ཚིག་གིས་མཚན་པ་རྣམ་པར་རིག་པའི་དབྱངས་ཀྱི་སྒྲ་ [223B]བྱང་ཆུབ་སེམས་དཔས་དེ་ཐོས་ནས་ངོ་མཚར་དུ་གྱུར་པའི་མིག་ཕྱེ་སྟེ། ཀུན་མཁྱེན་སྙུན་དང་བྲལ་བ་ལ། །ཚིག་སྙན་འདི་སྐད་ཅེས་གསོལ་ཏོ། ། ཨེ་མའོ་གསང་སྔགས་སྤྱད་པ་ལས། །སངས་རྒྱས་རྐང་གཉིས་མཆོག་རྣམས་ཀྱིས། །གང་གིས་འདི་ཀུན་ཁྱབ་པ་ཡི། །ཡེ་ཤེས་ཡངས་པ་ཆེན་པོ་འབྱུང། །དེ་བས་རྣམ་པ་ཐམས་ཅད་དུ།། སངས་རྒྱས་བསྔགས་པའི་སྙིང་པོ་ལ། །ནང་གི་བདག་ཉིད་རྣམ་དག་པས། །རྟག་ཏུ་མངོན་པར་བརྩོན་པར་བྱ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་འདི་རྣམས་ཀྱི་སྒྲུབ་པ་ འབྱུང་སྟེ། སྐྱེད་མོས་ཚལ་ལམ། གཙུག་ལག་ཁང་མམ། ཕུག་གམ་ཡིད་གང་དུ་དབེན་པ་དེར་བྱང་ཆུབ་ཀྱི་སེམས་སྒོམ་ཞིང་མཚན་མམ་བྱུང་གི་བར་དེ་སྲིད་དུ་འདུག་པར་བྱའོ། །དེ་ནས་ སྙིང་པོ་དེ་དག་ལས་གང་ཡང་རུང་བ་གཅིག་བཟུང་སྟེ་ཐེ་ཚོམ་མེད་པར་གྱུར་གྱི་བར་དུ་གཞི་བསྒྲུབ་པར་བྱའོ། །དེ་ནས་སྙིང་གར་བཞག་ནས་ཡིད་བསྒྲུབ་པར་བྱ་སྟེ། ཤིན་ཏུ་རྣམ་པར་དག་པ་ དྲི་མ་མེད་པ། བརྟན་པ། རབ་ཏུ་མི་གཡོ་བ། རྣམ་པར་མི་རྟོག་པ་མེ་ལོང་ལྟ་བུ། རབ་ཏུ་ཕྲ་བ་ལ་མངོན་དུ་བལྟ་ཞིང་རྟག་ཏུ་གོམས་པའི་སྦྱོར་བས་རང་གི་ལུས་རང་གི་ལྷའི་ལུས་སུ་མཐོང་གི་བར་ དུ་བྱ་འོ། །གཞི་གཉིས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ལོང་གི་དཀྱིལ་འཁོར་དེ་ཉིད་ཀྱི་ནང་ན་པདྨའི་རྒྱལ་པོ་ཆེན་པོ་ལ་བཞུགས་པ། ཕུག་ན་བཞུགས་པ་ལྟ་བུའི་ཏིང་ངེ་འཛིན་ལ་ [224A]༄༅། །སྙོམས་པར་ཞུགས་པ། ཐོར་ཚུགས་དང་དབུ་རྒྱན་ཅན། འོད་ཟེར་མཐའ་ཡས་པས་བསྐོར་བ། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། ནམ་མཁའ་ བཞིན་གཟོད་མ་ནས་ཞི་བ་སྟེ། དེ་ལ་སྒྲ་གནས་པར་བསམ་ཞིང་མཉམ་པར་བཞག་པས་བཟླས་བརྗོད་བྱ། །དེ་ནས་སྔོན་དུ་བསྙེན་པ་ནི། །འབུམ་ཕྲག་གཅིག་ཏུ་བྱ་བར་བཤད།། དེ་ནས་ཟླ་བ་གཉིས་པ་ལ། །མེ་ཏོག་དྲི་ལ་སོགས་པ་དབུལ། །སེམས་ཅན་རྣམས་ལ་རྣམ་མང་པོའི། །ཕན་པ་ཉེ་བར་སྒྲུབ་བྱེད་ཅིང། །རྙེད་དང་མ་རྙེད་རྣམ་སྤངས་ཏེ། །ཟླ་བ་གཞན་ ལ་བཟླས་བརྗོད་བྱ། །དེ་ལ་དེ་རུ་སྦྱོར་བ་འདི། །མཉམ་པར་བཞག་པས་བསམ་པར་བྱ། །བདག་གི་བསོད་ནམས་མཐུ་ཡིས་ནི། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག་ཐམས་ ཅད་ནད་ཀྱང་མེད་པར་ཤོག་ཡང་ན་དེ་བཞིན་གཤེགས་བསྔགས་པའི་།འདོད་པ་ཕུན་སུམ་ཚོགས་གྱུར་ཅིག་ཡང་ན་སེམས་ཅན་ཐམས་ཅད་ཀྱང། །རེ་བ་ཐམས་ཅད་ཡོངས་ རྫོགས་པ། །སྒྲིབ་པ་མེད་པའི་ཚུལ་གྱིས་སུ། །མ་ཐོགས་པར་ནི་གྲུབ་པར་ཤོག་དུང་འགྲོ་གཅིག་ལ་གཅིག་ཟ་བའི། །སྡུག་བསྔལ་ནམ་ཡང་འབྱུང་མ་གྱུར། །ཡི་དྭགས་རྣམས་ ལ་ཟས་སྐོམ་སོགས། །ཐོགས་པ་མེད་པར་འབྱུང་བར་ཤོག་སེམས་ཅན་དམྱལ་བའི་སྡུག་བསྔལ་གང། །མི་བཟད་རྣམ་པ་སྣ་ཚོགས་པ། །བདག་གི་བསོད་ནམས་མཐུ་ཡིས་ [224B] ༑དེ་དག་མྱུར་དུ་ཞི་བར་གྱུར། །སེམས་ཅན་སྡུག་བསྔལ་ཐམས་ཅད་ལ། །སྙིང་རྗེ་ཆེན་པོ་བསྐྱེད་ནས་ནི། །བསྒྲུབ་པ་དེ་དང་གཞན་དག་ཀྱང། །དེས་ནི་ཡང་དང་ཡང་དུ་བསམ། །ཇི་ལྟར་བསམ་ པ་འགྲུབ་བྱའི་ཕྱིར། །བྱིན་གྱི་རླབས་ཀྱི་གནས་གསུམ་གྱིས། །དེ་དག་ཐམས་ཅད་བྱིན་བརླབ་ཅིང། །ཡིད་ལ་སྔགས་ཀྱང་བཟླས་བརྗོད་བྱ་།བདག་གི་བསོད་ནམས་སྟོབས་དང་ནི། །དེ་བཞིན་ གཤེགས་པའི་བྱིན་སྟོབས་དང། །ཆོས་ཀྱི་དབྱིངས་ཀྱི་སྟོབས་ཀྱིས་སུ་།སེམས་ཅན་རྣམས་ལ་ཕན་འདོད་པས། །དོན་རྣམས་གང་དག་བསམ་པ་ཀུན། །སེམས་ཅན་ཁམས་ནི་མ་ལུས་འདིར། ། དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་རིག་སྔགས་ཀྱི་རྒྱལ་མོ་སྟོབས་ནམ་མཁའ་དང་འདྲ་བ་ནམ་མཁའི་མཛོད་ འབྱུང་བ་གསུངས་སོ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱསརྦ་ཏད་ཁཾ་ཨུཏྒལ་[?]ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སཱཧཱ། འདིར་ལན་གསུམ་བཟླས་ན། ཇི་ལྟར་བསམ་པའི་དོན་ཐམས་ ཅད་ཐོགས་པ་མེད་པར་འབྱུང་བར་འགྱུར་རོ། །དེ་ནས་ཟླ་བ་ཉ་བའི་ཚེ། །མི་དེ་སྒྲུབ་ལ་འཇུག་པར་བྱ། །རི་རྩེ་དང་ནི་བ་ལང་ལྷས་།ཆུ་མདོ་འམ་ཡང་ན་དུར་ཁྲོད་དམ། །ལམ་གྱི་ གཞི་མྡོའམ་ཤིང་གཅིག་དྲུང། །མ་མོའི་གནས་སམ་ཞིག་གནས་སུ་།བགེགས་རྣམས་ཐམས་ཅད་མྱོས་འགྱུར་བའི། །དཀྱིལ་འཁོར་ངེས་པས་མཉན་པར་གྱིས། །ཀུན་ཏུ་གྲུ་ [225A]༄༅། །བཞི་ལྷམ་པ་སྟེ། །སྒོ་གཅིག་པ་ལ་མུ་རན་ཅན། །ཐམས་ཅད་ཁ་དོག་སེར་བོ་ལ། །རྡོ་རྗེ་དཀྱིལ་འཁོར་མཆོག་བྲིས་ནས། །རྡོ་རྗེ་སྦྲེལ་བའི་ཚུལ་གྱིས་སུ།། རྡོ་རྗེས་ཕན་ཚུན་འབྲེལ་བར་བྱ། །སྒོར་ནི་སྒོ་སྲུང་གཉིས་བྲི་བ། །གདུལ་དཀའ་དང་ནི་མངོན་ཕྱོགས་གཉིས། །མིག་དམར་ཁྲོ་དང་བཅས་པ་ལ། །ཁྲོས་ཤིང་སྡིགས་པར་བྱེད་བ་བྲི། ། མདུང་རྩེ་གསུམ་པ་གྲ་རྣམས་སུ། །ནན་ཏན་དུ་ནི་བྲི་བར་བྱ་།དབུས་སུ་རྡོ་རྗེའི་གདན་ཡིད་འོང། །ཁ་ནི་ཀུན་ཏུ་བལྟ་བ་བྲི་།དེའི་སྟེང་པདྨ་ཆེན་པོ་ནི། །འདབ་མ་བརྒྱད་པ་ཟ་བར་བཅས།། རྒྱལ་བ་ཀུན་ལ་ཕྱག་བྱས་ནས། །སྨོན་ལམ་ཉེ་བར་སྒྲུབ་བྱེད་ཅིང། །ཕྱག་ན་རྡོ་རྗེ་བློ་ཅན་གྱིས། །རྡོ་རྗེའི་ཕྱག་རྒྱ་བཅིངས་ནས་སུ། །དེ་ནས་བསྲུངས་བྱས་དེར་འདུག་སྟེ། །སྦྱང་བའི་རྫས་ནི་ བླངས་ནས་སུ། །ནང་གི་བདག་ཉིད་རྣམ་དག་པས། །མཚན་གཅིག་ཐལ་བྱུང་བཟླས་བརྗོད་བྱ། །དེར་ནི་ནམ་གྱི་ཕྱེད་དུས་སམ། །ཡང་ན་ཉི་མ་འཆར་བའི་ཚེ། །རྫས་དེ་ཡོངས་སུ་འགྱུར་བ་ ནི༑ ༑འབར་ཕྲེང་ཅན་གྱིས་གཟི་བརྗིད་བཞིན། །སྔགས་པ་རང་གིས་དེ་བླངས་ན། །ནམ་མཁའ་ལ་ནི་འགྲོ་བར་འགྱུར། །བསྐལ་པར་གནས་ཤིང་གཟི་བརྗིད་ཆེ། །རྒྱལ་སྲས་དེ་ནི་ འདོད་ན་འཆི། །འཇིག་རྟེན་ཁམས་ནི་གཞན་དུ་འང་འགྲོ། །གཙོ་བོ་སྣ་ཚོགས་གཟུགས་འཆང་བ། །རྫས་ལས་བྱུང་བའི་སྔགས་བསྒྲུབས་པས། །དཔལ་ལྡན་མཆོད་པར་རབ་ཏུ་ [225B] ༑འདི་ནི་ཉམས་པར་མི་འགྱུར་བའི། །རྫས་ཀྱི་དངོས་གྲུབ་ཡིན་པར་བཤད། །གསང་བ་པའི་བདག་པོ། དེ་ལ་བརྟག་པ་འདི་རྒྱུ་མཚན་དུ་མཛད་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་ཐུགས་སུ་ཆུད་པ་རྣམས་ཀྱིས་རྟག་པ་དེ་ཉིད་ རང་བཞིན་གྱིས་སྟོང་པར་མཁྱེན་ཀྱང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་འདུས་མ་བྱས་པ་གདགས་པར་བརྟགས་ཏེ། ཡོངས་སུ་བསྒྱུར་བའི་ཚུལ་དུ་མཐོང་བའི་ཆོས་ལ་བདེ་ བར་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་མཐུ་རླབས་པོ་ཆེ་སེམས་ཅན་རྣམས་ལ་ངེས་པར་སྟོན་ཏོ། །དེས་དེ་རྣམས་ཡིད་རབ་ཏུ་དགའ་ཞིང་ཚེ་རིང་པོ་ཡང་རབ་ཏུ་ཐོབ་ནས་ འདོད་པའི་ཡོན་ཏན་ལྔ་དག་གི་རྩེ་དགའ་ཡོངས་སུ་སྤྱོད་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱེད་ཅིང་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ལམ་འདི་འགྲུབ་ པར་འགྱུར་རོ། །དེ་བཞིན་གཤེགས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དོན་གྱི་དབང་འདི་གཟིགས་ནས་གསང་སྔགས་སྤྱད་པའི་ཚུལ་གྱི་ཆོ་ག་ཐུགས་དགྱེས་བཞིན་དུ་འཆད་ དོ༑ ༑དེ་ཅིའི་ཕྱིར་ཞེ་ན། གང་བསྐལ་པ་དུ་མར་རྩོལ་ཞིང་འབད་དེ་བྱ་དཀའ་བ་རྣམས་བརྩམས་ཀྱང་ཐོབ་བར་མི་འགྱུར་བ་དེ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ [226A]༄༅། །ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཚེ་འདི་གཅིག་ཁོ་ན་ལ་ཐོབ་པར་འགྱུར་རོ། །གསང་བ་པའི་བདག་པོ། གཞན་ཡང་བྱང་ཆུབ་སེམས་དཔའ་གསང་ སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་བས་དེ་བཞིན་དུ་རྒྱལ་མཚན་ནམ། རལ་གྲི་འམ། གདུགས་སམ། མཆིལ་ལྷམ་མམ་ཡིད་བཞིན་གྱི་ནོར་བུ་འམ། ལིག་ བུ་མིག་གམ། གི་ཝང་བླངས་ཏེ་བཟླས་བརྗོད་སུམ་འབུམ་བྱས་ལ་དེ་ལྟར་བསྒྲུབས་ན། དེ་བཞིན་དུ་འགྲུབ་པར་འགྱུར་རོ། །གསང་བ་པའི་བདག་པོ། གཞན་ཡང་རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་ཐབས་དང་ལྡན་པས་ཡིད་ལ་འདོད་པའི་དངོས་པོ་རྣམས་བསྒྲུབས་ན། དེ་དག་རང་གི་སེམས་ཀྱི་དབང་ཙམ་ཁོ་ནས་ཡོངས་སུ་འགྲུབ་པར་འགྱུར་རོ། །གསང་བ་པའི་བདག་པོ་ གང་དག་རྒྱུ་ལས་འབྲས་བུ་མངོན་པར་འདོད་པའི་མི་བླུན་པོ་དེ་དག་ནི། གསང་བ་པའི་བདག་པོ། གསང་སྔགས་རྣམས་ཀྱི་མཚན་ཉིད་རབ་ཏུ་མི་ཤེས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་ ནི་བྱེད་པར་མ་གསུངས་ཏེ། འབྲས་བུ་འང་དེ་ལ་ཡོད་མ་ཡིན། །རྒྱུ་ནི་རྒྱུ་ཡིས་སྟོང་པས་ན། །དེ་ནི་ཇི་ལྟར་རྒྱུར་ཡང་འགྱུར། །དེ་བས་གསང་སྔགས་འབྲས་བུ་ནི། །རྒྱུ་དང་ལས་བྲལ་ ཤེས་པར་བྱ། །གང་ཚེ་མཚན་མ་མེད་པ་ཡི། །ཏིང་འཛིན་ཇི་ལྟ་བཞིན་རེག་པ། །དེ་ཚེ་སྔགས་པས་དངོས་གྲུབ་ནི། །ཡིད་ལས་ཡང་དག་འབྱུང་བ་ཐོབ། །དེ་ནས་ཡང་བཅོམ་ལྡན་འདས་ [226B] །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཞི་རྣམས་དངོས་གྲུབ་ཏུ་སྒྲུབ་པའི་ཚིག་གང་གིས་རིགས་ཀྱི་བུ་དང། རིགས་ཀྱི་བུ་ མོ་རྣམས་མཐོང་བའི་ཆོས་ཉིད་ལ་རབ་ཏུ་དགའ་ཞིང་བདེ་བ་ལ་རེག་པར་གནས་ལ་ཆོས་ཀྱི་དབྱིངས་ལས་ཀྱང་འགལ་བར་མི་འགྱུར་བ་དེ་ཡང་བཤད་དུ་གསོལ། བཅོམ་ལྡན་འདས། དེ་ ཅིའི་སླད་དུ་ཞེ་ན། ཆོས་ཀྱི་དབྱིངས་ནི། བསམ་གྱིས་མི་ཁྱབ་པའི་དབྱིངས་ལགས་ཏེ། དེ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ བསྟན་ཏོ། །བཅོམ་ལྡན་འདས། དེ་ལྟ་ལགས་པས་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་ན། ཆོས་ཀྱི་དབྱིངས་དབྱེར་མེད་པ་རྟོགས་པར་ ཁོང་དུ་ཆུད་པར་བགྱི་འཚལ་ལོ། །དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ། ལེགས་སོ་ལེགས་སོ། །གསང་བ་པའི་ བདག་པོ། གང་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་དྲི་བར་སེམས་པ་ད་ནི་ཡང་ལེགས་སོ། །དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་ དོ༑ ༑བཅོམ་ལྡན་འདས། ལེགས་སོ། །ཞེས་གསོལ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་མཉན་པ་དང། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ [227A]༄༅། །ཏོ༑ ༑གསང་བ་པའི་བདག་པོ། དེ་ལ་ཨ་ཞེས་བྱ་བའི་སྒྲུབ་པ་བྱུང་སྟེ། གཙུག་ལག་ཁང་དམ། ཕུག་གམ། གནས་གང་ཡང་རུང་སྟེ། ཡན་ལག་ཐམས་ཅད་ ཨ་ཞེས་བྱ་བ་བཞག་ལ་བཟླས་བརྗོད་སུམ་འབུམ་བྱ་འོ། །དེ་ནས་ཟླ་བ་ཉ་བའི་ཚེ་ཅི་འབྱོར་པས་མཆོད་པ་བྱས་ལ། ཇི་སྲིད་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་འམ་ འཇམ་དཔལ་ལམ། རྡོ་རྗེ་འཛིན་ཆེན་པོ་གང་ཡང་རུང་བ་ཞིག་འོང་སྟེ་མགོ་ལ་ཉུག་གམ། ལེགས་སོ་ཞེས་ཟེར་གྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་ཕྱག་བྱས་ཏེ་མཆོད་ཡོན་ཕུལ་ ན། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་བཞིན་དུ་སེམས་ཡང་བ་དང། ལུས་ཡང་བར་གོམས་པར་བྱ་ཞིང་བཟླས་བརྗོད་བྱས་ན། དེའི་ལུས་རྣམ་པར་ དག་པ་དང། སེམས་རྣམ་པར་དག་པར་འགྱུར་རོ། །ཨ་ཞེས་བྱ་བ་རྣམ་པར་བཞག་སྟེ་བཟླས་བརྗོད་བྱས་ན། རྣ་བ་རྣམ་པར་དག་པར་འགྱུར་རོ། །འོན་ཏེ་སྲོག་གཟུང་བར་འདོད་ན་ ཨ་ཞེས་བྱ་བ་སྲོག་དང་ལྷན་ཅིག་ཏུ་བྱས་ལ་དུས་གསུམ་དུ་བསམ་པ་བྱས་ན། ཡུན་རིང་དུ་གནས་པར་འགྱུར་རོ། །དེ་ཉིད་ཀྱི་སྟེང་དུ་ཀླད་ཀོར་བཞག་ན། གནས་པ་དང། འགྲོ་བའི་ དུག་ཐམས་ཅད་འབྱིན་ཏོ། །དེ་ནས་གཟི་ཅན་དབང་དུ་བྱ་བར་འདོད་ན་ཨ་ཞེས་བྱ་བ་བདག་ཏུ་བྱས། །པ་ལས་དེ་བཞིན་མི་དབང་པོ། །གཅིག་ལ་པདྨ་གཞག་པར་བྱ། །གཞན་ལ་ [227B] །གཅིག་ལ་གཅིག་ནི་གདོང་བལྟས་ན་།དེ་ཡི་མོད་ལ་དབང་དུ་འགྱུར། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་འདུས་ པ་ལ་གཟིགས་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ལས་བྱུང་བ་ཞེས་བྱ་བ་ལས་དང་བྱ་བས་རྣམ་པར་རོལ་ པ༑ སྤྱོད་པའི་རོལ་མོ་རིམ་པར་ཕྱེ་བ་རྒྱས་པ། ཁམས་བཞི་ཡང་དག་པར་བསྡུ་བར་བསྡུས་པ། སེམས་ཀྱི་རྒྱལ་པོ་ལ་གནས་པ། ནམ་མཁའ་ལྟར་ཀུན་ཏུ་ཁྱབ་པ། མཐོང་བ་དང་མ་ མཐོང་བའི་འབྲས་བུ་མང་བ། ཉན་ཐོས་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མངོན་སུམ་པ། གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ རྣམས་ཀྱི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་བར་བྱེད་པ། ལས་སྣ་ཚོགས་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་ཡོད་ཀྱི་དེ་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུངས་ ཤིག་དང་ངས་ཁྱོད་ལ་བཤད་དོ། །ལག་ན་རྡོ་རྗེ། དེ་ལ་སྤྱོད་པའི་རོལ་མོ་ལས་དང་བྱ་བ་མངོན་པར་འགྲུབ་པའི་འབྲས་བུ་ཕལ་ཆེ་བ་ལུས་ཅན་ཀུན་གྱི་མངོན་སུམ་པ་གང་ཞེ་ན། ཆོ་ག་ཤེས་ པས་ཐོག་མར་ནི། །བདག་གི་དེ་ཉིད་རིམ་བཞིན་བྱ། །སྔགས་པ་སྔ་མ་བཞིན་འདུག་ལ། །དེ་བཞིན་གཤེགས་པ་དྲན་བྱས་ཏེ། །བདག་ཉིད་ཨ་ཞེས་བྱ་བ་ནི། །ཀླད་ཀོར་བཅས་དང་རྒྱས་བྱས་ [228A]༄༅། །པ༑ ༑ཐམས་ཅད་ཤིན་ཏུ་སེར་ཞིང་བཟང། །གྲུ་བཞི་རྡོ་རྗེས་མཚན་བྱས་ཏེ། །སྔགས་པས་དེར་གནས་རྫོགས་པ་ཡི། །སངས་རྒྱས་ཀུན་གྱི་གཙོ་བོ་བསམ། །འདི་ ནི་སངས་རྒྱས་ཐམས་ཅད་ཀྱིས། །བདག་གི་དེ་ཉིད་ཡིན་པར་གསུངས་།ནམ་ཞིག་སྔགས་པས་བདག་གིས་ནི། །དེ་ཉིད་དོགས་པ་མེད་འགྱུར་བ་།དེ་ཚེ་འཇིག་རྟེན་ཐམས་ཅད་ལ། ། ཕན་པ་བྱེད་པ་ཉིད་དུ་འགྱུར། །ངོ་མཚར་སྣ་ཚོགས་ངག་དང་ལྡན། །མིག་འཕྲུལ་ཅན་གྱི་གནས་ལ་འདུག་སྔགས་པ་ནམ་ཞིག་མཉམ་བཞག་ན། །སྲིད་པ་རབ་ཏུ་དོགས་པ་ན།། ཐོག་མེད་དུས་ནས་མི་ཤེས་པས། །བསགས་བའི་ལས་དེ་ཀུན་ཟད་འགྱུར་།བླ་ན་མེད་པའི་བྱང་ཆུབ་སེམས། །སེམས་དེ་ནམ་ཞིག་སྒོམ་བྱེད་པ་།དེའི་ཚེའང་སྔགས་པ་རྣལ་ འབྱོར་པ། །ཆུ་ཡིས་པདྨ་ལྟ་བུར་ནི། །དགེ་དང་མི་དགེ་འབྲས་འབྱུང་བའི། །ལས་ཀྱི་རྟོག་པས་མི་གོས་ན། །འདི་བདག་ཉིད་ནི་རྒྱལ་མཆོག་ཏུ། །བསྒྱུར་ན་སྨོས་ཀྱང་ཅི་ཞིག་དགོས།། བམ་པོ་བཞི་པ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བདུད་བཞི་ལས་རྒྱལ་བ་རྡོ་རྗེ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེའི་ཡི་གེའི་ཚིག་ བདུད་བཞི་ལས་རྒྱལ་བར་བྱེད་པ། རྒྱུད་དྲུག་ལས་རྣམ་པར་གྲོལ་བར་བྱེད་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་འདི་རྣམས་གསུངས་སོ། །ན་མཿ་ས་ [228B] ཨཱ་བའི་ར་ཧཱུཾ་ཁཾ། དེ་ནས་ཡང་དག་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་དང། རྡོ་རྗེ་འཛིན་དེ་དག་དང། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་དེ་དག་དང། ཐམས་ ཅད་དང་ལྡན་པའི་འཁོར་འདུས་པ་དེ་དག་ཐམས་ཅད་ངོ་མཚར་དུ་གྱུར་ནས་མིག་མི་འཛུམ་པར་ཐམས་ཅད་མཁྱེན་པ་ལ་སྤྱི་བོས་ཕྱག་འཚལ་ཏེ་ཚིག་འདི་སྐད་ཅེས་བརྗོད་དོ། །བྱང་ ཆུབ་སེམས་དཔའ་སྐྱོབ་རྣམས་དང། །སངས་རྒྱས་ཀུན་གྱི་ནོར་གྱི་དབྱིག་འདིས་ནི་གང་དག་སངས་རྒྱས་དང། །བྱང་ཆུབ་སེམས་དཔའ་སྐྱོབ་རྣམས་དང། །རང་སངས་རྒྱས་དང་ཉན་ ཐོས་པ༑ ༑མཁས་པ་དེ་དག་འཇིག་རྟེན་འདིར། །སངས་རྒྱས་ཡེ་ཤེས་བླ་མེད་པ། །དཔེ་མེད་ཡེ་ཤེས་ཐོབ་ནས་སུ། །རྫུ་འཕྲུལ་སྣ་ཚོགས་རྣམ་འཕྲུལ་པས། །ས་སྟེང་ཀུན་ཏུ་རྣམ་པར་ སྤྱོད༑ ༑དེ་བས་འདི་དག་སོ་སོ་ཡི། །ཆོ་ག་རྒྱས་པ་དག་དང་ལས་།སྣ་ཚོགས་དགོད་པ་ཐམས་ཅད་ཀྱང། །བསྟན་པ་འདི་ལ་བཤད་དུ་གསོལ། །དེས་ནི་གསང་སྔགས་སྤྱོད་པ་ཡི། །ཐེག་ ཆེན་བླ་ན་མེད་པ་ལ། །སེམས་ཅན་རྣམས་ནི་དགའ་བཞིན་དུ། །མཐོང་བའི་ཆོས་ལ་གནས་པར་འགྱུར། །དེ་སྐད་གསོལ་ནས་བཅོམ་ལྡན་གྱིས་།འཇམ་པའི་གསུང་གིས་བཀའ་སྩལ་ པ༑ ༑ཁྱེད་རྣམས་མཐུན་པར་རྩེ་གཅིག་ཏུ། །མཉམ་པར་ཞོག་ལ་འདི་ཉོན་ཅིག་དེའི་ཆོས་གཞི་རྡོ་རྗེ་ཆེན་པོར་བྱིན་གྱིས་བརླབས་ཏེ་ཉིད་ཀྱི་སྐུ་ལས་བྱང་ཆུབ་ཀྱི་སྙིང་པོ་ཅན་ཉེ་བར་བསྟན་པར་ [229A]༄༅། །བཞེད་ནས་གསུངས་པ། ཨ་ནི་མཆོག་ཏུ་ཤེས་བྱ་བ། །དབང་ཆེན་དཀྱིལ་འཁོར་ལྡན་པ་སྟེ། །ཕྱི་རོལ་དང་ནི་ནང་དུ་ཡང་།རྡོ་རྗེ་དཀྱིལ་འཁོར་ཤེས་པར་བྱ། །དེར་ འདུག་ནས་ནི་ཐམས་ཅད་བསམ། །རྣལ་འབྱོར་གནས་ཤེས་བཤད་པ་ཡིན་།ཨ་ནི་སྲོག་གི་དམ་པ་སྟེ། །འགུགས་པར་བྱེད་པའི་མཆོག་ཏུ་བཤད་།ནམ་ཞིག་ཀླད་ཀོར་གྱིས་མནན་ན།། ལུས་ཅན་ཀུན་གྱི་སེལ་བར་འགྱུར། །སྔགས་པས་ནམ་ཞིག་ཟླ་གཅིག་ཏུ་།རྡོ་རྗེ་ཅན་གྱིས་རྒྱ་བཅིངས་ནས། །དུས་གསུམ་བཟླས་བརྗོད་བྱས་ན་ནི། །མི་ཤེས་གྲོང་ཁྱེར་འཇོམས་པར་ འགྱུར༑ ༑ལྷ་དང་ལྷ་མིན་རྣམས་ཀྱིས་ཀྱང། །མི་ཕྱེད་ཤིན་ཏུ་བརྟན་པར་འགྱུར། །བདག་གི་རྙེད་པ་གྲུབ་བྱའི་ཕྱིར། །རྒྱས་པའི་ལས་ནི་གང་ཅུང་ཟད། །དེ་ཀུན་རྟག་ཏུ་སྔགས་པ་ཡིས། ། དཀྱིལ་འཁོར་གྱི་ནི་དབུས་སུ་བྱ། །གསེར་གྱི་ཁ་དོག་འབར་དང་བཅས་།ཐོར་ཚུགས་དབུ་བརྒྱན་འཆང་བ་ཡི། །རྫོགས་པའི་སངས་རྒྱས་ཏིང་འཛིན་བཞུགས། །དབང་ཆེན་གྱི་ནི་གཞི་ ཞེས་བྱ༑ ༑རྡོ་རྗེ་པདྨ་རལ་གྲི་དང། །དེ་བཞིན་དང་པར་བཤད་པ་དང། །གསེར་དག་དང་ནི་ས་དག་དང། །ཡང་ན་ཡིད་བཞིན་ནོར་བུའང་རུང། །དེ་ལ་སོགས་པའི་རྫས་རྣམས་ནི། །དབང་ཆེན་ དུ་ནི་བསྒོམས་ཏེ་བསྒྲུབ། །མནན་པ་དག་ཀྱང་བཤད་པར་བྱའི། །འདི་ནི་ཁྱེད་ཀྱིས་མཉམ་བཞག་ཉོན། །སྔགས་པས་མདོར་ན་རི་རབ་ནི་།རྩེ་མོ་བརྒྱད་པ་བསམ་པར་བྱ། །དེ་ཡི་སྟེང་དུ་ [229B]དེ་ཡི་རྗེས་ལ་རྡོ་རྗེའོ། །དེའི་སྟེང་རྣལ་འབྱོར་པ་ཡིས་ནི། །ཡི་གེ་དམ་པ་གཙོ་བོ་སྟེ། །དེ་ཡིས་སྤྱི་བོར་མནན་ན་ནི། །དེ་ནི་མི་གཡོ་གནས་པར་འགྱུར། །སྨན་ལ་ཡང་ནི་ལན་བརྒྱ་རུ། །བཟླས་ བརྗོད་བྱས་ཏེ་མིས་འཐུངས་ན། །སྔོན་གྱི་ལས་ལས་བྱུང་བ་ཡི། །དེ་ཡི་ནད་རྣམས་འབྱང་བར་འགྱུར། །དེ་ནས་གཞན་ཡང་དེས་པ་ཡིས། །བ་ཞེས་བྱ་བ་དམ་པ་ཉོན། །གངས་དང་འོ་མ་དུང་འདྲ་ བ༑ ༑ལྟེ་བའི་དབུས་ནས་བྱུང་བ་སྟེ། །པདྨ་དཀར་པོར་འདབ་མ་ནི་།དེ་ཡི་དབུས་ན་རབ་ཏུ་གནས། །མགོན་པོ་དམ་པ་རབ་ཏུ་ཞི། །སྟོན་ཀའི་ཟླ་བའི་འོད་དང་འདྲ། །དེ་ཡི་དཀྱིལ་འཁོར་ངོ་མཚར་ ཅན༑ ༑རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ཀུན་ཏུ་དཀར་པོར་བསམ་པར་བྱ། །ཁྱུད་ཁོར་རིམ་པ་དགུས་ཀྱང་བསྐོར། །གདུང་པ་ཐམས་ཅད་ཞི་བྱེད་པ། །སྨུག་ཟིལ་འདུས་པའི་ནང་ ན་གནས། །འོ་མ་མུ་ཏིག་ཕྲེང་དཀར་དང། །ཤེལ་དང་ཟླ་བའི་འོད་འདྲ་བའི། །ཆུ་རྒྱུན་རྣམས་ཀྱིས་འཁོར་ཡུག་ཏུ། །ཀུན་ནས་རབ་ཏུ་འབར་བ་བཞིན། །སྔགས་པས་ཡིད་ལ་བསམས་ན་ནི།། གདུང་བ་ཀུན་ལས་ཐར་བར་འགྱུར། །མཉམ་པར་བཞག་པས་དངོས་འདི་རྣམས། །དཀྱིལ་འཁོར་འདིར་ནི་བསྒྲུབ་པར་བྱ། །མར་གསར་འོ་མ་མུ་ཏིག་ཕྲེང། །དེ་བཞིན་ཁྱུ་མཆོག་ཤེལ་ ཀྱང་རུང། །འོ་མ་འམ་ཡང་ན་ཆུ་ཡང་རུང། །དེ་ལ་སོགས་པའི་རྫས་རྣམས་ནི། །དངོས་གྲུབ་སྣ་ཚོགས་གྲུབ་ཕྱིར་བསྒྲུབ། །ཚེ་ནི་རིང་བར་འགྱུར་བ་དང། །གཟུགས་ནི་ངོ་མཚར་ཆེར་འགྱུར་ [230A]༄༅། །དང། །ནད་རྣམས་ཀུན་ལས་ཐར་པ་དང། །སྐལ་བ་བཟང་པོ་མཆོག་འགྱུར་དང། །ཡིད་རྣོ་འཛིན་པར་ནུས་པ་དང། །ཤེས་རབ་ཤིན་ཏུ་དྲི་མེད་དང། །སྒྲུབ་པའི་ རྫས་ནི་འདི་རྣམས་ཀྱིས། །དེ་དག་ཐམས་ཅད་མྱུར་དུ་འགྲུབ། །དཀྱིལ་འཁོར་དཔལ་དང་ལྡན་པ་འདིས། །ཞི་བར་བྱེད་པར་བཤད་པ་ཡིན་།ཀླད་ཀྱི་འཁོར་དང་བཅས་བྱས་ན། ། སེལ་བར་བྱེད་པའི་མཆོག་ཏུ་འགྱུར། །ར་ཞེས་བྱ་བ་ཡང་དག་མཆོག་།འོད་ཅན་རྣམས་ཀྱི་འོད་ཅེས་བྱ། །དེས་ནི་ལས་རྣམས་གང་ཅུང་ཟད་།མཚམས་མེད་ལྔ་ལས་བྱུང་བ་ཡང། ། རྣལ་འབྱོར་ཤིན་ཏུ་མཉམ་བཞག་ནས། །བསམས་ན་དེ་ཀུན་ཟད་པར་འགྱུར། །ཡིད་འོང་ཐམས་ཅད་རབ་ཏུ་དམར། །གྲུ་གསུམ་པ་ཡི་ཚུལ་དུ་གནས། །ཞི་བ་འབར་བའི་ཕྲེང་ བས་འཁྲིགས། །སུམ་མདོའི་རིས་མཚན་སྙིང་གར་གཞག་རྣལ་འབྱོར་པ་ནི་དེར་འདུག་ནས། །ར་ནི་ཀླད་ཀོར་བཅས་པར་བསམ། །མི་འཇིགས་པས་ནི་ཅི་རིགས་པར། །དངོས་ པོ་འདི་དག་དེས་བསྒྲུབ་བོ། །ཉི་མ་དང་ནི་གཟའ་ཀུན་དང། །དེ་བཞིན་བསྒྲིམས་ཏེ་མེ་དང་ནི། །དབང་དུ་བྱ་བའི་རྫས་རྣམས་དང་།ཡང་ན་འཁོན་པར་འགྱུར་བ་དང། །བསྐམ་པ་དང་ ནི་གསད་པ་དང། །དེ་བཞིན་དགར་དང་གནོད་པ་དག་མེ་དང་ལྷན་ཅིག་འདི་སྦྱར་ན། །དེ་དག་ཐམས་ཅད་བྱེད་པར་འགྱུར། །ཧ་ཞེས་བྱ་བ་དམ་པ་མཆོག་རླུང་ནི་ཐམས་ཅད་ཡང་དག་ [230B] །རྒྱུ་དང་ལས་དང་འབྲས་བུ་དང། །གང་གིས་ས་བོན་རྣམས་སྐྱེ་བ། །འདི་ནི་ཀླད་ཀོར་བཅས་སྦྱར་ན། །དེ་དག་ཐམས་ཅད་འཇིག་པར་བྱེད། །དེ་ཡི་གཟུགས་ཀྱང་བཤད་པ་ནི། །ཁ་ དོག་ནག་ལ་འོད་པོ་ཆེ། །མི་བཟད་འབར་བའི་ཕྲེང་བས་འཁྲིགས་།ཀུན་ཏུ་ཡང་ནི་རྣམ་པར་འཕྲོ། །མཁས་པས་སྨིན་མའི་མཚམས་སུ་ནི། །དཀྱིལ་འཁོར་ལ་ནི་གནས་པར་བསམ། །དེ་ ནི་མཐིང་ག་ཟླ་གམ་འདྲ། །རྟོག་དང་བཅས་པར་བ་དན་གཡོ། །ཡི་གེ་རབ་ཏུ་མི་འགྱུར་བ། །སྔགས་པས་དེར་གནས་བསམ་པར་བྱ། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །གང་གིས་མཐོང་ བ་ཁོ་ན་ལ། །སེམས་ཅན་རྣམས་ཀྱི་དོན་བྱེད་པའི། །དངོས་གྲུབ་རྣམས་ནི་དེ་ཚེ་བསྒྲུབ། །མཁའ་ལ་འགྲོ་བ་ཉིད་དང་ནི། །ཡང་ན་རྫུ་འཕྲུལ་རྐང་པ་དང། །ལྷ་ཡི་མིག་དང་རྣ་བ་དང། ། སྔགས་པས་དེ་བཞིན་འཐོབ་པ་དང། །མི་སྣང་བ་ལ་སོགས་ཀུན་དང་།དབྱེ་བ་དག་ཀྱང་གང་གསུངས་པ། །སྔགས་པར་མཉམ་པར་བཞག་པ་ཡིས། །དཀྱིལ་འཁོར་གནས་ན་དེ་ཀུན་ བྱེད༑ ༑འདི་ནི་སྙིང་པོ་བྱང་ཆུབ་འདིར། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །རྒྱུ་ཀུན་དམིགས་སུ་མེད་སྒོ་ནས། །བདུད་ལས་རྣམ་པར་རྒྱལ་བར་བྱེད། །རྒྱུ་མེད་པས་ན་འབྲས་ བུའང་མེད། །ལས་ཀྱང་ཡོད་པ་མ་ཡིན་ཏེ། །དངོས་པོ་དེ་གསུམ་མེད་པས་ན། །སྟོང་པའི་ཡེ་ཤེས་ཐོབ་པར་འགྱུར། །རྫོགས་པའི་སངས་རྒྱས་མཐུ་ཆེན་གྱིས། །དེའི་གཟུགས་ཡང་དག་ [231A]༄༅། །བཤད་པ་ནི། །ཀླད་ཀོར་བཅས་པར་ལྡན་པ་སྟེ། །ཁམས་ནི་སྟོང་པའི་མཆོག་ཅེས་བྱ། །རལ་གྲི་ཕྱག་རྒྱར་ལྡན་པ་ཡིས་།བསྒྲུབ་པར་བྱ་བ་ངེས་པར་བསྒྲུབ། ། རལ་གྲི་ཞགས་པ་འཁོར་ལོ་དང། །ལྕགས་མདའ་དེ་བཞིན་ཐོ་བ་སྟེ་།རྫས་དེ་རྣམས་དང་ལྡན་ན་ནི། །གོ་འཕང་དམ་པ་སྒྲུབ་པར་བྱེད། །དེ་ནས་བཅོམ་ལྡན་འདས་རྣམ་པར་ སྣང་མཛད་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ། ནམ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་ སེམས་དཔའི་སྤྱད་པ་སྤྱོད་པས་བདག་ཉིད་ཨ་ཞེས་བྱ་བའི་རང་གི་ངོ་བོར་བསྒྱུར་ནས་ཕྱི་དང་ནང་དུ་བཅས་པའི་དངོས་པོ་ཐམས་ཅད་ལ་མི་ལྟ་བར་གྱུར་ཅིང། བོང་བ་དང་ རྔོ་བ་དང། གསེར་དུ་མཚུངས་པ་ལ་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉེས་པ་རྣམས་དང། སྡིག་པའི་ལས་རྣམ་པར་སྤངས་པ་དེ་ཚེ་དེ་ནི་དག་འགྱུར་བ། །ཐུབ་པ་ རྫོགས་པའི་སངས་རྒྱས་བཞིན། །དེས་ན་ལས་རྣམས་ཐམས་ཅད་ནུས་།ཉེས་པ་ཐམས་ཅད་རྣམ་པར་སྤངས། །དེ་ནས་གཞན་སྔགས་རྣལ་འབྱོར་ལ། །གཞོལ་ཞིང་ཆོ་ག་ཤེས་ པ་ཡིས༑ ༑སེམས་ཅན་རྣམས་ལ་ཕན་འདོད་པས། །བ་ཞེས་བྱ་བའི་ལས་བྱའོ། །སྙིང་རྗེ་ལས་བྱུང་སེམས་ཀྱིས་ནི། །འཇིག་རྟེན་སྡུག་བསྔལ་ལ་དམིགས་ནས། །མགོན་པོ་ [231B] །ལུས་ནི་ཐམས་ཅད་ཉིད་དུ་ཡང་།གངས་དང་བ་ཡི་འོ་མ་ལྟར། །དཀར་བའི་རྒྱུན་གྱིས་ཡོངས་སུ་དགང། །དེ་ཚེ་ངེས་པ་བསྐྱེད་ནས་སུ། །ཡན་ལག་རྣམས་ནི་ཐམས་ ཅད་ཀྱི༑ ༑བ་སྤུའི་བུ་ག་ཀུན་ནས་ཀྱང། ཤིན་ཏུ་དྲི་མེད་ཆུ་རྒྱུན་འབྱུང། །ཆུ་ཡིས་ས་ནི་མ་ལུས་པ། །འདི་དག་ཡོངས་སུ་དགང་བར་བྱ། །གང་གིས་ཆུ་དེ་འཐུངས་པ་ཡང། །ལག་པས་ཀྱང་ ནི་རེག་ཀྱང་རུང། །དེ་ཀུན་ངེས་པར་བྱང་ཆུབ་ཏུ། །འགྱུར་ཏེ་འདི་ལ་དོགས་པ་མེད། །ཡན་ལག་ཀུན་ཏུ་ར་ཞེས་པ། །འབར་བའི་ཕྲེང་བ་ཞི་བས་འཁྲིགས། །ཀུན་ཏུ་རྣམ་པར་འཕྲོ་བ་ནི། ། ཤིན་ཏུ་མཉམ་པར་བཞག་པས་བསམ། །དེ་ཚེ་རྣལ་འབྱོར་པ་ཡིས་ཕྱིར། །འབར་བ་ཀུན་ཏུ་སྣང་བྱེད་པ། །བཏང་ན་ར་ཡིས་རྣམ་སྤྲུལ་པས། །སྔགས་པ་འདོད་པ་བཞིན་དུ་བྱེད། །ར་ ཞེས་བྱ་བ་རོ་སྟོད་དུ། །བ་ཞེས་བྱ་བ་ལྟེ་བ་ཁུང། །འབར་བ་དང་ནི་ཆུ་འབབ་པ། །དེ་ཚེ་གཅིག་ཅར་སྟོན་པར་འགྱུར། །དམྱལ་བ་གྲང་བའི་སྡུག་བསྔལ་རྣམས། །རས་ནི་ཤིན་ཏུ་ཞི་བར་བྱེད།། སྔགས་པ་སྔགས་ཀྱི་ཚུལ་གནས་པས། །བས་ཀྱང་ཚ་ལ་སོགས་པ་བཞི། །ཧ་ཞེས་བྱ་བ་བ་དན་བཅས། །ར་ཞེས་བྱ་བའི་འོག་ཏུ་གཞག་།སྡིག་དང་ལྡན་པའི་མི་རྣམས་ཀྱང། །དེ་ཡིས་ལས་ རྣམས་མྱུར་དུ་སྒྲུབ། །སྔགས་པ་དབང་ཆེན་ལ་འདུག་ནས། །ཆུ་ཡི་ལས་ནི་བརྩམས་པར་བྱ། །སེལ་བ་ལ་སོགས་ཐམས་ཅད་ཀྱང། །བྱེད་འགྱུར་འདི་ལ་ཐེ་ཚོམ་མེད། །རླུང་ནི་ཀུན་ཏུ་འགྲོ་ [232A]༄༅། །བར་གསུངས། །ཐམས་ཅད་འཇིག་པར་བྱེད་པའང་དེ། །རྣམ་པ་སྣ་ཚོགས་ཐ་དད་པའི། །ལས་རྣམས་དབྱེ་བ་ལས་བྱུང་བ་།གཟུགས་ཀྱི་དཀྱིལ་འཁོར་དབུས་ སུ་ནི༑ ༑ཆོ་ག་འདི་ཡིས་རབ་ཏུ་བྱ། །ཡིད་ཡོངས་སུ་སྦྱོང་ཞིང་བཟླས་བརྗོད་བྱས་ན། ཡིད་རྣམ་པར་དག་པར་འགྱུར་རོ། །ལུས་ཡང་བར་གོམས་པར་བྱེད་ཅིང་འཆག་བཞིན་དུ་ བཟླས་བརྗོད་བྱེད་ན། རྫུ་འཕྲུལ་གྱི་རྐང་པ་ཐོབ་པར་འགྱུར་རོ་།ཙོག་པུར་འདུག་ལ་ཨ་ཞེས་བྱ་བ་རྣ་བར་བཞག་སྟེ་ཟླ་བ་གཅིག་ཏུ་བཟླས་ན། ལྷའི་རྣ་བ་ཐོབ་པར་འགྱུར་རོ། །གསང་ བ་པའི་བདག་པོ། དངོས་གྲུབ་ཀྱི་གོ་འཕང་དེ་ལྟ་བུ་ལ་སོགས་པ་དག་ནི། ཡིད་ལས་བྱུང་བ་ཡིན་ནོ། །གསང་བ་པའི་བདག་པོ། རྣམ་པར་བསམ་པ་ཙམ་ཁོ་ནས་དངོས་པོ་གཟུགས་ ཅན་མ་ཡིན་པ་རྣམས་ཀྱི་འདུ་བྱེད་རྣམ་པ་ཐ་དད་པ་སྣ་ཚོགས་རྣམས་ལས་ཐམས་ཅད་པའི་ས་བོན་གྱི་བྱ་བ་ཚིག་ཏུ་བརྗོད་པ་ཙམ་ལས་འབྱུང་བ་ལ་ལྟོས། གསང་བ་པའི་བདག་ པོ༑ གཞན་ཡང་དེ་བཞིན་གཤེགས་པ་ནི། ཐམས་ཅད་དང་རྗེས་སུ་མཐུན་པ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་མཐུན་པ། སེམས་ཅན་ཐམས་ཅད་ལ་ཡང་དག་པར་མགུ་ བར་མཛད་པ་སྟེ། བྱང་ཆུབ་སེམས་དཔའ་ལས་ཐམས་ཅད་དང། གསང་སྔགས་སྤྱད་པ་སྤྱོད་པ་རྣམས་ཀྱི་མདུན་ན་གཟུགས་བརྙན་ལྟ་བུར་བཞུགས་སོ། །དེ་བཞིན་གཤེགས་པ་དེ་ནི་ [232B]འདས་པ། དུས་དང། ཡུལ་དང། བྱ་བ་དང། ལས་དང། ཆོས་དང་ཆོས་མ་ཡིན་པ་རྣམས་སྤངས་ཀྱང། གསང་སྔགས་སྤྱོད་ པ་ལས་བྱུང་བའི། །ཐམས་ཅད་མཁྱེན་པའི་གོ་འཕང་སྩོལ། །དེ་བས་ཀུན་མཁྱེན་དངོས་གྲུབ་དང། །གོ་འཕང་མཆོག་ཀྱང་བསྒྲུབ་པར་བྱ། །དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །ངོ་མཚར་གྱུར་ནས་ མིག་བགྲད་དེ། །དེ་ཚེ་རྡོ་རྗེ་འོད་ཟེར་ནི། །མེ་སྟག་འཕྲོ་བ་འདྲ་གསོར་ཞིང། །སངས་རྒྱས་ཞིང་ནི་འདི་ཐམས་ཅད། །ཀུན་ཏུ་སྣང་བར་བྱས་ནས་སུ། །ཆོས་ཀུན་དབང་ཕྱུག་ཐུབ་པ་ལ། །ཚིག་ སྙན་འདི་སྐད་ཅེས་གསོལ་ཏོ། །སྔགས་ཀྱི་འཇུག་པ་བཤད་ལགས་ན་།འཇུག་པ་དེ་ཡང་མ་རྟོགས་ན། །གསང་སྔགས་གང་ནས་འོང་བ་དང། །གང་དུ་འགྲོ་བ་གཙོ་ཁྱོད་ཀྱིས། །དེ་ཀུན་ བདག་ལ་བཤད་དུ་གསོལ། །གོ་འཕང་དམ་པ་ཁྱོད་ལས་མེད། །ཁྱོད་ནི་ཇི་ལྟར་ཆུ་རྣམས་ཀྱང། །རྒྱ་མཚོ་བཞིན་དུ་ཆོས་ཀུན་གནས། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་དཀྱིལ་འཁོར་གྱི། །གནས་ནི་ཡིད་ཅེས་བཤད་པ་ཡིན། །སྙིང་ནི་གསང་སྔགས་གནས་ ཡིན་པར། །ཤེས་ན་འབྲས་བུ་ཐོབ་པར་འགྱུར། །དཀར་པོ་སེར་པོ་དམར་པོ་གང། །ཡིད་ཀྱིས་སེམས་པར་བྱེད་པ་སྟེ། །དེ་ལ་ཡོངས་སུ་གཅོད་པ་གང། །དེ་ནི་སེམས་ཀྱིས་བྱེད་པ་ཡིན། ། [233A]༄༅། །སེམས་ནི་མགུ་ནས་ངེས་གྱུར་པ། །དེ་ནི་སྙིང་ཞེས་བཤད་པ་ཡིན། །དེར་གནས་པ་ཡི་གསང་སྔགས་རྣམས། །འབྲས་བུ་རྒྱ་ཆེན་སྟེར་བར་འགྱུར། །དེ་རུ་པདྨ་བསམ་ པ་ནི༑ ༑འདབ་མ་བརྒྱད་པར་ཟེ་བར་བཅས། །ཨ་ཞེས་བྱ་བ་འབར་ཕྲེང་འཁྲིགས། །བཟང་པོ་དེ་རུ་གནས་པ་ནི། །ཞི་བ་ཀུན་ཏུ་རྣམ་པར་གཡོ། །གཙོ་བོ་སྣ་ཚོགས་གཟུགས་མངའ་བ། ། གློག་སྟོང་དག་ནི་འཁྱུག་པ་བཞིན། །སྣང་བ་ཀུན་ཏུ་སྟོན་པ་ནི་།མེ་ལོང་ཕུག་ན་གནས་པ་བཞིན། །ཆུ་ཡི་ཟླ་བའི་རྣམ་པ་བཞིན་།ཐམས་ཅད་ན་ཡང་མདུན་ན་གནས། །སྔགས་པ་གསང་ སྔགས་གནས་འདུག་པས། །ཡིད་ནི་དེ་ལྟར་ཤེས་ནས་སུ། །དེ་ནས་སྔགས་པས་སྟོང་དུ་ཡང། །ཀླད་པའི་རྒྱས་ཀྱི་དབུས་སུ་ནི། །ཀླད་ཀོར་བཅས་པའི་མཚན་མ་ཅན། །ཨཾ་ཞེས་བྱ་བ་དེར་ བསམས་ཏེ། །ཤེལ་དང་ཟླ་བ་གངས་འདྲ་བ། །དྲི་མེད་དག་པ་མཐོང་བ་ནི། །ཞི་བ་ཆོས་ཀྱི་རང་བཞིན་སྐུ། །ཐམས་ཅད་ཀྱི་ནི་གཞི་ཞེས་བྱ། །དེ་ལས་གསང་སྔགས་དངོས་གྲུབ་ནི། །སྣ་ ཚོགས་གཟུགས་ཅན་ཐོབ་པར་འགྱུར། །དེ་བཞིན་གཤེགས་པའི་གནས་མཐོང་ན། །མཐོ་རིས་དང་ནི་བྱང་གྲོལ་ཐོག་ར་ཞེས་བྱ་བ་མར་མེ་བཞིན། །འབར་བ་མིག་ཏུ་བཞག་ནས་ སུ༑ ༑མགྲིན་པ་ཅུང་ཟད་དགུ་བོར་བྱས། །ལྕེ་ཡང་རྐན་ལ་སྦྱར་ནས་ནི། །སྙིང་གའི་གནས་སུ་རྣམ་བལྟ་ཞིང། །མཉམ་པར་བཞག་སྟེ་ཡིད་ལ་བལྟ། །དྲི་མེད་ཤིན་ཏུ་རྣམ་དག་པ། །རྟག་ [233B] །དེ་ཉིད་ཡིད་ཀྱི་ཡང་དག་པར་།སྔོན་གྱི་རྒྱལ་བ་རྣམས་ཀྱིས་གསུངས། །ཡིད་ཀྱིས་སྣང་བྱས་ལམ་ལ་ནི། །རྣམ་པར་ཤེས་པ་སྣང་བར་འགྱུར། །དེ་ནས་སྔགས་ པས་རྫོགས་སངས་རྒྱས། །རྐང་གཉིས་གཙོ་བོ་མཐོང་བར་འགྱུར་།དེ་མཐོང་སྔགས་པས་དངོས་གྲུབ་ནི། །རབ་ཏུ་རྟག་པ་ཐོབ་པར་འགྱུར། །དེ་ནས་གོང་དུ་བསྒྱུར་ནས་སུ། །ཡི་གེ་ཡོངས་སུ་ བསམ་པ་ནི། །ལ་ཞེས་བྱ་བ་ཀླད་ཀོར་བཅས། །མིག་གི་གནས་སུ་བསམ་པར་བྱ། །འདི་ཀུན་སྟོང་པར་མཐོང་ན་ནི། །གོ་འཕང་མི་ཉམས་ཐོབ་པར་འགྱུར། །ཡེ་ཤེས་རླབས་པོ་ཆེ་འམ་ནི། ། ཡང་ན་མངོན་ཤེས་ལྔ་པོ་དང། །རིག་སྔགས་འཆང་འགྱུར་དངོས་གྲུབ་དང། །ཚེ་རིང་གཞོན་ནུར་འགྱུར་བ་གང། །གལ་ཏེ་ཐོབ་པར་འདོད་ན་ནི། །ཇི་སྲིད་འདི་ནི་མ་བསྙེན་པར། །དེ་སྲིད་ཐོབ་པར་ མི་འགྱུར་རོ། །གསང་སྔགས་ཡེ་ཤེས་ལས་བྱུང་བ། །འདི་ནི་དེ་ཉིད་ཡེ་ཤེས་མཆོག་བྱང་ཆུབ་སེམས་དཔའ་སྐྱོབ་པ་དང། །སངས་རྒྱས་ཀུན་གྱི་ནོར་གྱི་དབྱིག་སངས་རྒྱས་བྱང་ཆུབ་སེམས་ དཔའ་དང། །ཉན་ཐོས་ངེས་པ་དག་དང་ནི། །སངས་རྒྱས་ཡེ་ཤེས་མཆོག་གྱུར་པ། །ཡེ་ཤེས་དཔེ་མེད་ཐོབ་ནས་སུ། །དེ་ཡི་ས་སྟེང་ཐམས་ཅད་དུ། །གནས་ཤིང་དེ་ནི་གཏམ་ཡང་ཟེར། །རྣམ་ པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། དངོས་གྲུབ་སྒྲུབ་པའི་དེ་ཁོ་ན་ཉིད་རིམ་པར་ཕྱེ་བ་རྒྱས་པའོ།། །།དེ་ནས་ཡང་བཅོམ་ལྡན་ [234A]༄༅། །འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ལྷའི་གཟུགས་གང་གིས་བྱང་ཆུབ་སེམས་དཔའ་གསང་སྔགས་ ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལྷའི་གཟུགས་ལ་དམིགས་ནས་བདག་ཉིད་རང་གི་ལྷའི་གཟུགས་སུ་བསྒྱུར་ནས་ཐེ་ཚོམ་མ་མཆིས་པར་དངོས་གྲུབ་ཐོབ་ པར་འགྱུར་བའི་ལྷའི་གཟུགས་བྱིན་གྱིས་རློབ་པ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ། གང་ཁྱོད་ང་ལ་དོན་འདི་ཡོངས་སུ་འདྲི་བ་ནི། ལེགས་སོ་ལེགས་སོ། །དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུངས་ ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས། དེ་ལྟར་འཚལ་ལོ། །ཞེས་གསོལ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་ཉན་པ་དང། བཅོམ་ལྡན་ འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ། དེ་ལ་ལྷའི་གཟུགས་ནི། རྣམ་པ་གསུམ་སྟེ། ཡི་གེ་དང། ཕྱག་རྒྱ་དང་གཟུགས་སོ། །དེ་ལ་ཡི་གེ་ཡང་རྣམ་པ་ གཉིས་ཏེ། སྒྲ་དང། བྱང་ཆུབ་ཀྱི་སེམས་སོ། །ཕྱག་རྒྱའི་གཟུགས་ལའང་རྣམ་པ་གཉིས་ཏེ། གཟུགས་དང་བཅས་པ་དང། གཟུགས་དང་བཅས་པ་མ་ཡིན་པའོ། །གསང་བ་པའི་ [234B] ལྷའི་གཟུགས་ཀྱང་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང། ཡོངས་སུ་དག་པའོ། །དེ་ལ་ཡོངས་སུ་དག་པ་ནི། རྟོག་པའི་ངོ་བོ་སྟེ། མཚན་མ་ཐམས་ཅད་དང་བྲལ་བའོ། །ཡོངས་ སུ་མ་དག་པ་ནི། མཚན་མ་དང་བཅས་པའི་གཟུགས་ཏེ། ཁ་དོག་དང་དབྱིབས་སོ། །དེ་ལ་ལྷའི་གཟུགས་རྣམ་པ་གཉིས་ཀྱིས་དགོས་པ་རྣམ་པ་གཉིས་འགྲུབ་པར་འགྱུར་ཏེ། མཚན་མ་ དང་བཅས་པས་ནི། མཚན་མ་དང་བཅས་པའོ། །མཚན་མ་མེད་པས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་རོ་།མཚན་མར་བཅས་པས་མཚན་བཅས་ཀྱི། ། དངོས་གྲུབ་རྒྱལ་བ་དམ་པ་བཞེད། །མཚན་མ་མེད་ལ་གནས་པས་ནི་།མཚན་མ་ཅན་ཡང་སྒྲུབ་ཏུ་རུང། །དེ་བས་རྣམ་པ་ཐམས་ཅད་དུ་།མཚན་མ་མེད་པ་བསྟེན་པར་བྱ། །རྣམ་པར་སྣང་ མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། ལྷའི་ཏིང་ངེ་འཛིན་གཏན་ལ་དབབ་པ་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ་གསང་བ་པའི་བདག་པོ། དེ་ལ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྦྱད་པ་སྦྱོད་པ་མཚན་མ་ མེད་པའི་ཏིང་ངེ་འཛིན་སྒྲུབ་པར་འདོད་པས་འདི་ལྟར་བསམ་པར་བྱའོ། །མཚན་མ་རྣམས་གང་ནས་བྱུང། ཅི་བདག་གི་ལུས་སམ། བདག་གི་སེམས་སམ། བདག་གི་ཡིད་ལས་བྱུང། དེ་ལ་ [235A]༄༅། །ལུས་ནི༑ ལས་ལས་སྐྱེས་པ་སྟེ། རྩྭ་དང་ཤིང་དང་བོང་བ་ལྟ་བུ་ངོ་བོ་ཉིད་ཀྱིས་བྱ་བ་མེད་པ། བླུན་པའམ། ཕྱི་རོལ་གྱི་རྣམ་པ་ལྟ་བུ་ལ་བཟོས་བྱས་པའི་གཟུགས་ ལྟ་བུར་བརྟག་པར་བྱའོ། །འདི་ལྟར་བཟོས་བྱས་པའི་གཟུགས་དེ་ལ་མི་ཞིག་གིས་ཁྲོས་ཏེ་མེའམ། དུག་གམ། མཚོན་ཏམ། ཆུའམ། རྡོ་རྗེས་བཤིག་གམ། བསྲེགས་སམ་ བཅད་ཀྱང་མི་དགའ་བ་ཅུང་ཟད་ཀྱང་མེད་ལ། བཟའ་བའམ། བཏུང་བའམ། བཀྲུ་བའམ། བྱུག་པའི་སྤོས་སམ། ཕྲེང་བའམ། གོས་སམ་ཙནྡན་ནམ། ག་པུར་ལ་སོགས་པ་ལྷ་ དང་མིའི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་མཆོད་ཀྱང་མི་དེ་ལ་དགའ་བར་འགྱུར་བ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་ངོ་བོ་ཉིད་ཀྱིས་སྟོང་པའི་གཟུགས་དེ་ལ་རང་གི་ང་རྒྱལ་ཀུན་ ནས་བསླང་པའི་ཕྱིན་ཅི་ལོག་གིས་ཡང་དག་པ་མ་ཡིན་པའི་རྟོག་པ་ལས་བྱུང་བའི་མཆོད་པའམ། གནོད་པར་བྱེད་པའི་མིང་གང་ཡིན་པ་དེ་ནི། བྱིས་པའི་རང་བཞིན་ཅན་ཡིན་ནོ། ། གསང་བ་པའི་བདག་པོ། དེ་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་སོང་བའི་དྲན་པ་ངོ་བོ་ཉིད་ཀྱིས་སྟོང་པ་བསྒོམ་པར་བྱའོ། །གསང་བ་པའི་བདག་པོ། གཞན་ཡང་སེམས་ནི། ངོ་བོ་ཉིད་མེད་པ་ མཚན་མ་ཐམས་ཅད་དང་བྲལ་བ། ངོ་བོ་ཉིད་ཀྱིས་སྟོང་པར་བསམ་པར་བྱའོ། །གསང་བ་པའི་བདག་པོ། སེམས་ལ་ནི། དུས་གསུམ་མེད་དོ་།དུས་གསུམ་དང་བྲལ་བ་གང་ཡིན་པ་དེ་ [235B] ངོ་བོ་ཉིད་ཀྱིས་མཚན་མ་དང་བྲལ་བའོ་སྙམ་དུ་བསམ་པར་བྱའོ། །གསང་བ་པའི་བདག་པོ། གཞན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡིད་མཚན་མ་དང་བཅས་པར་རྟོག་སྟེ། འདི་ནི། ཡང་ དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ཚིག་བླ་དྭགས་སོ། །ཡང་དག་པ་མ་ཡིན་པ་གང་ཡིན་པ་དེ་ནི། མ་སྐྱེས་པའོ། །ཞེས་བྱ་བར་ནི་རབ་ཏུ་མི་ཤེས་སོ། །གསང་བ་པའི་བདག་པོ། བྱང་ཆུབ་སེམས་ དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་དེ་ལྟར་བསམས་ན། མཚན་མ་མེད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །གསང་བ་པའི་བདག་པོ། ནམ་མཚན་ མ་མེད་པའི་ཏིང་ངེ་འཛིན་ལ་གནས་པར་གྱུར་པ་དེའི་ཚེ་དེ་ལ་དེ་བཞིན་གཤེགས་པས་གསུངས་པའི་གསང་སྔགས་རྣམས་མངོན་དུ་ཕྱོགས་ཤིང་གཞོལ་བར་འགྱུར་རོ། །རྣམ་པར་སྣང་ མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། མཚན་མ་མེད་པའི་ཏིང་ངེ་འཛིན་རིམ་པར་ཕྱེ་བའོ།། །།གསང་བ་པའི་བདག་པོ་ གཞན་ཡང་བཟླས་བརྗོད་གསང་བ་བཤད་པར་བྱའོ། །གཅིག་པུས་གཅིག་གམ་གཅིག་གིས་གཅིག་ཡིད་ཀྱིས་བཟླས་བརྗོད་བྱ་བའམ། །ཡང་ན་ཤུ་བ་བུ་རྣམ་གཉིས་པའོ། །རྣལ་འབྱོར་ མཆོག་གིས་བརྟག་པར་བྱ། །སྔགས་པ་ཡན་ལག་ཉམས་སྦྱར་བར་།བཟླས་བརྗོད་གཞན་དུ་མི་བྱ་འོ། །ཕྱི་དང་ནང་གི་སྦྱོར་བ་ཡིས་།ཡན་ལག་བཞི་པ་ངས་བཤད་པ། །དེ་ཡང་འཇིག་རྟེན་ [236A]༄༅། །པ་ཡི་སྟེ། །དམིགས་པ་ཅན་ནི་བླ་མེད་པ། །སླར་སྡུད་པ་ཡི་ཚིག་གིས་ནོན། །ལྷ་ཡི་རྗེས་སུ་སོང་བའི་ཡིད། །བཤུབས་ཏེ་བཟླས་བརྗོད་བྱེད་པའི་མཆོག་ དམིགས་པ་ཅན་ལ་བསྟན་པ་ཡིན། །ཡིད་ཀྱི་འཇིག་རྟེན་འདས་ཤེས་བྱ་།སླར་སྡུད་ལ་སོགས་རྣམ་པར་སྤངས། །ལྷ་དང་གཅིག་ཏུ་བྱེད་པ་དང། །ཐ་དད་མ་ཡིན་འཛིན་པ་ཡིས། །ཡིད་ ཀྱིས་རང་བཞིན་དབྱེར་མེད་བྱ། །གཞན་དུ་བྱ་བ་མ་ཡིན་ནོ། །གསང་སྔགས་གྲངས་ནི་སུམ་འབུམ་དུ། །ཕལ་ཆེར་ངས་ནི་བཤད་པ་དག་།ལུས་ཅན་སྡིག་དང་བྲལ་བ་ཡི། །སྔགས་པ་རྣམ་ པར་དག་པ་ལ། །བཟླས་བརྗོད་གྲངས་འདི་བསྟན་པ་སྟེ། །གཞན་དུ་བྱ་བ་མ་ཡིན་ནོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་ པ་ལས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ ཅད་དང་ལྡན་པའི་འཁོར་འདུས་པ་ལ་གཟིགས་ནས་བྱམས་པ་དང་སྙིང་རྗེ་ཆེན་པོའི་སྤྱན་གཉིས་ཀྱིས་ཀྱང་སེམས་ཅན་གྱི་ཁམས་ཐམས་ཅད་ལ་གཟིགས་ཏེ་བདུད་རྩི་འབྱུང་བ་ཞེས་ བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་ཡན་ལག་ཐམས་ཅད་ནས་དུས་གསུམ་དུ་མ་ཆགས་པའི་སྟོབས་ཅན་ཞེས་ [236B] །ཏདྱ་ཐཱ། ག་ག་ན་ས་མེ། ཨ་པྲ་ཏི་ས་མེ། སརྦ་ཏ་ཐཱ་ག་ཏ་ས་མ་ཏཱ་ན་ག་ག་ཏེ་ག་ག་ན་པ་ར་ལ་ཀྵ་ཎ་སཱཧཱ། རིགས་ཀྱི་བུ་རིག་སྔགས་ཀྱི་རྒྱལ་མོ་འདི་ནི། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པའི་སྤྱོད་ཡུལ་ཅན་ཏེ། འདི་ཡིས་བྱིན་རླབས་སངས་རྒྱས་དང། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །གང་དུ་སྡུག་བསྔལ་ འགག་འགྱུར་བའི། །ཆོས་ཉིད་ཆགས་མེད་འགྲུབ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དགོངས་ནས་བདག་ ཉིད་དང། ཕྱག་ན་རྡོ་རྗེ་གཉིས་ཀ་གཟོད་མ་ནས་མ་སྐྱེས་པ་ཉིད་དུ་བྱིན་གྱིས་བརླབས་ཏེ་ཕྱག་ན་རྡོ་རྗེ་ལ་སགས་པ་རྡོ་རྗེ་འཛིན་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་བྱང་ཆུབ་ སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་སོ་སོར་ཉེ་བར་གནས་པ་ཡི་གེའི་འཁོར་ལོ་བསྐོར་བ་ཞེས་བྱ་བའི་དཀྱིལ་ འཁོར་སྤྱད་པ་རིམ་པར་ཕྱེ་བ་རྒྱས་པ་ཉོན་ཅིག་དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་ན་རྡོ་རྗེས་ཕྱག་འཚལ་ཏེ། རྡོ་རྗེ་པདྨའི་སྟན་དེ་ལས་རྡོ་རྗེ་འབབ་པའི་ཚུལ་ གྱིས་བབས་ནས་བཅོམ་ལྡན་འདས་ལན་[?]པར་བསྟོད་པ། ཕྱག་འཚལ་བྱང་ཆུབ་སེམས་ཁྱོད་ལ། །ཕྱག་འཚལ་བྱང་ཆུབ་འབྱུང་ཁྱོད་ལ། །སྤྱོད་གཟུགས་ཁྱོད་དང་ས་དང་ནི། །ཕ་རོལ་ [237A]༄༅། །ཕྱིན་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཐོག་མར་བྱེད་ཁྱོད་ལ། །སྟོང་པ་ཉིད་ལ་འདུད་ཕྱག་འཚལ། །བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་ དེ་སྐད་ཅེས་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཀྱི་རྗེ་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་གང་དག་དང་ལྡན་ན། བདག་ ཅག་རྣམས་སེམས་ཅན་གྱི་དོན་བགྱིད་པར་འགྱུར་བ་དང། གསང་སྔགས་སྤྱད་པ་ཇི་སྐད་གསུངས་པ་བཞིན་ཡོངས་སུ་རྫོགས་པར་འགྱུར་བ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་ པ་དང། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ནི་འཇིག་རྟེན་དང་པོ་ཡི། །འཇིག་རྟེན་མགོན་ཞེས་ བསྒྲགས་པ་ཡིན། །བླ་མེད་གཟོད་ནས་ཞི་བ་ནི། །མཉམ་པ་མེད་པའི་ཆོས་བཤད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་དག་གསུངས་ནས་བྱིན་གྱིས་རླབས་གང་གིས་ བྱིན་གྱིས་བརླབས་ན། །བྱང་ཆུབ་སེམས་དཔའ་དེ་རྣམས་དང། རྡོ་རྗེ་འཛིན་དེ་རྣམས་ཀྱིས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་བཞུགས་པ། ནམ་མཁའ་བཞིན་དུ་སྤྲོས་ པ་མེད་པ་སྤྱོད་པ་ལ་གཉིས་སུ་མེད་པའི་རྣལ་འབྱོར་གྱི་མཚན་ཉིད་ལས་ཀྱི་རྣམ་པར་སྨིན་པ་བཞིན་དུ་མཐོང་བར་འགྱུར་བ་དེ་ལྟ་བུའི་བྱིན་གྱིས་བརླབ་པ་མཛད་དོ། །དེའི་ཚེ་བཅོམ་ལྡན་ [237B] དེ་བཞིན་གཤེགས་པའི་སྐུ་ཐམས་ཅད་ནས་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་རྣམས་དང། ཉན་ཐོས་དང། རང་སངས་རྒྱས་དང། བསམ་པ་དང། བསམ་ གཏན་དུ་བྱ་བ་དང། དངོས་གྲུབ་སྒྲུབ་པར་མངོན་པར་བརྩོན་པ་ཐམས་ཅད་ཀྱི་འཚོ་བར་གྱུར་པ། སྲོག་དང་འདྲ་བ། ཡི་གེ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ། སྐྱབས་སུ་གྱུར་པ། དཔུང་གཉེན་དུ་ གྱུར་པ་འདི་ཕྱུང་ངོ། །ན་མས་མནྟ་བུདྡྷཱ་ནཱན། ཨ། རིགས་ཀྱི་བུ་དག་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། བྱང་ཆུབ་སེམས་དཔའ་གསང་སྔགས་ ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་སོ་སོར་ཉེ་བར་གནས་པ་ཡིན་ཏེ། ཆོས་ཐམས་ཅད་ནི། ཨ་ཞེས་བྱ་བའི་སྒོ་ནས་འཇུག་གོ། །གསང་ བ་པའི་བདག་པོ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དེ་བཞིན་གཤེགས་པ་རྣམས་མཐོང་བར་འདོད་པ་དང། མཆོད་པར་ འདོད་པ། བྱང་ཆུབ་ཀྱི་སེམས་མངོན་དུ་བྱ་བར་འདོད་པ། བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་པར་འདོད་པ། སེམས་ཅན་རྣམས་ཀྱི་དོན་བྱ་བར་འདོད་པ། དངོས་གྲུབ་མངོན་པར་འདོད་ པ༑ རྣམ་པ་ཐམས་ཅད་དུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་འདི་ལ་བརྩོན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ [238A]༄༅། །སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོ་འདིའི་ཆོ་ག་དགོད་པ་དང། ལྷའི་གནས་གཏན་ལ་དབབ་པ་དང། ཏིང་ངེ་འཛིན་རྣམ་པར་སྤྲུལ་ པ་དང། གསང་སྔགས་སྤྱད་པ་དང། བསམ་པར་བྱ་བ་གསུངས་པ་དེ་ལ་སློབ་དཔོན་གྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་ཨ་ཞེས་བྱ་བ་ལ་གནས་ཏེ་སྲད་བུ་བླངས་ལ་སངས་ རྒྱས་ཐམས་ཅད་ལ་ཕྱག་འཚལ་ནས་སྲད་བུ་ཤར་ཕྱོགས་ལོགས་སུ་བྲེས་ཏེ་གཡས་སུ་བསྐོར་ལ། བྱང་ཕྱོགས་སུ་ཁ་བལྟས་ནས་སྲད་བུ་བྲེས་ཏེ་ནུབ་ཕྱོགས་སུ་ཁ་བལྟས་ལ་བསྒྱུར་ ཏེ་ཐིག་གདབ་བོ། །དེ་ནས་བདག་ཉིད་རྡོ་རྗེ་སེམས་དཔའ་ལག་ན་རྡོ་རྗེར་དེའི་ཕྱག་རྒྱའམ། ཡི་གེ་བ་ཞེས་བྱ་བས་བྱིན་གྱིས་བརླབས་ཏེ་ནང་དུ་ཞུགས་ལ་སྙིང་པོའི་དཀྱིལ་འཁོར་ བྲི་བར་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་གཉིས་པ་ལ་ཡང་འདི་ལྟར་བདག་ཉིད་གཟོད་མ་ནས་ཞི་བ། གཉིས་སུ་མེད་པའི་རྣལ་འབྱོར་གྱི་གཟུགས། དེ་བཞིན་གཤེགས་པའི་གཟུགས་སྙིང་ པོ་ཉིད་ཀྱི་རང་གི་ངོ་བོར་བྱིན་གྱིས་བརླབས་ལ། དེ་ནས་དེ་བཞིན་གཤེགས་པའི་གནས་པ་མངོན་དུ་བྱེད་ཅིང་སྲད་བུ་བྲེས་ལ་ཕྱི་རོལ་གྱི་དཀྱིལ་འཁོར་དེ་ལས་སུམ་གཉིས་ལྷའི་གནས་སུ་ བཞག་སྟེ་སུམ་ཆ་འཁོར་སར་བྱའོ། །དཀྱིལ་འཁོར་ལྷག་མ་གཉིས་ཀྱང་དེ་བཞིན་དུ་རྣམ་པར་ཕྱེ་ལ་ལྷའི་གནས་བཤམས་པར་བྱའོ་།དེ་ནས་ཡང་བདག་ཉིད་བཅོམ་ [238B]གྱིས་བརླབས་ལ་ཆོས་ཀྱི་དབྱིངས་རྒྱ་ཆེན་པོར་བྱིན་གྱིས་བརླབས་ཏེ་ཐོག་མར་ཚོན་རྩི་དཀར་པོ་བླངས་ལ་འདི་ལྟར་བྱིན་གྱིས་ བརླབ་པར་བྱའོ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རྣམ་སྦྱོང་བ། །འདིར་ནི་བདག་ཉིད་དེ་བཞིན་གཤེགས། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །དེ་ལྟར་བློ་ ཅན་གྱིས་བསམས་ནས། །དེར་ནི་ར་ཞེས་བྱ་བ་ཡང། །ཞི་བ་འབར་བའི་ཕྲེང་ཅན་མདོག་དུང་ཟླ་ཀུན་ད་འདྲ་བ་བསམ། །དེ་ནས་ཚོན་རྩི་གཉིས་པ་ནི། །དམར་པོ་བླངས་ནས་ནན་ཏན་དུ། ། ཡི་གེ་ཨ་ཞེས་བྱ་བ་ནི། །འབར་བ་ཀླད་ཀོར་བཅས་པར་བསམ། །རྒྱལ་བ་ཐུབ་དཀའ་དམ་པ་སྟེ། །ཉི་མ་དང་པོ་འཆར་བ་བཞིན། །དེ་ནས་སྔགས་པས་ཚོན་གསུམ་པ། །ཁ་དོག་སེར་པོ་ བླང་བར་བྱ། །མཁས་པས་དེ་ནས་ཀ་ཞེས་པ། །དེ་ཚེ་ཆོ་ག་བཞིན་དུ་བསམ། །དེ་བཞིན་གསེར་འོད་ཐུབ་པ་ནི། །གསེར་གྱི་ཁ་དོག་འབར་དང་བཅས། །ཏིང་འཛིན་གནས་ཤིང་སྡིག་བཅོམ་ པ༑ ༑ཀུན་ཏུ་རྣམ་པར་སྣང་བ་ཡིན། །དེ་ནས་མརྒད་འདྲ་བ་ཡི་།ཚོན་རྩི་འཁོར་བ་ལས་སྒྲོལ་བ། །བ་ཞེས་བྱ་བ་དེ་རུ་གཞག་།བྱང་ཆུབ་སྙིང་པོའི་ཐུབ་ཆེན་དེ། །དཔའ་བོ་ཁ་དོག་ལྗང་ འདྲ་བ། །ཀུན་ཏུ་འཇིགས་པ་མེད་པར་བྱེད། །དེ་ནས་ཚོན་རྩི་ནག་པོ་དེ། །མཁས་པ་ཡིས་ནི་བླངས་ནས་སུ། །དེར་ནི་ཧ་ཞེས་བྱ་བ་བསམ་།འབར་བའི་ཕྲེང་བ་རྣམ་པར་འཕྲོ། །དུས་ [239A]༄༅། །མཐའི་མེ་ལྟར་མི་བཟད་པ། །ལག་ན་རྡོ་རྗེ་རྩེ་ཕྲན་བརྒྱན། །བདུད་སྡེ་སྡང་བ་ཐམས་ཅད་ལ། །རྣམ་པ་ཀུན་ཏུ་སྡིགས་པར་བྱེད། །དེ་ནས་བཅོམ་ལྡན་འདས་ རྣམ་པར་སྣང་མཛད་དེའི་ཏིང་ངེ་འཛིན་དེ་ལས་བཞེངས་ནས་མཐའ་ཡས་པར་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་ པར་ཞུགས་མ་ཐག་ཏུ་ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་ཞེས་བྱ་བའི་རིག་སྔགས་ཀྱི་རྒྱལ་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལས་བྱུང་བ་འདི་བྱུང་ངོ། ། ན་མསརྦྦ་ཏ་ཐཱ་ག་ཏེ་བྷྱེ། སརྦྦ་མུ་ཥེ་བྷྱ། ཨ་ས་མེ་པ་ར་མེ། ཨ་ཙ་ལེ། ག་ག་ནེ། སྨར་ཎེ། སརྦྦ་ཏྲཱ་ནུ་ག་ཏེ་སཱཧཱ། དེ་ནས་ཚོན་གྱི་ཆོ་ག་བྱིན་གྱིས་བརླབས་ནས་བཅོམ་ལྡན་ འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླགས་སམ་ཕྱག་བྱས་ཏེ་རིག་སྔགས་ཀྱི་རྒྱལ་མོ་འདི་ལན་བརྒྱད་དུ་བཟླས་བརྗོད་བྱའོ། །དེ་ནས་ལངས་ཏེ་དཀྱིལ་འཁོར་བསྐོར་ལ་ནང་དུ་ ཞུགས་ནས་བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་སྒྲུབ་པ་པོ་ལ་དམིགས་ཏེ། བདག་ཉིད་བ་ཞེས་བྱ་བས་ལས་ཀྱི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ་རྡོ་རྗེ་ དམ་པ་སྦྱིན་པ་དང་ལྷན་ཅིག་ཏུ་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བ་འདིའི་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལ་ནང་གི་དཀྱིལ་འཁོར་གཏན་ལ་དབབ་པ་ནི། འདི་ཡིན་ཏེ། དབུས་སུ་བཅོམ་ [239B]བཞུགས་པ། དབུ་ཐོར་ཚུགས་དང་དབུ་རྒྱན་ཅན། དར་རམ་རས་ཀྱི་སྨད་གཡོགས་དང། དར་ལའི་སྟོད་གཡོགས་མནབས་པ་ གསེར་གྱི་ཁ་དོག་ལྟ་བུ་འབར་བའི་ཕྲེང་བས་འཁྲིགས་པ། ཕྱག་རྒྱའམ། གཟུགས་སམ། ཡི་གེའི་འབྲུར་བྲིའོ། །ཨ། ཤར་ཕྱོགས་སུ་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུའི་ངོ་བོ་ ཨ་ཞེས་བྱ་བ་ཀླད་ཀོར་དང་བཅས་པའོ། །ཨཾ། དབང་ལྡན་གྱི་ཕྱོགས་སུ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་བཅོམ་ལྡན་འདས་མ་ནམ་མཁའི་སྤྱན་བྲིའོ། །ཡང་ན་ཡི་གེ་ག་ཞེས་བྱ་བ་ བྲིའོ༑ ༑ག་མེའི་ཕྱོགས་སུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་རྒྱ་ཡིད་བཞིན་གྱི་ནོར་བུའམ་ཡི་གེ་ཀ་ཞེས་བྱ་བ་བྲིའོ་།ཀ། བྱང་ཕྱོགས་སུ་ལག་ན་པདྨ་འཁོར་བྱང་ཆུབ་སེམས་དཔའ་ སྐྱེ་བ་གཅིག་གིས་ཐོགས་པ་དག་དང་ལྷན་ཅིག་ཏུ་པདྨའི་ཕྱག་རྒྱའམ་ཡི་གེ་ས་ཞེས་བྱ་བ་བྲིའོ། །ས། ལྷོ་ཕྱོགས་སུ་ཆ་གསུམ་བོར་ཏེ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འཁོར་དང་བཅས་ པ་རྡོ་རྗེའི་ཕྱག་རྒྱ་འམ་ཡི་གེ་བ་ཞེས་བྱ་བ་བྲིའོ། །དེའི་ཆ་གསུམ་བོར་བ་ལ་རྡོ་རྗེ་འཆང་ཐམས་ཅད་ཀྱི་ཕྱག་རྒྱའམ་ཡི་གེར་བྲིའོ། །དེ་ལ་ཡི་གེའི་འབྲུ་ནི། ཧཱུཾ། དེ་ནས་བདེན་བྲལ་གྱི་ཕྱོགས་ སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འོག་ལོགས་སུ་མི་གཡོ་བ་ཕ་བོང་གི་སྟེང་ན་འདུག་པ། ལག་ན་རལ་གྲི་དང་ཞགས་པ་ཐོགས་པ། འབར་བའི་ཕྲེང་བ་འཁྲིགས་པ། བགེགས་ [240A]༄༅། །ཐམས་ཅད་སྡིགས་པ་དེའི་ཕྱག་རྒྱའམ་ཡི་གེར་བྲིའོ་།དེའི་ཡི་གེའི་འབྲུ་ནི། ཧཾ། རླུང་གི་ཕྱོགས་སུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་ བགེགས་ཆེན་པོ་འཇོམས་པ། གྱེན་དུ་འབར་བའི་ཕྲེང་བ་ཅན། རབ་ཏུ་འཇིགས་པ་ཆེན་པོའི་དུས་ཀྱི་མེའི་གཟུགས་འདྲ་བ། འཇིགས་པ་ཡང་འཇིགས་པར་བྱེད་པ། ལག་ན་རྡོ་རྗེའི་ འོད་འཕྲོ་བ་ཅན་ཐོགས་བ་དེའི་ཕྱག་རྒྱའམ་ཡི་གེར་བྲིའོ། །དེ་ལ་ཡི་གེའི་འབྲུ་ནི། འདི་འོ། །ཧ། དེ་ནས་ཕྱོགས་བཞིར་སྲུང་བ་ཆེན་པོ་བཞི་དགོད་དོ། །དེ་ལ་ཤར་ཕྱོགས་སུ་མི་འཇིགས་ པ་ཞེས་བྱ་བའི་སྲུང་བ་ཆེན་མོ་གསེར་གྱི་ཁ་དོག་འདྲ་བ། གོས་དཀར་པོ་གྱོན་པ། ཡིད་ཙམ་ཁྲོ་བའི་གདོང། ལག་ན་དབྱུག་པ་ཐོགས་པ་དེའི་ཕྱག་རྒྱའམ་ཡི་གེར་བྲིའོ། །དེ་ལ་ཡི་ གེའི་འབྲུ་ནི། འདིའོ། །ཙ། བྱང་ཕྱོགས་སུ་འཇིགས་པ་ཐམས་ཅད་མེད་པར་བྱེད་པ་ཞེས་བྱ་བའི་སྲུང་བ་ཁ་དོག་དཀར་མོ། ལག་ན་རལ་གྲི་ཐོགས་ཤིང་གོས་དཀར་པོ་གྱོན་པ་ འབར་བ་དང་བཅས་པ། འཇིགས་པ་ཐམས་ཅད་མེད་པར་བྱེད་པ་དེའི་ཕྱག་རྒྱའམ་ཡི་གེར་བྲིའོ། །དེ་ལ་ཡི་གེའི་འབྲུ་ནི། འདི་འོ། །པ་ནུབ་ཕྱོགས་སུ་གདུལ་དཀའ་ཞེས་བྱ་བའི་ སྲུང་བ་ཨ་ཤོ་ཀ་དམར་པོའི་མདོག་འདྲ་བ། གོས་དམར་པོ་གྱོན་པ་བཞིན་འཛུམ་པ། ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་ལྟ་བ་དེའི་ཕྱག་རྒྱའམ་ཡི་གེར་བྲིའོ།། [240B] །ས། ལྷོ་ཕྱོགས་སུ་མ་ཐུལ་བ་རྡོ་རྗེས་འདུལ་བ་ཞེས་བྱ་བའི་སྲུང་བ་ཆེན་མོ་ཁ་དོག་ནག་མོ་བཞིན་ཁྲོ་གཉེར་བསྙེར་བ། སྨད་གཡོགས་ནག་མོ་གྱོན་པ། ཐོར་ཚུགས་ དང་ཅོད་པན་ཅན། ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་རང་གི་འབར་བས་མངོན་པར་སྣང་བར་བྱེད་བ། ལག་ན་དབྱུག་པ་ཐོགས་པ། བགེགས་ཆེན་པོ་མེད་པར་བྱེད་པ་དེའི་ ཕྱག་རྒྱའམ་ཡི་གེར་བྲིའོ། །དེ་ལ་དེའི་ཡི་གེའི་འབྲུ་ནི། འདིའོ་།ཀྵ། དེ་དག་ཐམས་ཅད་ཀྱང་འཁོར་དང་བཅས་པ་ཕྱག་བརྙན་དང་བཅས་པར་པདྨ་དཀར་པོ་ལ་འདུག་པར་བྲིའོ། །དེ་ལྟར་ བློ་ཅན་གྱི་བཀོད་ནས། །སྔགས་པ་སྔགས་ལ་གཞོལ་བ་ཡིས། །ཆོ་ག་བཞིན་དུ་ཕྱིར་བྱུང་ནས། །གཉིས་པའི་ཆ་ནི་ངེས་པ་ལ་།ཤཱཀྱའི་རིགས་ནི་དགའ་བྱེད་པ། །ཐུབ་པའི་རྒྱལ་པོ་བྲི་ བར་བྱ༑ ༑མགོན་པོ་ན་བཟའ་ངུར་སྨྲིག་མནབས། །མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན། །བསྟན་པ་ཡི་ནི་དོན་མཛད་ལྷ། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །སྔགས་པས་ཕྱག་ རྒྱ་དགོད་པ་ནི། ལྷུང་བཟེད་ཆོས་གོས་ལ་སོགས་པའམ། །ཡང་ན་མཁས་པས་ཡི་གེར་གཞག་དེའི་ཆོ་ག་དམ་པ་འདིའོ། །བྷ། དེ་ནས་ཕྱི་རོལ་གྱི་དཀྱིལ་འཁོར་དུ་བདག་ཉིད་ཆོས་ ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་བྱིན་གྱིས་བརླབས་ལ། བྱང་ཆུབ་ཀྱི་སེམས་སུ་གྱུར་པའི་ཡིད་ཀྱིས་ཆ་གསུམ་པོར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལན་གསུམ་རྗེས་སུ་དྲན་པར་ [241A]༄༅། །བྱས་ནས་ཚོན་དེ་ཉིད་བླངས་ཏེ་ཤར་ཕྱོགས་ཀྱི་ཆ་གསུམ་པར་རྡོ་རྗེ་དམ་པ་སྦྱིན་པ་གཞོན་ནུའི་གཟུགས་ཅན། ལག་པ་གཡོན་པ་ན་ཨུཏྤལ་མཐིང་གའི་སྟེང་ ན་རྡོ་རྗེ་ཅན་ཐོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་རམ་རས་ཀྱི་སྨད་གཡོགས་གྱོན་པ། དར་ལའི་སྟོད་གཡོགས་ཅན། ཁ་དོག་གུར་གུམ་ལྟ་བུ། སྤྱི་བོ་ཟུར་ཕུད་ལྔ་པ་དེའི་ ཕྱག་རྒྱའམ་ཡི་གེར་བྲིའོ། །དེའི་སྔགས་ནི། འདིའོ། །ན་མས་མནྟ་བུདྡྷ་ནཱཾ། མཾ། དེའི་གཡས་ཕྱོགས་སུ་དྲ་བ་ཅན་གྱི་འོད་གཞོན་ནུའི་གཟུགས་ཅན། རྣམ་པ་ཐམས་ཅད་ཀྱི་མཆོག་ དང་ལྡན་པ། ལག་ན་རིན་པོ་ཆེའི་དྲ་བའམ་ལྕགས་ཀྱུ་ཐོགས་པ་ཕྱག་རྒྱའམ་ཡི་གེའི་འབྲུར་བྲིའོ། །དེ་ལ་ཡི་གེའི་འབྲུ་ནི། འདིའོ་།ཚ། དེ་ནས་ལྷོ་ཕྱོགས་སུ་བྱང་ཆུབ་སེམས་དཔའ་ སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བ་གསེར་གྱི་ཁ་དོག་འདྲ་བ། ཐོར་ཚུགས་དང་ཅོད་པན་ཅན། ལག་ན་ཡིད་བཞིན་གྱི་ནོར་བུ་ཐོགས་པ་དེའི་ཕྱག་རྒྱའམ་ཡི་གེར་བྲིའོ། །རེ་ལ་ ཡི་གེ་ནི། འདིའོ། །ཨཱ། བྱང་ཕྱོགས་སུ་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ཞེས་བྱ་བ་ཁ་དོག་ལྗང་གུ་ལག་ན་པདྨ་ཐོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དེའི་ཕྱག་རྒྱའམ་ཡི་ གེར་བྲིའོ། །དེ་ལ་ཡི་གེ་ནི། འདིའོ། །ཨི། ནུབ་ཕྱོགས་སུ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཞེས་བྱ་བ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། གོས་དཀར་པོ་གྱོན་པ། འབར་ [241B] ལག་ན་རལ་གྲི་ཐོགས་པ་དེའི་ཕྱག་རྒྱའམ་ཡི་གེར་བྲིའོ། །དེ་ལ་ཡི་གེ་ནི། འདིའོ། །ཨཱི། ཆོས་ཀྱི་དབྱིངས་ལ་གཞོལ་བ་ཡི། །སྔགས་བ་དེ་ནས་འདུག་ནས་སུ། །ཆོས་ ཀྱི་དབྱིངས་སུ་རང་བཞིན་གྱི། །བྱང་ཆུབ་སེམས་སུ་གྱུར་པའི་ཡིད་།ཤར་ཕྱོགས་ཁ་བལྟས་གནས་ནས་ནི། །རྡོ་རྗེ་ཅན་གྱི་རྒྱ་བཅིངས་ནས། །དེ་ནས་ལས་ཀྱི་རྡོ་རྗེར་གྱུར། །ནན་ཏན་དུ་ནི་མཆོད་ པ་བྱ༑ ༑ཀུན་ཏུ་ཁྱབ་པའི་ཡིད་ཀྱིས་སུ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །དམ་ཚིག་ཅེས་བྱའི་རྒྱ་བསྟན་ནས། །གསང་སྔགས་ལན་གསུམ་བཟླ་བར་བྱ། །སློབ་མ་གཙང་མ་ཆོག་ བཞིན༑ ༑བོས་ཏེ་དཀྱིལ་འཁོར་མདུན་དུ་ནི། །དེ་དག་གསུམ་ལ་སྐྱབས་སུ་གཏང། །དེ་ནས་བྱང་ཆུབ་སེམས་ཀྱང་བསྐྱེད། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི། །ཕྱག་རྒྱ་དེ་དག་ཀུན་ལ་བཅིང་ དེ་ནས་ཆོས་ཀྱི་འཁོར་ལོའི་བཅིང། །ཡིད་ཀྱིས་དེ་ཡི་གཟུགས་བསྒྱུར་ཏེ། །རས་ཀྱིས་གདོང་བ་བཀབ་ནས་ནི། །སྙིང་རྗེར་གྱུར་པའི་ཡིད་ཀྱིས་སུ། །བྱང་ཆུབ་ཚོགས་ནི་རྫོགས་བྱའི་ཕྱིར། ། ལག་བ་སྟོང་བར་མི་བྱ་འོ། །དམ་ཚིག་གི་ནི་གསང་སྔགས་འདི། །དེ་དག་ཀུན་གྱི་རྣ་བར་བསྒྲག་སངས་རྒྱས་རྣམས་ཀྱི་དམ་ཚིག་ནི་།དེ་ནས་དེ་ལ་བདག་གིས་བཅིང། །བྱང་ཆུབ་ སེམས་གྱུར་ཡིད་ཀྱིས་སུ། །དེ་ནས་མེ་ཏོག་འདོར་དུ་གཞུག་མེ་ཏོག་གང་དུ་བབ་གྱུར་པ། །དེ་ནི་སྔགས་པས་དེ་ལ་སྦྱིན། །ལུས་ཅན་ཀུན་ལ་དམ་ཚིག་ཕྱིར། །ཆོ་ག་དེ་ལྟར་རབ་ཏུ་བྱ། ། [242A]༄༅། །དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །གཙོ་བོ་དེ་ལ་ཡང་ཞུས་པ། །མགོན་པོ་སྨྲ་བའི་མཆོག་གྱུར་པས། །དབང་བསྐུར་བ་ཡི་ཆོ་ག་གསུངས། །དེ་སྐད་གསོལ་ནས་ བཅོམ་ལྡན་འདས། །ཆོས་ཀྱི་དབྱིངས་ལ་གཞོལ་བ་ཡིས། །རྡོ་རྗེ་འཛིན་ལ་འདི་སྐད་གསུངས། །ཆོས་རྣམས་ཀུན་ལ་དབང་བའི་ཕྱིར། །ཆོ་གའི་མཆོག་ནི་ངས་བཤད་ཀྱི། །ཡིད་གཅིག་ བསྡུས་ཏེ་ཆོ་ག་ཉོན། །གསང་བ་བའི་བདག་པོ། དེ་ལ་སློབ་དཔོན་གྱི་བདག་ཉིད་དེ་བཞིན་གཤེགས་པའི་གཟུགས་སུ་དེའི་སྔགས་སམ་ཕྱག་རྒྱས་བྱིན་གྱིས་བརླབ་བོ། །དེ་ནས་སློབ་ མ་རྣམས་བོས་ལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་པདྨའི་རྒྱལ་པོ་ཆེན་པོ་ལ་བཞག་སྟེ་ཡན་ལག་ཀུན་འབྱུང་བའི་ཕྱག་རྒྱ་བཅིངས་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་བཞིས་བྱིན་གྱིས་བརླབས་ པ༑ རིན་པོ་ཆེ་སྣ་བཞིའི་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བར་བྱའོ། །ཨ་ནི་ཀླད་ཀོར་བཅས་པ་རུ། །མཁས་པས་སྤྱི་བོར་བཞག་ནས་ནི། །ཨ་ཞེས་བྱ་བ་སྙིང་གར་གཞག་ ར་ཞེས་བྱ་བ་བྲང་དུ་གཞག་ཡང་ན་ཨ་ནི་ཀུན་ཏུ་གཞག་གསེར་གྱི་ཁ་དོག་འབར་དང་བཅས། །ཐོར་ཚུགས་དང་ནི་དབུ་རྒྱན་ཅན་།པདྨ་དཀར་པོའི་གདན་ལ་བཞུགས། །རྒྱལ་ པའི་མཆོག་གི་ཏིང་འཛིན་གནས། །ཡི་གེའི་འཁོར་ལོ་རིམ་པར་ཕྱེ་བ་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་ [242B]པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་།གསང་བ་པའི་བདག་པོ། དེ་བཞིན་གཤེགས་པ་ རྣམས་ལ་དེ་བཞིན་གཤེགས་པའི་རྒྱན་དུ་གྱུར་པ། ཆོས་ཀྱི་དབྱིངས་རྟོགས་པའི་མཚན་མར་གྱུར་པའི་ཕྱག་རྒྱ་རིམ་པར་ཕྱེ་བ་རྒྱས་པ་གང་གིས་བརྒྱན་ན། བྱང་ཆུབ་སེམས་དཔའ་ རྣམས་འཁོར་བ་ན་འཁོར་བའི་ཚེ་འགྲོ་བ་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་མཚན་མས་བཏབ་པས་ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང་ ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མིའམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། མི་དང། མི་མ་ཡིན་པ་རྣམས་འབྱོལ་བར་འགྱུར་ཞིང་དེ་རྣམས་ཀྱང་དེ་དག་གི་ངག་ཉན་པར་འགྱུར་པ་ཡོད་ ཀྱི༑ དེ་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །དེ་སྐད་ཅེས་བཀའ་སྩལ་བ་དང། བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། དེའི་དུས་ལ་བབ་བོ། །བདེ་[?]བར་གཤེགས་པ། དེའི་ཚོད་ལ་བབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་སྟོབས་ཐོགས་པ་མེད་པའི་གནས་བྱིན་གྱིས་རློབ་པ་ཞེས་བྱ་ བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་རིག་སྔགས་ཀྱི་རྒྱལ་མོ་ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་ཅན། །མི་མཉམ་པ་དང་ [243A]༄༅། །མཉམ་པའི་སྟོབས་ཅན། དམ་ཚིག་ལ་འཇུག་པར་བྱེད་པ་སྟོབས་གསུམ་དང་ལྡན་པ་བྱུང་ངོ། །ན་མས་མནྟ་བུདྡྷཱ་ནཱཾ་ཨ་ས་མཻ་ཏྲི་ས་མེ། ས་མ་ཡ་སཱཧཱ། གསང་ བ་པའི་བདག་པོས་རིག་སྔགས་ཀྱི་རྒྱལ་མོ་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་སྟོན་པར་བྱེད་པ། ཆོས་གསུམ་གྱི་ལམ་གྱི་མཚམས་ལས་མི་འདའ་བར་ བྱེད་པ༑ ས་དང་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་ཡིན་ཏེ། དེའི་ཕྱག་རྒྱ་ནི། འདི་ཡིན་ནོ། །ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་གཉིས་བསྒྲེང་ངོ། །རྒྱ་ འདི་ཕྱག་རྒྱ་ཆེན་པོ་སྟེ། །སངས་རྒྱས་སྐྱོབ་པ་ཀུན་གྱི་ཡིན་།སངས་རྒྱས་ཀུན་གྱི་དམ་ཚིག་ནི། །ཕྱག་རྒྱ་འདི་ལ་རབ་ཏུ་གནས་།ལག་པ་དག་ནི་གཉིས་ཀ་ཡང། །བློ་དང་ལྡན་པས་ཁུ་ ཚུར་བཅངས། །མཐེ་བོ་གཉིས་ནི་ནང་དུ་གཞུག་མཛུབ་མོ་གཉིས་ནི་བསྒྲེང་བར་བྱ། །རྒྱ་འདི་ཕྱག་རྒྱ་ཆེན་པོ་སྟེ། །ཆོས་དབྱིངས་རྣམ་པར་སྤྱོད་པའོ། །གསང་སྔགས་ནི། ན་མས་མནྟ་ བུདྡྷཱ་ནཱན། དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། དེ་བཞིན་དུ་ལག་པ་གཉིས་ཀྱི་སོར་མོ་ཐམས་ཅད་ལྡོག་སྟེ་བསྣོལ་ལ་མཐེ་བོང་གཉིས་སྤྲད་དོ། །ཕྱག་རྒྱ་དཔལ་དང་ལྡན་པ་འདི། །ཆོས་ཀྱི་ འཁོར་ལོ་ཞེས་སུ་བསྒྲགས། །འཇིག་རྟེན་མགོན་པོ་སྐྱོབ་རྣམས་ཀྱི་།འཁོར་ལོ་རབ་ཏུ་འདི་བསྐོར་རོ། །གསང་སྔགས་ནི། ན་མས་མནྟ་བཛྲཱ་ཎཱཾ། བཛྲ་ཨཱཏྨ་ཀོཉཧཾ། དེ་བཞིན་དུ་ [243B] མཛུབ་མོ་གཉིས་མཐེ་བོང་གཉིས་ཀྱི་སྟེང་དུ་བཞག་སྟེ་རལ་གྲི་ལྟ་བུར་བྱའོ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །ཕྱག་རྒྱ་ཆེན་པོ་རལ་ གྲིའི་རྒྱ། །འདིས་ནི་ལྷན་ཅིག་སྐྱེས་པ་ཡི། །འཇིག་ཚོགས་ལྟ་བ་གཙོད་པར་བྱེད། །གསང་སྔགས་ནི། ན་མས་མནྟ་བུདྡྷཱ་ཎཱཾ་མཧཱ་ཁཌྒ་བི་ར་ཛ་དྷརྨྨ་སནྡྷ་རི་ཤ་ཀ་ས་ཧ་ཛ་སད་ཀ་ཡ་ དྷྲྀཥྚི་ཙྪེ་ད་ཀ་ཏ་ཐཱ་ག་ཏཱ་དཧི་མུཀྟི་ནིར་ཛ་ཏ་བི་རཱ་ག་དྷརྨྨ་ནིར་ཛ་ཏ་ཧཱུཾ། དེ་བཞིན་དུ་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་མཛུབ་མོ་གཉིས་ཀྱིས་མཐེ་བོང་དཀྲིས་ལ་དུང་ལྟ་བུར་བྱའོ། །ཕྱག་ རྒྱ་དཔལ་ལྡན་དམ་པ་འདི། །ཆོས་ཀྱི་དུང་ཞེས་རྣམ་པར་བསྒྲགས་།འདིས་ནི་འཇིག་རྟེན་འདི་དག་ན། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཞི་བ་མྱ་ངན་འདས་འགྲོ་བ། །རྡུལ་དང་བྲལ་ བའི་ཆོས་འཆད་དོ། །གསང་སྔགས་ནི། ན་མས་མནྟ་བུདྡྷཱ་ཎཱཾ། སརྦྦ་ཐཱ་ཨོཾ། དེ་བཞིན་དུ་ལག་པ་གཉིས་ཀྱི་སོར་མོ་ཀུན་ཐལ་མོ་སྦྱར་བ་ལས་བརྐྱངས་སྟེ་དྲིལ་བུ་ལྟར་བྱས་ལ་མཐེ་བོང་ གཉིས་དང་མཐེའུ་ཆུང་གཉིས་རྩེ་གཅིག་ཏུ་སྤྲང་དེ་མཛུབ་མོ་གཉིས་དང་གུང་མོ་གཉིས་སྤྲད་དོ། །པདྨ་དམ་པ་དཔལ་ལྡན་འདི་།སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །མི་ཤིགས་རྡོ་རྗེའི་གདན་ ཡིན་ཏེ༑ ༑དེར་ནི་འདྲེན་པ་འཚང་རྒྱ་ཞིང། །རྒྱལ་བ་སྲས་རྣམས་ཐམས་ཅད་ནི། །འདི་ལས་སྐྱེ་དང་བྱང་ཆུབ་འགྱུར། །གསང་སྔགས་ནི། ན་མས་མནྟ་བུདྡྷཱ་ནཱཾ། ཨ། དེ་བཞིན་དུ་ལག་པ་གཉིས་ [244A]༄༅། །ཁུ་ཚུར་བཅངས་ལ་གུང་མོ་གཉིས་གཤིབས་ཏེ་བསྒྲེངས་ལ་མཛུབ་མོ་གཉིས་བཀུག་སྟེ་ངོས་གཉིས་སུ་བཞག་ལ་རྡོ་རྗེ་ལྟར་བྱ་མཐེ་བོང་གཉིས་དང་མཐེའུ་ ཆུང་གཉིས་བསྒྲེངས་ཏེ་བཞག་སྲིན་ལག་གཉིས་ལག་པའི་ནང་དུ་གཞག་གོ། །ཕྱག་རྒྱ་ཆེན་པོ་རྡོ་རྗེའི་རྒྱ། །མི་ཤེས་གྲོང་ཁྱེར་འཇིག་པ་སྟེ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་འདི། ། ཉིད་ཀྱིས་བྱིན་གྱིས་བརླབས་ཏེ་བསྟན། །གསང་སྔགས་ནི། ན་མས་མནྟ་བཛྲཱ་ཎཱཾ་ཧཱུཾ། དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་ལ་གུང་མོ་གཤིབས་ཏེ་བསྒྲེང། མཛུབ་མོ་ གཉིས་ངོས་ནས་བཀུག་སྟེ་སྦྱར་རོ། །གཙུག་ཏོར་ཕྱག་རྒྱ་རྒྱ་ཆེན་ཏེ། །གཙུག་ཏོར་ཞེས་ནི་བསྒྲགས་པ་ཡིན། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང། །རྒྱལ་བ་མཆོག་ཏུ་འགྱུར་བ་ ཡིན༑ ༑འདིའི་སྔགས་ནི། ན་མས་མནྟ་བུདྡྷཱ་ནཱཾ། ཧཱུཾ་ཧཱུཾ་ལག་པ་གཡས་པར་ཁུ་ཚུར་བཅངས་པ་སྨིན་མཚམས་སུ་གཞག་གོ་།རྒྱལ་བ་དམ་པས་ཕྱག་རྒྱ་འདི། །མཛོད་སྤུ་ཞེས་ནི་རབ་ ཏུ་བསྒྲགས། །འདི་ནི་བཅིངས་པ་ཙམ་གྱིས་སུ། །རྒྱལ་བ་མཆོག་ཏུ་འགྱུར་བ་ཡིན། །འདིའི་སྔགས་ནི། ན་མས་མནྟ་བུདྡྷཱ་ནཱཾ། ཨ་ཧཾ་ཛབློ་ལྡན་རྣལ་འབྱོར་ཚུལ་གནས་ཏེ། །ལག་གཉིས་ ལྟེ་བའི་ཐད་ཀར་ནི། །ལྷུང་བཟེད་འཛིན་བའི་ཚུལ་དུ་བྱ། །ལྷུང་བཟེད་ཕྱག་རྒྱ་ཞེས་སུ་བསྒྲགས། །རྒྱ་འདི་ཤཱཀྱ་ཐུབ་པའི་སྟེ་།ལྷུང་བཟེད་ཆེན་པོ་ཞེས་བྱའོ། །འདིའི་སྔགས་ནི་ [244B] བྷ། དེ་བཞིན་དུ་ལག་པ་གཡས་པ་གྱེན་དུ་བསྒྲེངས་ལ་མི་འཇིགས་པ་སྦྱིན་པ་ལྟ་བུར་བྱའོ། །སེམས་ཅན་ཀུན་ལ་མི་འཇིགས་པ། །དེ་ཡིས་རབ་ཏུ་སྦྱིན་པར་འགྱུར། ། གང་གིས་རྒྱ་ཆེན་དེ་བཅིངས་ན། །མི་འཇིགས་ཕྱག་རྒྱ་ཞེས་བསྒྲགས་སོ། །འདིའི་སྔགས་ནི། ན་མས་མནྟ་བུདྡྷཱ་ནཱཾ། སརྦྦ་ཐཱ་ཛི་ན་ཛི་ན་བཧི་ཀཱ་ཡནཱ་ཤཱན་སཱཧཱ། དེ་བཞིན་དུ་ལག་པ་གཡས་པ་སྨད་དེ་ དམ་པ་སྦྱིན་པ་ལྟར་བྱའོ། །འདི་ནི་དམ་པ་སྦྱིན་རྒྱ་ཞེས། །འཇིག་རྟེན་མགོན་པོ་རྣམས་ཀྱིས་བསྒྲགས། །འདི་ནི་བཅིངས་པ་ཙམ་གྱིས་སུ་།རྒྱལ་མཆོག་དམ་པ་སྩལ་བར་འགྱུར། །འདིའི་གསང་ སྔགས་ནི། ན་མས་མནྟ་བུདྡྷཱ་ནཱཾ། བ་ར་ད་བཛྲ་ཨཱཏྨ་ཀོཉཧཾ་སཱཧཱ། ལག་པ་གཡས་བ་ཁུ་ཚུར་བཅངས་ཏེ་མཛུབ་མོ་བརྐྱངས་ལ་དཔྲལ་བར་ཁྲོ་གཉེར་ལྟ་བུར་བྱའོ། །ཕྱག་རྒྱ་ཆེན་པོ་རྒྱ་ཆེན་འདི་ སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །བདུད་ནི་རྣམ་པར་བསྡིགས་ཞེས་བྱ། །ཕུང་བྱེད་ཐམས་ཅད་འཇིགས་པར་བྱེད། །འདི་ནི་བཅིངས་པ་ཙམ་གྱིས་སུ། །བདུད་སྡེ་ཤིན་ཏུ་མི་ཟད་དང། །བགེགས་ དང་ལོག་འདྲེན་གཞན་དག་ཀྱང། །ཐེ་ཚོམ་མེད་པར་རབ་ཏུ་འབྱེར་།འདིའི་གསང་སྔགས་ནི། ན་མཿ་ས་མནྟ་བུདྡྷཱ་ནཱཾ། མ་ཧཱ་བ་ལ་བ་ཏི་ད་ཤ་བ་ལ་ཏེ་ཛོད་བྷ་བེ་མ་ཧཱ་མཻ་ཏྲྱ་བྷྱུད་ག་ཏེ་སཱཧཱ། དེ་བཞིན་ དུ་ལག་པ་གཡས་པ་ཁུ་ཚུར་བཅངས་ལ་གུང་མོ་གཉིས་དང་སྲིན་ལག་གཉིས་བརྐྱངས་ཏེ་མཐེ་བོའི་དྲུང་དུ་གཞག་གོ་འདི་ནི་སངས་རྒྱས་མགོན་རྣམས་ཀྱིས། །ཐུགས་རྗེ་ལས་བྱུང་སྤྱན་ཡིན་ཏེ། ། [245A]༄༅། །མིག་གི་སྟེང་དུ་མཁས་པས་གཞག་དེ་ལས་སངས་རྒྱས་སྤྱན་དུ་འགྱུར། །འདིའི་གསང་སྔགས་ནི། ན་མས་མནྟ་བུདྡྷཱ་ནཱཾ། ག་ག་ན་བ་ར་ལ་ཀྵ་ཎ་ཀ་རུ་ཎ་ མཱ་ཡ་ཏ་ཐཱ་ག་ཏ་ཙཀྵུསཱཧཱ། དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ལ་སོར་མོ་རྣམས་ཕན་ཚུན་བསྣོལ་བའི་ཁུར་ཚུར་བཅངས་ཏེ། མཛུབ་མོ་གཉིས་བསྒྲེངས་ལ་བཀུག་སྟེ་སྤྲད་ལ་ ཟླུམ་པོར་བྱ། འདི་ནི་ཞགས་པ་མཆོག་ཅེས་གྲགས། །སྡང་བ་ཐམས་ཅད་འཇིགས་པར་བྱེད། །སྔགས་པས་འདི་བཅིངས་དེ་ཡི་ཚེ། །རྟག་ཏུ་སྡང་བ་བཅིངས་པར་འགྱུར། །འདིའི་གསང་ སྔགས་ནི། ན་མས་མནྟ་བུདྡྷཱ་ནཱཾ། ཧེ་ཧེ་མཧཱ་པཱ་ཤ་པྲ་ས་རོ་དྷཱ་རྱ་སཏ་དྷཱ་ཏུ་བི་མོ་ཙ་ཀ་ཏ་ཐཱ་ག་ཏ་ཨ་དཧི་མུཀྟི་ནིར་ཛ་ཏྭ་སཱཧཱ། དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ཏེ་ཁུ་ཚུར་ བཅངས་ལ་མཛུབ་མོ་བསྒྲེངས་ཏེ་ཚིགས་གསུམ་པ་བཀུག་ལ། ལྷག་མ་རྣམས་གདུ་བུའི་ཚུལ་དུ་གནས་པར་བྱ་འོ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །ལྕགས་ཀྱུ་ཞེས་ནི་འདི་བཤད་ དེ༑ ༑བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ས་བཅུ་དག་ལ་གནས་པ་དག་སྡང་བར་སེམས་པ་གཞན་དག་ཀྱང། །ཐམས་ཅད་རབ་ཏུ་འགུགས་པར་བྱེད། །འདིའི་གསང་སྔགས་ནི། ན་མཿ་ ས་མནྟ་བུདྡྷཱ་ནཱཾ། སརྦ་ཐཱ། ཨ་པྲ་ཏི་ཧ་ཏ་ཏ་ཏ་ཐཱ་ག་ཏ། ཨཾ་ཀུ་ཤ་བོདྷེ་ཙྪེ་རྱ་བརི་པཱུ་ར་ག་སཱཧཱ། ལྕགས་ཀྱུའི་ཕྱག་རྒྱ་ལས་གུང་མོ་གཉིས་བཀུག་སྟེ་དེ་ཉིད་དུ་སྦྱར་རོ་།འདི་ནི། དེ་བཞིན་ [245B] གསང་སྔགས་ལ། ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཛྙཱ་ནོད་བྷ་བ་སཱཧཱ། ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་བསྒྲེངས་ལ་ལྷག་མ་རྣམས་དེ་བཞིན་དུ་གཞག་ གོ་དེ་བཞིན་གཤེགས་པའི་ལྟེ་བའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཨ་མྲྀ་ཏོད་བྷ་བ་སཱཧཱ་ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་གཉིས་ཀྱང་བསྒྲེངས་ལ་ལྷག་མ་ རྣམས་དེ་བཞིན་དུ་གཞག་གོ་རྐེད་པའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཏ་ཐཱ་ག་ཏི་སཾ་བྷ་བ་སཱཧཱ། དེ་བཞིན་དུ་ལག་པ་གཉིས་ཁོང་སྟོང་དུ་སྦྱར་ལ་མཛུབ་མོ་ གཉིས་བཀུག་སྟེ་ནང་དུ་གཞུག་སྲིན་ལག་གཉིས་ཀྱང་དེ་བཞིན་དུ་བྱ། །མཐེ་བོང་དང་མཐེའུ་ཆུང་གཉིས་ཅུང་ཟད་བཀུག་གུང་མོ་གཉིས་གཤིབས་ཏེ་བསྒྲེང་ངོ། །འདི་ནི། དེ་བཞིན་ གཤེགས་པའི་མཛོད་ཀྱི་ཕྱག་རྒྱ་སྟེ། འདིའི་གསང་སྔགས་ནི། ན་མས་མནྟ་བུདྡྷཱ་ནཱཾ། རཾ་རཾ་རཾ་སཱཧཱ། ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་ཕྱུང་ལ་བསྒྲེངས་ཏེ་གཞག་གོ་མཚམས་ ཆེན་པོ་གཅད་པའི་ཕྱག་རྒྱ་སྟེ། འདིའི་གསང་སྔགས་ནི། ན་མས་མནྟ་བུདྡྷཱ་ནཱཾ། བེ་ལུ་པུ་རི། བི་ཀུ་རི་བི་ཀུ་ལེ་སཱཧཱ་མཚམས་ཆེན་པོ་གཅད་པ་འོ། །དེ་ཉིད་ལས་གུང་མོ་གཉིས་བཀུག་ ལ་མཐེ་བོང་གཉིས་བསྒྲེང་ངོ། །སྲུང་བ་ཆེན་མོའི་ཕྱག་རྒྱ་སྟེ། །གསང་སྔགས་ལ། ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཏ་ཐཱ་ག་ཏེ་བྷྱོ་སརྦྦ་བྷ་ཡ་བི་ག་ཏེ་བྷྱོ་བྲི་ཤྭ་མུ་ཁེ་བྷྱ། སརྦྦ་ཐཱ་ཧཾ་ཁཾ་རཀྵ་ [246A]༄༅། །མ་ཧཱ་བ་ལེ་སརྦ་ཏ་ཐཱ་ག་ཏ་པུཎྱ་ནིར་ཛ་ཏི་ཧཱུཾ་ཧཱུཾ་ཏྲ་ཊ་ཏྲ་ཊ། ཨ་པྲ་ཏི་ཧ་ཏེ་སཱཧཱ། མི་བཟོད་པ་ཞེས་བྱ་བ་སྲུང་བ་ཆེན་མོའོ། །དེ་བཞིན་དུ་མཛུབ་མོ་གཉིས་བརྐྱངས་ལ་ མཐེ་བོང་གཉིས་ནང་དུ་གཞུག་གོ། །ཀུན་ཏུ་འབར་བ་ཞེས་བྱ་བའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ་ཛྭ་ལ་མཱ་ལི་ནི་ཏ་ཐཱ་ག་ཏ་ཨརྩི་སཱཧཱ། ཀུན་ཏུ་འབར་ བའོ༑ ༑དེ་བཞིན་དུ་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཛུབ་མོ་གཉིས་ཀྱིས་ངོས་ནས་དཀྲིའོ། །འདི་ནི། དེ་བཞིན་གཤེགས་པའི་གོ་ཆའི་ཕྱག་རྒྱ་སྟེ། གསང་སྔགས་ ལ༑ ན་མཿ་ས་མནྟ་བུདྡྷཱ་ནཱཾ། པྲ་ཙཎྜ་བཛྲ་ཛ་ཡ་བི་སྥུ་ར་ཧཱུཾ། དེ་བཞིན་གཤེགས་པའི་ཆོ་གའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་དང། མཐེ་བོང་གཉིས་གཅིག་ཏུ་སྦྱར་རོ། ། དེ་བཞིན་གཤེགས་པའི་ལྗགས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ་ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཏ་ཐཱ་ག་ཏ་ཛི་ཧཱ་སིདྡྷི་དྷརྨྨ་པྲ་ཏིཥྛི་ཏེ་སཱཧཱ། དེ་བཞིན་གཤེགས་པའི་ལྗགས་སོ། ། ཕྱག་རྒྱ་དེ་ཉིད་ལ་མཛུབ་མོ་གཉིས་དང། སྲིན་ལག་གཉིས་བཀུག་ལ་ནང་དུ་སྦྱར། མཐེ་བོང་གཉིས་བསྒྲེངས་ལ་ཅུང་ཟད་བཀུག་སྟེ་རྩེ་མོ་གུང་མོ་ལ་ཕྱོགས་པར་བྱ། །མཐེའུ་ཆུང་ གཉིས་བརྐྱངས་ལ་མཐེ་བོང་གཉིས་ནི། །སྔ་མ་བཞིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་ཞལ་ཆེན་པོའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ཏ་ཐཱ་གཱ་ཏ་མཧཱ་ [246B] དེ་བཞིན་གཤེགས་པའི་ཞལ་ལོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བཀྲོལ་ལ་ནང་དུ་བཅུག་སྟེ་དགུ་བོར་བྱས་ལ་གཏོད་དེ་གཟུང་ངོ། །དེ་བཞིན་གཤེགས་ པའི་མཆེ་བའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ཏ་ཐཱ་ག་ཏ་མཧཱ་དཾ་ཥྚཱ་ས་ར་ས་ར་གྲ་ས་མ་པྲ་བྷ་ཀ་སརྦྦ་ཏ་ཐཱ་ག་ཏ་བི་ཥ་ཡ་སཾ་བྷ་བ་སཱཧཱ། དེ་བཞིན་གཤེགས་ པའི་མཆེ་བའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བསྒྲེངས་ཏེ་བཟུང་ལ་ཚིགས་གསུམ་པ་དགུག་གོ་དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པའི་ཕྱག་རྒྱ་སྟེ། གསང་ སྔགས་ལ། ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཨ་ཙིནྟྱ་ཨད་བཧུ་ཏ་རཱུ་པ་པཱ་པ་ག་སཾ་པྲ་ཏི་བིདྱཱ་བི་ཤུདྡྷཱ་ས་ར་སཱཧཱ། དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པའོ། །དེ་བཞིན་དུ་ལག་པ་གཉིས་ གཅིག་ཏུ་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་མཐེ་བོང་གཉིས་དང་མཐེ་ཆུང་གཉིས་ནང་དུ་བཅུག་ལ་གཅིག་ཏུ་སྤྲད་དོ། །འདི་ནི། སྟོབས་བཅུའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿ་ས་མནྟ་བུདྡྷཱ་ ནཱཾ། ད་ཤ་བ་ལ་ག་དྷ་ར་ཧཱུཾ་སཾ་ཛཾ་སཱཧཱ། སྟོབས་བཅུའི་ཕྱག་རྒྱ་དང་སྔགས་སོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་ཀྱི་རྩེ་མོར་མཛུབ་མོ་གཉིས་བཀུག་སྟེ་སྦྱར་རོ། །དྲན་པ་ཉེ་བར་ གཞག་པའི་ཕྱག་རྒྱ་སྟེ། གསང་སྔགས་ལ། །ན་མས་མནྟ་བུདྡྷཱ་ནཱཾ། ཏ་ཐཱ་ག་ཏ་སྨྲྀ་ཏི་སཏ་ཏི་ཏ་ཨ་བྷཱུ་ག་ག་ན་ས་མ་ས་མ་སཱཧཱ། དྲན་པ་ཉེ་བར་གཞག་པའི་ཕྱག་རྒྱ་དང་གསང་སྔགས་སོ། ། [247A]༄༅། །ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་མཐེ་བོའི་སྟེང་དུ་གཟུང་ངོ། །གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ་སརྦྦ་དྷརྨྨ་ས་མ་ཏཱ་པྲཱ་པྟ་ཏ་ཐཱ་ག་ཏ་ཨ་ནུ་ག་ ཏ་སཱཧཱ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པར་བྱེད་པའི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ཏེ་མཛུབ་མོ་གཉིས་ཀྱི་གུང་མོ་གཉིས་ དཀྲིས་ལ་ལྷག་མ་རྣམས་ནི། དེ་བཞིན་དུ་གཞག་གོ་ཀུན་ཏུ་བཟང་པོའི་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ས་མནྟ་ནུ་ག་ཏ་བི་རཱ་ཛེ་དྷཱརྨ་ ནིར་ཛ་ཏ་མ་ཧཱ་མ་ཧཱ་སཱཧཱ། ཡིད་བཞིན་གྱི་ནོར་བུའི་གསང་སྔགས་སོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་གུང་མོ་གཉིས་ཀྱི་ནང་དུ་བཀུག་ལ་གཞག་ལྷག་མ་རྣམས་ནི། སྔ་ མ་བཞིན་ནོ། །འདིའི་གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ་ཨ་ཛི་ཏཉྫ་ཡ་སརྦྦ་སཏཱ་ཤ་ཡཱ་ནུ་ག་ཏ་སཱཧཱ། བྱམས་པའི་ཕྱག་རྒྱ་དང་གསང་སྔགས་སོ། །ཕྱག་རྒྱ་དེ་ཉིད་ལས་ མཐེ་བོང་གཉིས་ནང་དུ་གཞུག་གོ་གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ཨཱ་ཀཱ་ཤ་ས་མ་ཏཱ་ནུ་ག་ཏ་བི་ཙི་ཏྲཾ་བར་དྷ་ར་སཱཧཱ། ནམ་མཁའི་སྙིང་པོའི་ཕྱག་རྒྱ་དང་གསང་སྔགས་སོ།། ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་དང་མཐེའུ་ཆུང་གཉིས་ནང་དུ་བཅུག་ལ། མཛུབ་མོ་གཉིས་གུང་མོ་གཉིས་དང་ལྷན་ཅིག་ཏུ་སྦྱར་རོ། །གསང་སྔགས་ལ། ན་མས་མནྟ་བུདྡྷ་ [247B] ཨཏ་སཏ་ཧི་ཏ་ཨ་བྷྱུད་ག་ཏ་ཏྲཾ་ཏྲཾ་རཾ་རཾ་སཱཧཱ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ཕྱག་རྒྱ་དང་གསང་སྔགས་སོ།། །།བམ་པོ་ལྔ་པ། དེ་བཞིན་དུ་ལག་པ་གཉིས་གཅིག་ ཏུ་སྦྱར་ལ་སོར་མོ་ཐམས་ཅད་དྲིལ་བུ་འདྲ་བར་ཁ་དབྱེ། མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་གཅིག་ཏུ་སྦྱར། ལྷག་མ་རྣམས་ནི་པདྨ་ལྟ་བུར་བྱའོ། །གསང་སྔགས་ལ། ན་མཿ་ ས་མནྟ་བུདྡྷཱ་ནཱཾ། སརྦྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཀ་རུ་ཎཱ་མཱ་ཡ་ར་ར་ར་ཧཱུཾ་ཛསཱཧཱ། སྤྱན་རས་གཟིགས་དབང་ཕྱུག་གི་པདྨའི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཉིས་ ཐལ་མོ་ཁོང་སྟོང་དུ་སྦྱར་ལ། པདྨ་ཁ་མ་ཕྱེ་བ་ལྟ་བུར་བྱའོ། །པདྨའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ཛཾ་ཛཾ་ས་སཱཧཱ། མཐུ་ཆེན་པོ་ཐོབ་པའི་པདྨའི་ཕྱག་རྒྱ་དང་ གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་ལ་མཛུབ་མོ་གཉིས་རྩེ་མོ་ཅན་དུ་བསྒྲེངས་ཏེ། མཐེ་བོང་གཉིས་ཀྱང་དེའི་དྲུང་དུ་གཞག་གོ་གསང་སྔགས་ལ། ན་མས་མནྟ་ བུདྡྷཱ་ནཱཾ། ཏཱ་རེ་ཏཱ་རེ་ཎི་ཀ་རུ་ཎོད་བྷ་བེ་སཱཧཱ། ལྷ་མོ་སྒྲོལ་མའི་འོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་གཅུས་ཏེ་བསྒྲེང། ལྷག་མ་རྣམས་ནི། སྔ་མ་བཞིན་ནོ། །གསང་སྔགས་ལ། ན་མཿ་ ས་མནྟ་བུདྡྷཱ་ནཱཾ། སརྦྦ་བྷ་བ་སན་ཏྲཱ་ས་ནི་ཧཱུཾ་སྥོ་ཊ་ཡ་སཱཧཱ། ཁྲོ་གཉེར་མའི་འོ། །དེ་བཞིན་དུ་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སྲིན་ལག་གཉིས་དང་མཐེ་བོང་གཉིས་ནང་དུ་གཞུག་ [248A]༄༅། །གོ་གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ཏ་ཐཱ་ག་ཏ་བི་ཥ་ཡ་སཾ་བྷ་བ་པདྨ་མཱ་ལི་ནི་སཱཧཱ། གོས་དཀར་ཅན་གྱིའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་ གྱེན་དུ་བསྒྲེངས་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་དེའི་དྲུང་དུ་པར་ནས་གང་ཙམ་གྱིས་ཆོད་པར་གཞག་གོ་གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ་ཁཱ་ད་བྷཉྫ་སྥོ་ཊ་ཡ་སཱཧཱ། རྟ་མགྲིན་ གྱི་ཕྱག་རྒྱ་དང་གསང་སྔགས་སོ། །ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་དང་མཐེའུ་ཆུང་གཉིས་ཀྱང་གྱེན་དུ་བསྒྲེངས་ལ་ལྷག་མ་རྣམས་དེ་བཞིན་དུ་ཁུ་ཚུར་བཅངས་པའི་ཚུལ་དུ་གཞག་ གོ་དེའི་གསང་སྔགས་ནི། ན་མས་མནྟ་བུདྡྷཱ་ནཱཾ། ཧ་ཧ་ཧ་སུ་ན་ཏ་ནུ་སཱཧཱ། སའི་སྙིང་པོའི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་གུང་ མོ་གཉིས་ཀྱིས་སྲིན་ལག་གཉིས་དཀྲིས་ཏེ་མཛུབ་མོ་གཉིས་ཀྱང་མཐེ་བོང་གཉིས་ཀྱི་སྟེང་དུ་བཀུག་སྟེ་བཞག་ལྷག་མ་རྣམས་ནི། སྔ་མ་བཞིན་ནོ། །གསང་སྔགས་ལ། ན་མས་མནྟ་ བུདྡྷཱ་ནཱཾ། ཧེ་ཧེ་ཀུ་མཱ་ར་ཀ་བི་མུཀྟི་བ་ཐེ་སྟི་ཥྛ་ཏ་སྨ་ར་སྨ་ར་པྲ་ཏི་ཛྙཱ་ན་སཱཧཱ། འཇམ་དཔལ་གྱི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ་མཛུབ་མོ་དགུག་གོ་ དྲ་བའི་འོད་ཀྱི་ལྕགས་ཀྱུའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ཧེ་ཧེ་ཀུ་མཱ་ར་ཡ་ག་ཏ་སྭ་བྷཱ་བ་སྠི་ཏ་སཱཧཱ། དྲ་བའི་འོད་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །ཕྱག་རྒྱ་དེ་ [248B] །གཞོན་ནུ་དྲི་མ་མེད་པའི་འོད་ཀྱི་ཨུཏྤ་ལའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ཧེ་ཧེ་ཀུ་མཱ་ར་བི་ཙི་ཏྲ་ག་ཏི་ཀུ་མཱ་ར། པྲ་ཏི་ཛྙཱ་ན་མ་ནུ་སྨ་ ར་སཱཧཱ། དྲི་མ་མེད་པའི་འོད་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཡས་པ་ཁུ་ཚུར་བཅངས་ལ་མཛུབ་མོ་དང་གུང་མོ་གཉིས་གཤིབས་ཏེ་གྱེན་དུ་བསྒྲེང་ངོ། །སྐྲ་ཅན་གྱི་ ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ཧེ་ཧེ་ཀུ་མཱ་རི་ཀླེ་ཤ་ཙྪེ་ད་ཡ་ཨ་ཛྙཱ་ནཱཾ། སྨ་ར་པྲ་ཏི་ཛྙཱ་ན་སཱཧཱ། སྐྲ་ཅན་གྱི་ཕྱག་རྒྱ་དང་གསང་སྔགས་སོ་།དེ་བཞིན་དུ་ལག་པ་གཡས་པ་ ཁུ་ཚུར་བཅངས་ལ་གུང་མོ་གྱེན་དུ་བསྒྲེངས་ཏེ་མདུད་རྩེ་གསུམ་ལྟ་བུར་བྱ། ཉེ་བའི་སྐྲ་ཅན་གྱི་མདུང་རྩེའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། བནྡྷ་ཡ་ཨཛྙཱ་ཏེ་ཀུ་མ་རི་ཀེ་ སཱཧཱ༑ ཉེ་བའི་སྐྲ་ཅན་གྱི་མདུང་རྩེའི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་གཉིས་ཁུ་ཚུར་བཅངས་ཏེ་གུང་མོ་གཉིས་བརྐྱངས་ལ་མཛུབ་མོ་གཉིས་ངོས་སུ་སྦྱར། སྣ་ཚོགས་མའི་དབྱུག་ པའི་ཕྱག་རྒྱ་སྟེ་གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ་ཧེ་ཀུ་མཱ་རི་ཀེ་ཨཱཛྙཱ་ནཱ་པུ་ར་བི་དྷཱ་ན་ས་ནི་སཱཧཱ། དེ་བཞིན་དུ་ལག་པ་གཡོན་པ་ཁུ་ཚུར་བཅངས་ལ་སྲིན་ལག་དང་མཐེའུ་ཆུང་གཉིས་ བསྒྲེང་ངོ། །ནོར་ཅན་གྱི་རྒྱལ་མཚན་གྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ཧེ་སྥུ་ར་ཛྙཱ་ན་ཀེ་ཏུ་སཱཧཱ། ནོར་ཅན་གྱི་རྒྱལ་མཚན་གྱི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་ [249A]༄༅། །གཡས་པ་ཁུ་ཚུར་བཅངས་ལ་མཛུབ་མོ་བསྒྲེང་སྟེ་རྩེ་མོ་དགུག་གོ་འགུགས་མའི་ལྕགས་ཀྱུའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ཨཱ་ཀརྵ་ཡ་ སརྦྦ་ན་ཀུ་མཱ་ར་སྱ་སཱཧཱ། འགུགས་མའི་ལྕགས་ཀྱུའི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་ལ་མཛུབ་མོ་གཉིས་བསྒྲེངས་ཏེ་ཚིགས་གསུམ་པ་དགུག་ གོ་གསང་སྔགས་ལ། ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཨ་བི་སྨ་ཡ་ནི་ཡེ་སཱཧཱ། ཕྱག་བརྙན་མ་རྣམས་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་ གུང་མོ་བསྒྲེངས་ལ་ཚིགས་གསུམ་པ་དགུག་གོ་ངོ་མཚར་ཅན་གྱི་རྡོ་རྗེའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། བི་མ་ཏིཙྪ་ད་ཀ་སཱཧཱ། ངོ་མཚར་ཅན་གྱི་རྡོ་རྗེའི་ ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཡས་པའི་དཔུང་པ་བསྟོད་ལ་ལག་པ་མི་འཇིགས་པ་སྦྱིན་པ་ལྟ་བུར་བྱ། །མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་སྟེ། གསང་སྔགས་ ལ༑ ན་མས་མནྟ་བུདྡྷཱ་ནཱཾ། ཨ་བྷ་ཡནྡ་ཏ་སཱཧཱ། མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་དེ་ཉིད་མས་ཡར་གྱེན་དུ་འདྲེན་པའི་ཚུལ་དུ་བྱ་འོ། །ངན་སོང་ སྤོང་བའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ཨ་བྷྱུད་དྷ་ར་སཏ་དྷ་ཏུ་ན་སཱཧཱ། ངན་སོང་སྤོང་བའི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་དེ་ཉིད་བྲང་དུ་གཞག་ [249B]ཡོངས་སུ་སྐྱོང་སེམས་བློ་གྲོས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ཧེ་མཧཱ་མཧཱ་སྨ་ར་པྲ་ཏི་ཛྙཱ་ན་སཱཧཱ། ཡོངས་སུ་སྐྱོང་སེམས་བློ་གྲོས་ཀྱི་ཕྱག་རྒྱ་དང་གསང་ སྔགས་སོ། །ལག་པ་དེ་ཉིད་མེ་ཏོག་འཛིན་པའི་ཚུལ་དུ་བྱའོ་།གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། སཏེ་བཛྲོད་བྷ་བ་སཱཧཱ། བྱམས་པ་འབྱུང་བའི་ཕྱག་རྒྱ་དང་གསང་སྔགས་སོ། ། ལག་པ་དེ་ཉིད་སྙིང་གར་བཞག་ལ་གུང་མོ་ནང་དུ་དགུག་གོ་གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ཀ་རུ་ཎོད་བྷ་བ་སཱཧཱ་སྙིང་རྗེས་བརྙན་པའི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་ བཞིན་དུ་ལག་པ་གཡས་པ་མཆོག་སྦྱིན་པའི་ཚུལ་དུ་བྱ་འོ། །གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ཧེ་ཧེ་བར་ད་པ་ར་པྲཱཔྟ་སཱཧཱ། གདུང་བ་ཐམས་ཅད་ཞི་བར་བྱེད་པའི་འོ། །ལག་པ་དེ་ ཉིད་ཡིད་བཞིན་གྱི་ནོར་བུ་འཛིན་པའི་ཚུལ་དུ་བྱའོ། །གསང་སྔགས་ལ། ན་མཿ་ས་མནྟ་བུདྡྷཱ་ནཱཾ། སརྦྦཱ་ཤཱ་པ་རི་པཱུ་ར་ཀ་སཱཧཱ། བློ་གྲོས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱག་ རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་ལ་གུང་མོའི་སོར་མོ་གཉིས་ཕྱུང་སྟེ་བརྐྱང་ངོ། །སའི་སྙིང་པོའི་མེ་ཏོག་གི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་ མས་མནྟ་བུདྡྷཱ་ནཱཾ། ཧ་ཧ་ཧ་བིསྨ་ཡེ་སཱཧཱ། སའི་སྙིང་པོའི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ལ་སོར་མོ་གསུམ་བརྐྱང་ངོ། །རིན་ཆེན་འབྱུང་ལྡན་ [250A]༄༅། །གྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ཧེ་ཧེ་མ་ཧཱ་མ་ཧཱ་སཱཧཱ། རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་དེ་ཉིད་ ལས་སྲིན་ལག་བརྐྱངས་ཏེ་གྱེན་དུ་བསྒྲེང་ངོ། །གསང་སྔགས་ལ་ན་མས་མནྟ་བུདྡྷཱ་ནཱཾ། རཏྣོད་བྷ་བ་སཱཧཱ། ཕྱག་ན་རིན་ཆེན་གྱི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ ལག་པ་གཉིས་བསྣོལ་ཏེ་རྒྱབ་སྦྱར་ལ་གཡོན་པའི་མཐེའུ་ཆུང་གིས་གཡས་པའི་མཐེའུ་ཆུང་འཁྱུད་དེ། དེ་བཞིན་དུ་ལག་པ་གཡས་པས་ཀྱང་གཡོན་པ་འཁྱུད་ལ་ལྷག་མ་རྣམས་ རྡོ་རྗེ་ལྟ་བུར་བྱའོ། །ས་འཛིན་གྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། དྷ་ར་ཎི་པྲཱཔྟ་སཱཧཱ། ས་འཛིན་གྱི་ཕྱག་རྒྱ་དང་གསང་སྔགས་སོ། །ཕྱག་ན་རིན་ཆེན་གྱི་ ཕྱག་རྒྱ་ནི། རྡོ་རྗེ་རྩེ་ལྔ་པ་སྟེ། སྔ་མ་བཞིན་ནོ། །གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། རཏྣ་ནིར་ཛ་ཏེ་སཱཧཱ་ཕྱག་ན་རིན་ཆེན་གྱི་ཕྱག་རྒྱ་དང་གསང་སྔགས་སོ། །ཕྱག་རྒྱ་དེ་ ཉིད་ལས་སོར་མོ་རྣམས་དགོད་པར་བྱའོ། །བསམ་པ་བརྟན་པའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿ་ས་མནྟ་བུདྡྷཱ་ནཱཾ། བཛྲ་སཾ་བྷ་བ་སཱཧཱ། བསམ་པ་བརྟན་པའི་ཕྱག་རྒྱ་དང། གསང་ སྔགས་སོ། །ལག་པ་གཉིས་དེ་བཞིན་དུ་བྱ་བ་ནི། ནམ་མཁའ་སྙིང་པོའི་རལ་གྲིའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ག་ག་ན་ནཱནྟ་ཙ་ར་སཱཧཱ། འཕགས་པ་ནམ་མཁའི་ [250B] །འཁོར་ལོའི་ཕྱག་རྒྱ་སྔ་མ་བཞིན་དུ་བྱས་པ་ནི། ནམ་མཁའི་བློ་གྲོས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ་ཙཀྲ་བརྟི་སཱཧཱ། ནམ་ མཁའི་བློ་གྲོས་ཀྱི་ཕྱག་རྒྱ་དང། གསང་སྔགས་སོ། །དུང་གི་ཕྱག་རྒྱ་སྔ་མ་བཞིན་དུ་བྱས་པ་ནི། རྣམ་པར་དག་པའི་བློ་གྲོས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། དྷརྨྨ་སཾ་བྷ་ བ་སཱཧཱ། རྣམ་པར་དག་པའི་བློ་གྲོས་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །པདྨའི་ཕྱག་རྒྱ་སྔ་མ་བཞིན་དུ་བྱས་པ་ནི་།སྤྱོད་པའི་བློ་གྲོས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ་ པདྨ་མཱ་ལཱ་ཡ་སཱཧཱ། སྤྱོད་པའི་བློ་གྲོས་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །ཨུཏྤ་ལའི་ཕྱག་རྒྱ་སྔ་མ་བཞིན་ལས་ཁ་མ་བྱེ་བར་བྱས་པ་ནི། ནམ་མཁའ་དྲི་མ་མེད་པའི་ཕྱག་རྒྱ་སྟེ་གསང་སྔགས་ ལ༑ ན་མས་མནྟ་བུདྡྷཱ་ནཱཾ། ཛྙཱ་ནོད་བྷ་བ་སཱཧཱ། ནམ་མཁའ་དྲི་མ་མེད་པའི་ཕྱག་རྒྱ་དང་གསང་སྔགས་སོ། །རྡོ་རྗེ་སྣ་མ་བཞིན་དུ་བྱས་པ་ནི། །བརྟན་པའི་བློ་གྲོས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ་ མཿ་ས་མནྟ་བུདྡྷཱ་ནཱཾ། བཛྲ་ཀཱ་ར་སཱཧཱ། བརྟན་པའི་བློ་གྲོས་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ཏེ་སྲིན་ལག་གཉིས་ནང་དུ་བཅུག་ལ་གུང་མོ་དང། མཐེ་བོང་ གཉིས་དང། མཐེའུ་ཆུང་གཉིས་བསྒྲེང་སྟེ་མཛུབ་མོ་གཉིས་གུང་མོའི་ངོས་སུ་བཀུག་ལ་བར་ནས་གང་ཙམ་གྱིས་མ་རེག་པར་གཞག་གོ་།ཕྱག་ན་རྡོ་རྗེའི་ཕྱག་རྒྱ་སྟེ། རྡོ་རྗེའོ། །གསང་སྔགས་ལ་ [251A]༄༅། །ན་མས་མནྟ་བུདྡྷཱ་ནཱཾ། ཙཎྜ་མ་ཧཱ་རོ་ཥ་ན་ཧཱུཾ། རྡོ་རྗེ་འཛིན་གྱིའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་དང་མཐེའུ་ཆུང་གཉིས་ནང་དུ་གཞུག་གོ་མཱ་མ་ཀཱིའི་ཕྱག་རྒྱ་ སྟེ༑ གསང་སྔགས་ལ། ན་མས་མནྟ་བཛྲཱ་ཎཱཾ། ཊི་ཊ་ཊི་ཊ་ཛ་ཡནྟི་སཱཧཱ། མཱ་མ་ཀཱིའི་འོ། །དེ་བཞིན་དུ་ལག་པ་གཉིས་རྒྱབ་སྤྲད་ལ་སོར་མོ་རྣམས་ཕན་ཚུན་བསྣོལ་ཏེ་གཅུས་ལ་བསྡམས་ ཏེ་གཡོན་པའི་མཐེ་བོས་གཡས་པའི་མཐེ་བོང་མནན་ལ་བསྡམ་མོ་།རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བཛྲཱ་ཎཱི། ཧཱུཾ་བནྡྷ་བནྡྷ། མོ་ཊ་ཡ་མོ་ཊ་ཡ་བཛྲོད་ བྷ་བེ། སརྦ་ཏྲཱ་པྲ་ཏི་ཧ་ཏེ་སཱཧཱ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །རྡོ་རྗེའི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་ཅུང་ཟད་བཀུག་ལ་མཛུབ་མོ་གཉིས་ཀྱང་དེ་ལ་ཕྱོགས་པར་ བྱའོ༑ ༑རྡོ་རྗེ་ཁྲོ་ཟླ་གཙོ་བོའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བཛྲཱ་ཎཱཾ། ཧཱུཾ་ཧཱུཾ་ཕཊ་སཱ་ཧཱ། ཁྲོ་ཟླ་གཙོ་བོའི་འོ། །དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་ལ་མཛུབ་ མོ་གཉིས་གཤིབས་ཏེ་བསྒྲེང་ངོ། །རྡོ་རྗེ་རྩེ་མོའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བཛྲཱ་ཎཱཾ། སརྦྦ་དྷརྨྨ་ནིར་བེ་དི་ན་བཛྲ་སུ་ཙི་བ་ར་དེ་སཱཧཱ། རྡོ་རྗེ་རྩེ་མོའི་འོ། །དེ་བཞིན་དུ་ལག་ པ་གཉིས་ཁུ་ཚུར་བཅངས་ལ་སྙིང་གར་བཞག་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བཛྲཱ་ཎཱཾ་སྥོ་ཊ་ཡ་བཛྲ་སཾ་བྷ་བེ་སཱཧཱ། རྡོ་རྗེ་ཁུ་ཚུར་གྱིའོ་།ལག་པ་ [251B] ལག་པ་གཡས་པ་ཁུ་ཚུར་བཅངས་པའི་མཛུབ་མོ་གྱེན་དུ་བསྒྲེང་སྟེ་ཁྲོས་པ་བཞིན་དུ་སྡིགས་པར་བྱ་བ་ནི། གདུལ་དཀའི་ཕྱག་རྒྱ་སྟེ། གསང་ སྔགས་ལ། ན་མས་མནྟ་བཛྲཱ་ཎཱཾ། དུར་དནྟ་ཥ་མ་ཧཱ་རོ་ཥ་ཎ་ཁཱ་ད་ཡ་སརྦྦ་ན་ཀུ་རུ་ཏ་ཐཱ་ག་ཏ་ཨཱ་ཛྙཱ་ན་སཱཧཱ། གདུལ་དཀའི་འོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ལ་བརྡབ་པའི་ཐབས་ སུ་བྱའོ། །མངོན་ཕྱོགས་ཀྱི་ཐོ་བའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བཛྲཱ་ཎཱཾ། ཧེ་ཨ་བཧི་མུ་ཁ་མཧཱ་ཙཎྜ་གྲྀཧྞ་ཁཱ་ད་ཡ་ཀིན་ཙི་ར་ཡ་སི་ས་མ་ཡ་མ་ནུ་སྨ་ར་སཱཧཱ་མངོན་ཕྱོགས་ ཀྱིའོ༑ ༑སྔ་མ་བཞིན་དུ་ལྷུང་བཟེད་འཛིན་པའི་ཚུལ་དུ་བྱས་པ་ནི། ཤཱཀྱ་ཐུབ་པའི་ལྷུང་བཟེད་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། སརྦྦ་ཀླེ་ཤ་ནི་སུ་ད་ན་སརྦྦ་དྷརྨྨ་བ་ ཤཱི་ཏ་པྲཱཔྟ་ག་ག་ན་ས་མ་སཱཧཱ། ཤཱཀྱ་ཐུབ་པའི་འོ་།མཛོད་སྤུའི་ཕྱག་རྒྱ་ནི། སྔ་མ་བཞིན་དུའོ། །ལག་པ་གཡས་པའི་སོར་མོའི་རྩེ་མོ་ཀུན་སྦྱར་ཏེ་སྤྱི་བོའི་སྟེང་དུ་གཞག་གོ་།གཙུག་ ཏོར་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། བཾ་བཾ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། གཙུག་ཏོར་ཐམས་ཅད་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་གཡོན་པའི་ཁུ་ ཚུར་བཅངས་པ་ལ་གུང་མོ་དང་མཛུབ་མོ་གཉིས་བསྐྱང་སྟེ་སྲིན་ལག་དང་མཐེའུ་ཆུང་གི་རྩེ་མོར་མཐེ་བོ་བཞག་ལ། གཡས་པའི་མཛུབ་མོ་དང་གུང་མོ་གཉིས་གཡོན་པའི་མཐིལ་དུ་ [252A]༄༅། །གཞུག་མཐེ་བོང་གཉིས་ཀྱང་སྔ་མ་བཞིན་དུ་བྱའོ་།མི་གཡོ་མགོན་གྱི་ཕྱག་རྒྱ་རལ་གྲི་ཤུབས་སུ་བཅུག་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ནི་ རྡོ་རྗེ་སྟེ༑ སྔ་མ་བཞིན་ནོ། །དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ལ་སྲིན་ལག་དང་མཐེའུ་ཆུང་གཉིས་ནང་དུ་བཅུག་སྟེ་གུང་མོ་གཉིས་གཤིབས་ཏེ་བསྒྲེང་ལ། མཛུབ་མོ་གཉིས་ བཀུག་སྟེ་གུང་མོའི་ཚིགས་གསུམ་པར་བཞག་མཐེ་བོང་གཉིས་མིག་ལྟ་བུར་བྱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡུམ་གྱི་ཕྱག་རྒྱ་སྟེ། གཙུག་ཏོར་རོ། །ལག་པ་གཡོན་པ་བརྐྱང་ ལ་ཁ་ཕུབ་སྟེ་ལག་པ་གཡས་པ་ཁུ་ཚུར་བཅངས་ལ་མཛུབ་མོས་གདུགས་ལྟ་བུར་གཟུང་ངོ། །གདུགས་དཀར་པོའི་ཕྱག་རྒྱ་སྟེ། གདུགས་སོ། །ཁཾ། གཙུག་ཏོར་རྒྱལ་བའི་ནི། རལ་གྲི་སྟེ་ སྔ་མ་བཞིན་ནོ། །ཤཾ། རྣམ་པར་རྒྱལ་བའི་ནི། འཁོར་ལོ་སྟེ་སྔ་མ་བཞིན་ནོ། །སིཾ། རྣམ་པར་འཐོར་བའི་ནི། ལྕགས་ཀྱུ་སྟེ་ལག་པ་གཡས་པ་ཁུ་ཚུར་བཅངས་ལ་མཛུབ་མོ་བཀུག་སྟེ་ གཞག་གོ་ཧཱུཾ༑ གཟི་བརྗིད་ཕུང་པོའི་ནི། གཙུག་ཏོར་ཏེ། སྔ་མ་བཞིན་ནོ། །ཏྲཱིཾ། ཆེར་བྱུང་བ་ཡི་ཕྱག་རྒྱ་ནི། །རྡོ་རྗེ་ཕྱག་རྒྱ་ཞེས་སུ་གྲགས། །ཨུཾ། གྱེན་དུ་འབྱུང་བའི་ཕྱག་རྒྱ་ནི་།པདྨ་བཟང་ པོ་སྔ་མ་བཞིན། །ཏུཾ། མཐའ་ཡས་པ་ཡི་དབྱངས་སྒྲ་ནི། །དུང་ཡིན་པར་ནི་ངས་བཤད་དོ། །རུཾ། ལག་པ་གཡས་པ་ཁུ་ཚུར་བཅངས་ལ་སྨིན་མཚམས་སུ་བཞག་པ་ནི། མཛོད་སྤུའི་ཕྱག་རྒྱ་ [252B] །སྤྱན་གྱི་ནི། གཙུག་ཏོར་སྔ་མ་བཞིན་ཏེ། བྱེ་བྲག་ཏུ་རྡོ་རྗེས་མཚན་པའོ། །ག། ལག་པ་གཡས་པ་པདྨ་འཛིན་པའི་ཐབས་སུ་སྙིང་གར་བཞག་ལ་ལག་པ་གཡོན་པ་[?] མོ་བསྣུན་པའི་ཐབས་སུ་བརྐྱང་བ་ནི། གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ། །གསང་སྔགས་ནི། དཧིཾ་དཧིཾ་རིཾ་རིཾ་ཛི་རི་ཛི་རི་ལག་པ་གཉིས་ཁུ་ཚུར་བཅངས་ལ་མཐེ་བོང་གཉིས་གྱེན་དུ་བསྒྲེང་བ་ ལས་དགུག་གོ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ཁའི་ཕྱག་རྒྱའོ། །ཨ་པ་ར་ཛི་ཏ་ཛ་ཡནྟི་ཊི་ཏེ་སཱཧཱ། ལག་པ་གཡས་པ་འགྲམ་པར་བསྟན་པ་ནི། དབང་ཕྱུག་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ ཉིད་ལས་མཛུབ་མོ་དང་གུང་མོ་གཉིས་གཅུས་པ་ལྟ་བུར་གཟུང་ངོ་།ཀུན་ཏུ་མེ་ཏོག་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོང་གཉིས་ནང་དུ་གཞུག་གོ། འོད་ཀྱི་ཕྲེང་བ་ཅན་གྱི་ཕྱག་རྒྱའོ་།ཕྱག་ རྒྱ་དེ་ཉིད་ལས་མཐེ་བོང་ནང་དུ་གཞུག་གོ་འོད་ཀྱི་ཕྲེང་བ་ཅན་གྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་དང་མཐེ་བོ་གཉིས་མེ་ཏོག་འཛིན་པ་ལྟ་བུར་བྱའོ། །ཡིད་མགྱོགས་ཀྱི་ཕྱག་རྒྱའོ།། ལག་པ་གཡས་པའི་སྲིན་ལག་གི་སྟེང་དུ་མཐེ་བོང་བཞག་ལ། མཛུབ་མོ་དང། གུང་མོ་དང། མཐེའུ་ཆུང་གསུམ་བརྐྱང་སྟེ་རྣམ་བའི་སྟེང་དུ་གཞག་གོ་ལག་པ་གཡོན་པ་ཡང་དེ་བཞིན་དུ་བྱའོ།། སྒྲ་རྣམ་པར་སྒྲོག་པའི་ཕྱག་རྒྱའོ། །ལག་པ་གཉིས་གཅིག་ཏུ་སྦྱར་ལ་མཐེ་བོང་གཉིས་རྩེ་སྤྲད་དེ་ཟླུམ་པོར་བྱའོ། །སོར་མོ་ལྷག་མ་རྣམས་ཀྱི་རྩེ་མོ་དགུག་པ་ནི། བུམ་པའི་ཕྱག་རྒྱའོ། །དེ་བཞིན་དུ་ [253A]༄༅། །ལག་པ་གཡས་པ་མི་འཇིགས་པ་སྦྱིན་པའི་ཚུལ་དུ་བྱས་ལ་མཐེ་བོང་ནང་དུ་བཞག་པ་ནི། མི་གཉེར་བའི་ཕྱག་རྒྱའོ། །ལག་པ་དེ་ཉིད་མི་འཇིགས་པ་སྦྱིན་པ་ལྟ་བུར་ བྱས་ལ་མཐེ་བོ་མཐེ་ཆུང་གི་ཚིགས་གཉིས་པར་གཞག་གོ། དྲང་སྲོང་རྣམས་ཀྱི་སྤྱིའི་ཕྱག་རྒྱ་སྟེ། གོ་རིམ་ནི། ཇི་ལྟར་རིགས་པར་བྱའོ། །དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ལ་ མཛུབ་མོ་དང་མཐེའུ་ཆུང་གཉིས་ནང་དུ་བཅུག་སྟེ་ལྷག་མ་རྣམས་གཅིག་ཏུ་བསྡུས་ལ་བསྟོད་དེ་བཟུང་བ་ནི། གཤིན་རྗེའི་བེ་ཅོན་གྱི་ཕྱག་རྒྱའོ། །ལག་པ་གཡས་པ་ཁ་ཕུབ་སྟེ་དྲིལ་བུ་ འདྲ་བར་བྱས་པ་ནི། འཆི་བདག་གི་ཕྱག་རྒྱ་སྟེ། དྲིལ་བུའོ། །དེ་བཞིན་དུ་ལག་པ་གཡོན་པ་ཁུ་ཚུར་བཅངས་ལ་མཛུབ་མོ་དང་གུང་མོ་གཉིས་བསྒྲེང་བ་ནི། དུས་མཚན་མོའི་ཕྱག་རྒྱའོ། ། ཕྱག་རྒྱ་དེ་ཉིད་ལས་གུང་མོ་གྱེན་དུ་བསྒྲེང་བ་ནི། དྲག་མོའི་ཕྱག་རྒྱ་སྟེ། ཏྲི་ཤཱུ་ལའོ། །ཕྱག་རྒྱ་དེ་ཉིད་ལས་པདྨ་འཛིན་པའི་ཚུལ་དུ་བྱས་པ་ནི། ཚངས་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་ མཛུབ་མོ་གུང་མོའི་རྒྱབ་ཀྱི་ཚིགས་གསུམ་པར་སྤྲད་པ་ནི། གཞོན་ནུ་མའི་མདུང་ཐུང་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་མཐེ་བོའི་རྩེ་མོར་གཞག་གོ་ཁྱབ་འཇུག་མའི་འཁོར་ལོའི་ ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གྱེན་དུ་བསྒྲེང་ངོ། །ཕག་མོའི་ཕྱག་རྒྱ་སྟེ། ཐོ་བའོ། །ཕྱག་རྒྱ་དེ་ཉིད་ལས་ལག་པ་སྣོད་ལྟ་བུར་བྱའོ། །ཙ་མུཎྜིའི་ཕྱག་རྒྱ་སྟེ། ཐོད་པའོ། །བདེན་བྲལ་གྱི་ [253B] སྔ་མ་བཞིན་ནོ། །ཁྱབ་འཇུག་གི་ཕྱག་རྒྱ་འཁོར་ལོ་ཡང་སྔ་མ་བཞིན་ནོ། །དེ་བཞིན་དུ་ལག་པ་གཉིས་གཡོན་ཕྱོགས་ནས་བསྟོད་དེ་བསྐོར་བ་ནི། དགའ་བོ་དང་ཉེ་དགའ་བོའི་སྤྲིན་ གྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སོར་མོ་གསུམ་གྱེན་དུ་བསྒྲེང་བ་ནི། བདེ་བྱེད་ཀྱི་མདུང་རྩེ་གསུམ་པའི་ཕྱག་རྒྱའོ་།ཕྱག་རྒྱ་དེ་ཉིད་ལས་སོར་མོ་དེ་དག་དྲང་པོར་བྱས་པ་ནི། ཨུ་མ་པ་ཏི་སྱའི་ཕྱག་ རྒྱའོ༑ ༑ཟླ་བའི་ཕྱག་རྒྱ་ནི། པདྨ་སྔ་མ་བཞིན་ཏེ། ཁྱད་པར་དུ་དཀར་པོར་བྱའོ། །ལག་པ་དེ་ཉིད་གཉིས་ཀ་གཤིབས་ཏེ་བཀན་ལ་མཛུབ་མོ་དང་སྲིན་ལག་གཉིས་ངོས་སུ་དགུག་གོ་ཉི་མའི་ཕྱག་ རྒྱ་སྟེ༑ ཤིང་རྟའོ། །ལག་པ་དེ་གཉིས་ཀ་གཅིག་ཏུ་ཐལ་མོ་སྦྱར་ལ་གུང་མོ་དང་སྲིན་ལག་གཉིས་གཞུ་འདྲ་བར་བྱའོ། །རྒྱལ་པ་དང་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །བ་དན་གྱི་ཕྱག་རྒྱ་ནི་སྔ་མ་ བཞིན་ཏེ། རླུང་གིའོ། །དེ་བཞིན་དུ་ལག་པ་གཡོན་པ་ལྟེ་བའི་ཕྱོགས་སུ་བཀན་ལ་སོར་མོ་གཉིས་བསྒྲེང་སྟེ་གཟུང་ངོ། །ལག་པ་གཡས་པ་དེ་ལ་ཕྱོགས་པར་བྱས་ཏེ་པི་ཝང་ལེན་པ་ལྟ་བུར་བྱས་ པ་ནི༑ དབྱངས་ཅན་གྱི་ཕྱག་རྒྱ་སྟེ། པི་ཝང་ངོ། །ཆུ་ལྷའི་ཕྱག་རྒྱ་ནི། །ཞགས་པ་སྟེ། སྔ་མ་བཞིན་ནོ། །དབྱངས་ཅན་གྱི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་དགུག་གོ་ལྷ་མ་ཡིན་རྣམས་ཀྱི་ཕྱག་རྒྱ་སྟེ་ གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ག་ར་ལ་ཡཾ་སཱཧཱ། ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་བརྐྱང་ངོ། །དྲི་ཟའི་ཕྱག་རྒྱ་སྟེ། གསང་སྔགས་ལ། བི་ཤུདྡྷཱ་སྭ་ར་བ་ཧི་ན་སཱཧཱ། ཕྱག་རྒྱ་དེ་ཉིད་ལས་མཛུབ་ [254A]༄༅། །མོ་དགུག་གོ་གནོད་སྦྱིན་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ་གསང་སྔགས་ལ། ཡཀྵ་ཤྭ་ར་སཱཧཱ། ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་དང་མཐེའུ་ཆུང་གཉིས་རྩེ་སྦྱར་རོ། ། གནོད་སྦྱིན་རྣམས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ཡཀྵ་བིདྱཱ་དྷཱ་རི་སཱཧཱ། ཕྱག་རྒྱ་དེ་ཉིད་ལས་གུང་མོ་བརྐྱང་ངོ། །ཤ་ཟ་རྣམས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། བི་ཤཱ་རྩེ་ག་ ཏི་སཱཧཱ། གུང་མོ་དེ་ཉིད་བཀུག་ལ་གཟུང་ངོ། །ཤ་ཟ་མོ་རྣམས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། མི་ཙི་མི་ཙི་སཱཧཱ། དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ལ་མཐེ་བོང་གཉིས་ གྱེན་དུ་སྒྲེང་སྟེ་གཟུང་ངོ། །གཟའ་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ་གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། གྲ་ཧེ་ཤྭ་རྱ་པྲཱ་པྟ་ཛྱོ་ཏིརྨ་ཡ་སཱཧཱ། ཕྱག་རྒྱ་དེ་ཉིད་ལས་གུང་མོ་དང་མཐེ་བོང་ གཉིས་ལྡོག་སྟེ་སྦྱར་རོ། །རྒྱུ་སྐར་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ་གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། ནཀྵ་ཏྲ་ནི་ར་ན་ད་ན་ཡེ་སཱཧཱ། ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་བཀུག་ སྟེ་ལག་པའི་མཐིལ་དུ་གཞག་གོ་གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ། རཱཀྵ་སིདྡྷཱི་པ་ཏ་ཡེ་སཱཧཱ། སྲིན་པོ་རྣམས་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་གཡས་པ་ ཁར་བཞག་སྟེ་ལྕེ་ལ་རེག་པར་བྱའོ། །མཁའ་འགྲོ་མ་རྣམས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མས་མནྟ་བུདྡྷཱ་ནཱཾ་ཧཱིཧ། གསང་བ་པའི་བདག་པོ། དེ་ལྟ་བུ་ལ་སོགས་པ་ནི་ [254B]ལས་བྱུང་བ། བྱང་ཆུབ་སེམས་དཔའི་མཚན་མར་གྱུར་པའི་ཕྱག་རྒྱ་རབ་འབྱམས་རྣམས་ཏེ། གསང་བ་པའི་བདག་པོ་ འོན་ཀྱང་ཇི་ཙམ་དུ་ཡན་ལག་བསྐྱོད་པ་དེ་དག་ཀུན་ཕྱག་རྒྱ་རྒྱས་པར་རིག་པར་བྱའོ། །ཇི་ཙམ་དུ་ལྕེ་བསྐྱོད་པ་དེ་ཙམ་དུ་དེ་དག་ཀུན་ཀྱང་གསང་སྔགས་བསྟན་པར་རིག་པར་བྱའོ། །གསང་བ་ པའི་བདག་པོ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ཡིད་ཀྱིས་དེ་བཞིན་ གཤེགས་པའི་ས་ལ་གནས་ཏེ་དཀྱིལ་འཁོར་བྲི་བར་བྱའོ། །གཞན་དུ་བྱས་ན། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་དང། བྱང་ཆུབ་ཀྱང་བསླུས་པར་འགྱུར་ཏེ། དམ་ཚིག་ ལས་འདས་པས་ངེས་པར་ངན་སོང་དུ་འགྲོ་བར་འགྱུར་རོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། ཕྱག་རྒྱ་རིམ་པར་ ཕྱེ་བ་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་ཐམས་ཅད་དུ་འཇུག་པའི་ཆོས་ཀྱི་སྒོའི་ ཆོས་ཀྱི་རྣམ་གྲངས་ཉོན་ཅིག་གསང་བ་པའི་བདག་པོ། །དེ་ལ་བྱང་ཆུབ་སེམས་དཔས་ཨ་ཞེས་བྱ་བ་ལ་གནས་ཏེ་དགོས་པ་ཐམས་ཅད་བསྒྲུབ་པར་བྱའོ། །ན་མས་མནྟ་བུདྡྷཱ་ནཱཾ། ཨ་ [255A]༄༅། །ན་མས་མནྟ་བུདྡྷཱ་ནཱཾ། ས། ན་མས་མནྟ་བཛྲཱ་ཎཱཾ། བ། ཀ་ཁ་ག་གྷ། ཙ་ཚ་ཛ་ཛྷ། ཊ་ཋ་ཌ་ཌྷ། ཏ་ཐ་ད་དྷ། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ང་ཉ་ཎ་ན། ན་མཿ་ ས་མནྟ་བུདྡྷཱ་ནཱཾ། ཨ། ན་མས་མནྟ་བུདྡྷཱ་ནཱཾ། སཱ། ན་མས་མནྟ་བཛྲ་ནཱཾ། བཱ། ཀཱ་ཁཱ་གཱ་གྷཱ། ཙཱ་ཚཱ་ཛཱ་ཛྷཱ། ཊཱ་ཋཱ་ཌཱ་ཌྷཱ། ཏཱ་ཐཱ་དཱ་དྷཱ། པཱ་ཕཱ་བཱ་བྷཱ་མཱ། ཡཱ་རཱ་ལཱ་ཝ། ཤཱ་ཥཱ་སཱཧཱ། དཱ་ཉཱ་ཎཱ་ནཱ་ ན་མས་མནྟ་བུདྡྷཱ་ནཱཾ། ཨཾ། ན་མས་མནྟ་བུདྡྷཱ་ནཱཾ་སཾ། ན་མས་མནྟ་བཛྲ་ཎཱཾ། བཾ། ཀཾ་ཁཾ་གཾ་གྷཾ། ཙཾ་ཚཾ་ཛཾ་ཛྷཾ། ཊཾ་ཋཾ་ཊཾ་ཌྷཾ། ཏཾ་ཐཾ་དཾ་དྷཾ། པཾ་ཕཾ་བཾ་བྷཾ་མཾ། ཡཾ་རཾ་ལཾ་ཝཾ། ཤཾ་ཥཾ་སཾ་ཧཾ། ངཾ་ཉཾ་ཎཾ་ནཾ་ ན་མས་མནྟ་བུདྡྷཱ་ནཱཾ། ཨཿ། ན་མས་མནྟ་བུདྡྷཱ་ནཱཾ་སཿ། ན་མས་མནྟ་བཛྲཱ་ཎཱཾ། བཀ་ཁ་ག་གྷ། ཙ་ཚ་ཛ་ཛྷ། ཊ་ཋ་ཌ་ཌྷ། ཏ་ཐ་ད་དྷ། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ང་ཉ་ཎ་ན་ ཨི་ཨི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། གསང་བ་པའི་བདག་པོ། དེ་ལྟར་ན་འདི་ནི། ཡི་གེའི་ཚུལ་ལ་མཁས་པའི་ཆོས་ཀྱི་རྣམ་གྲངས་ཏེ། གསང་སྔགས་ཀྱི་ཚུལ་ལ་རྣམ་པར་དག་པ་གནས་ པའི་ཆོ་ག་ལྷ་ཡོངས་སུ་བཟུང་བའི་ཆོ་ག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ལ་མཁས་པ་ བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པའི་རོལ་མོ་སྟེ། འདས་པ་དང། ད་ལྟར་དང། མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་བཤད་འཆད་འཆད་པར་འགྱུར་རོ། །གསང་ [255B] ངས་ནི། སངས་རྒྱས་ཀྱི་ཞིང་རབ་འབྱམས་གང་དག་ན་དེ་བཞིན་གཤེགས་པ་ཐམས་ཅད་དུ་འཇུག་པའི་སྒོ་ཆོས་ཀྱི་རྣམ་གྲངས་འདི་མི་འཆད་པ་མ་མཐོང། གསང་བ་པའི་ བདག་པོ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་གསང་སྔགས་ཀྱི་ཆོ་ག་ཤེས་པར་འདོད་ན། ཐམས་ཅད་དུ་འཇུག་ པའི་སྒོ་ཆོས་ཀྱི་རྣམ་གྲངས་ལ་མངོན་པར་བརྩོན་པར་བྱའོ། །ཀ་དང། ཙ་དང། ཊ་དང། ཏ་དང། པ་རྣམས་ཐོག་མ་དང། ཐ་མ་དང། དབུས་དང་ལྡན་ན། ཏིང་ངེ་འཛིན་གྱི་ཚོགས་ལ་འཇུག་ པས་བྱང་ཆུབ་དང། སྤྱོད་པ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་དང། མྱ་ངན་ལས་འདས་པ་དང་བཅས་པ་ཐོབ་པར་བྱེད་དོ། །དེ་བས་ན། གསང་སྔགས་ཀྱི་ཆོ་ག་ལ་དང་པོ་ལ་ སོགས་པའི་ཐ་སྙད་དང་ལྡན་པར་འགྱུར་བདེ་དག་ཉིད་ཐོག་མ་དང། ཐ་མ་དང། དབུས་དང་ལྷན་ཅིག་ཏུ་གྱུར་པར་ཤེས་པར་བྱ་སྟེ། གསང་སྔགས་ཀྱི་ཚིག་རེ་རེ་ལ་ཇི་ལྟར་འདོད་པར་ངེས་ པར་སྦྱར་བར་བྱའོ། །བློ་ཡིས་རྣམ་པར་རྟོགས་ན་ནི། །དེ་དག་བླ་མེད་གནས་མཆོག་སྟེར། །དེ་ལྟར་འདི་ནི། འཁོར་ལོ་གཅིག་སྟེ། འཁོར་ལོ་བཞིན་དུ་ཡོངས་སུ་འཁོར་བ་ནི། ཡི་གེའི་འཁོར་ ལོའོ༑ ༑སྔགས་པས་ཡི་གེའི་འཁྲོ་ལོ་དེ་ཤེས་ན། རྟག་ཏུ་ཇི་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་ལོ་བསྐོར་བ་བཞིན་དུ་རྣམ་པར་མཛེས་པར་འགྱུར་རོ། །རྣམ་པ་ཐམས་ཅད་ [256A]༄༅། །ཅད་དུ་འཇུག་པའི་སྒོ་ཆོས་ཀྱི་ཡི་གེའི་ཚུལ་རིམ་པར་ཕྱེ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་སྤྱན་གྱིས་སེམས་ཅན་གྱི་ཁམས་ ཐམས་ཅད་ལ་གཟིགས་ནས་ཆོས་ཀྱི་དབྱིངས་མི་ཟད་པའི་བཀོད་པ་བསྟན་པ་དང། གསང་སྔགས་ཀྱི་སྤྱོད་པ་མངོན་པར་སྒྲུབ་པ་འདི་ཉིད་ཀྱིས་སེམས་ཅན་གྱི་ཁམས་མ་ལུས་ པ་གདོན་པར་ཐུགས་དམ་བཅས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་མཛོད་ཀྱི་མཐུ་རླབས་དེ་བཞིན་གཤེགས་པའི་མཉམ་པ་ཉིད་བཀོད་པའི་སྙིང་པོ་ཅན་ ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེ་ཉིད་ཀྱི་ཚེ་སེམས་ཅན་གྱི་ཁམས་མ་ལུས་པ་ངེས་པར་འབྱུང་ བར་བྱེད་པའི་སྒོ་བ་སྤུའི་བུ་ག་ཐམས་ཅད་ནས་བསམ་པ་ཇི་ལྟ་བ་བཞིན་དུ་ལས་དང། ཚེ་དང། རྣམ་པར་སྨིན་པའི་འབྲས་བུ་ཟ་བ་དང། ཟར་འཇུག་པའི་གཟུགས་དང། ཁ་དོག་ དང༑ དབྱིབས་དང། ང་རོ་དང། འགྲོ་བ་དང། སྤྱོད་པ་དང། ངེས་པའི་ཚིག་བརྗོད་པ་སེམས་ཅན་ཐམས་ཅད་སོ་སོ་སོ་སོར་ཡང་དག་པར་མགུ་བར་བྱེད་པ་ཆོས་ཀྱི་དབྱིངས་ཀྱིས་རྣམ་པར་ བསྐྱེད་པའི་སྐུ་རྣམས་བྱུང་བར་གྱུར་ཏོ། །བྱུང་ནས་ཀྱང་ནམ་མཁའ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རབ་འབྱམས་རྣམས་སུ་སྒྲ་དབྱངས་གཅིག་གིས་ཆོས་ཀྱི་དབྱིངས་ཁྱབ་ [256B] དེ་བཞིན་གཤེགས་པ་འབྱུང་བར་འགྱུར་པའི་ཚིགས་སུ་བཅད་པ་འདི་སྒྲོག་པར་གྱུར་ཏོ། །ཆོས་ཀྱི་མཚན་ཉིད་གང་ལས་ནི། །ཆོས་རྣམས་དག་ནི་ཐམས་ཅད་ དང༑ ༑སངས་རྒྱས་རྣམས་དང་ཉན་ཐོས་དང། །རང་རྒྱལ་སྐྱོབ་པ་རྣམས་དང་ནི། །བྱང་ཆུབ་སེམས་དཔའ་དཔའ་བོ་དང། །དེ་བཞིན་རྒྱལ་བ་མཆོག་རྣམས་དང། །སེམས་ཅན་སྣོད་ཀྱི་ འཇིག་རྟེན་དག་བཏགས་པ་རིམ་པ་བཞིན་འབྱུང་ཞིང། །ཆོས་རྣམས་སྐྱེ་དང་གནས་པ་དག་གང་ལས་རྟག་ཏུ་འབྱུང་འགྱུར་བ། །ཤེས་རབ་ཐབས་དང་ལྡན་གྱུར་ཅིང། །ཡིད་གཉིས་ སོམ་ཉི་དང་བྲལ་བ། །རྫོགས་པའི་སངས་རྒྱས་ཀྱི་ས་བཤད་པའི་།ལམ་འདི་ཁྱོད་ཀྱིས་སྒོམ་པར་གྱིས། །དེ་ནས་དེ་བཞིན་གཤེགས་པའི་སྐུ་ཆོས་ཀྱི་དབྱིངས་ལས་བྱུང་བ་དེ་དག་གིས་ཆོས་ཀྱི་ དབྱིངས་ཐམས་ཅད་རང་གི་སྐུ་རྣམ་པར་རིག་པར་བྱེད་པ་སྤྲུལ་པའི་སྤྲིན་གྱིས་ཡོངས་སུ་བཀང་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀྱི་དབང་ཙམ་གྱིས་བ་སྤུའི་བུ་ག་ཐམས་ ཅད་ནས་སངས་རྒྱས་འབྱུང་བ་གཅིག་ནས་གཅིག་ཏུ་བརྒྱུད་ནས་བྱིན་གྱིས་བརླབས་ཏེ་རང་རང་གི་ཆོས་ཀྱི་དབྱིངས་ཀྱི་གནས་སུ་ཞུགས་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ། གསང་བའི་དཀྱིལ་འཁོར་རྣམ་པར་དགོད་པ། ལྷ་རྣམས་ཀྱི་གནས་ཡང་དག་པར་གནས་པར་བསམ་པ་ [257A]༄༅། །ས་བོན་དང་བཅས་པས་མཚན་པ་ཡོད་ཀྱི། དེ་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུངས་ཤིག་དང། ངས་ཁྱོད་ལ་བཤད་དོ། །དེ་སྐད་ཅེས་བཀའ་སྩལ་པ་ དང༑ གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ལ་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་།དང་པོར་སྔགས་པས་དཀྱིལ་འཁོར་དེ། །རང་གི་ ལུས་ལ་དགོད་བྱས་ཏེ། །རྐང་པ་ནས་ནི་ཆུ་སོ་ལ། །ཐུག་གི་བར་དུ་ས་ཡིར་བསམ། །དེ་ནས་གོང་དུ་སྙིང་གའི་བར། །སྡོམ་བརྩོན་ཅན་གྱི་ཆུ་ཡིར་བསམ། །ཆུ་ཡི་ཡན་ཆད་མེ་ཡི་སྟེ། ། མ་ཡི་ཡན་ཆད་རླུང་ཡིན་ནོ། །བསམས་ནས་དེ་ནས་མཁས་པ་ཡིས། །ས་ལ་གཟུགས་བརྙན་གཞག་པར་བྱ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ དང༑ གསུང་དང། ཐུགས་ཀྱི་ས་ལ་བཞུགས་ནས་ཆོས་མཉམ་པ་ཉིད་ལ་བལྟས་ཏེ་མ་འོངས་པའི་སྐྱེ་བོ་རྣམས་ལ་བརྟགས་ནས་རིག་སྔགས་ཀྱི་རྒྱལ་པོ་ཐེ་ཚོམ་ཐམས་ཅད་གཅོད་ པར་བྱེད་པ་འདི་སྨྲས་སོ། །ན་མས་མནྟ་བུདྡྷཱ་ནཱཾ། ཨ་ས་མ་བ་ཏི་དྷརྨ་དཧྭ་ཏུ་ཀཱརྱ་ག་ཏིཾ་ག་ཏཱ་ནཱཾ། སརྦ་ཐཱ། ཨཾ་ཁཾ་ཨཾ་ཨ། སཾ་ས། ཧཾ་ཧ། རཾ་ར་བཾ་བ་སཱཧཱ། ཧཱུཾ་མ་ཧཱ་སཱཧཱ། རཾ་ར་སཱཧཱ་ གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་གསང་སྔགས་ཀྱི་རྒྱལ་པོ་ཆེན་པོ་འདི་སྨྲས་མ་ཐག་ཏུ་དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ [257B]བོར་བཞག་ནས་ལེགས་སོ་ཞེས་བྱ་བ་བྱིན་ཏེ་འདི་སྐད་ཅེས་གསུངས་སོ་།རིགས་ཀྱི་བུ། གང་ཁྱོད་ཀྱིས་བཅོམ་ལྡན་འདས་རྣམ་ པར་སྣང་མཛད་ཀྱི་སྐུ་དང། གསུང་དང། ཐུགས་ཀྱིས་ལ་བཞུགས་ནས་ཐམས་ཅད་དུ་གསང་སྔགས་ཀྱི་ཚུལ་ལ་མཉམ་པ་ཉིད་དུ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་ བར་བྱ་བར་འདོད་པའི་ཕྱིར་གསང་སྔགས་ཀྱི་རྒྱལ་པོ་འདི་སྨྲས་པ་ལེགས་སོ་ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཏེ་ཚིག་བཅུ་གཉིས་པོ་འདི་དག་གིས་ཆོས་ཀྱི་དབྱིངས་རྣམ་པར་སྤྱད་ཅིང་བདུད་བཞི་ཕམ་པར་བྱས་ནས་ཆོས་ཀྱི་དབྱིངས་ ལས་བྱུང་བ་འདི་དག་གནས་གསུམ་ནས་བྱུང་སྟེ་བདུད་སྡིག་ཅན་རྣམས་བཏུལ་བར་གྱུར་ཏེ། །དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་དང། གསུང་དང། ཐུགས་མཉམ་པ་ཉིད་བརྙེས་ནས་ནམ་མཁའ་ ཚད་མེད་པའི་ཕྱིར་སྐུ་ཚད་མེད་པ་བརྙེས་པར་གྱུར། །དེ་བཞིན་དུ་གསུང་དང་ཐུགས་ཚད་མེད་པ་ཡང་བརྙེས་པར་གྱུར་ཏོ། །དེ་ལྟར་ཡེ་ཤེས་ཚད་མེད་པ་དང་ལྡན་ཞིང་ཆོས་ཐམས་ཅད་ལ་ དབང་ཐོབ་པས་འདི་ལྟར་གསང་སྔགས་ཀྱི་རྒྱལ་པོ་ཚིག་བཅུ་གཉིས་པོ་འདི་དག་ཉིད་ལས་བརྩམས་ཏེ་ཆོས་འཆད་དོ། །རིགས་ཀྱི་བུ། ཁྱོད་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་ [258A]༄༅། །མཛད་ཀྱི་སྐུ་དང། གསུང་དང། ཐུགས་མཉམ་པ་ཉིད་ལ་བཞུགས་པས་ན། རྫོགས་པའི་སངས་རྒྱས་བཞིན་དུ་སྣང་ངོ། །ཐམས་ཅད་མཁྱེན་པ་རྫོགས་སངས་ རྒྱས། །བཅོམ་ལྡན་རྣམ་པར་སྣང་མཛད་ལ། །སྔགས་སྦྱང་ཚིག་མཆོག་ཞུས་ཤིག་དང། །ཆོ་ག་རྒྱས་པར་བཀའ་སྩལ་ཏོ། །ངེད་ཀྱང་སྔོན་ནི་འདི་རྣམས་ཀྱིས། །བླ་མེད་བྱང་ཆུབ་ རྟོགས་ནས་སུ། །མྱ་ངན་འདས་ལམ་འགྲོ་བ་ཡི། །མཉམ་པ་མེད་པའི་ཆོས་བཤད་པ། །འཇིག་རྟེན་ཁམས་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་རྣམས་དབང་དུ་གྱུར། །དེ་ ནས་དཔལ་ལྡན་རྡོ་རྗེ་འཛིན། །བསམ་པ་མཆོག་རབ་མགུ་གྱུར་པ་།རྫོགས་སངས་རྒྱས་ཀྱིས་བྱིན་བརླབས་པས། །འདི་སྐད་ཅེས་ནི་ཚིག་ཏུ་སྨྲས། །ཆོས་འདི་རྣམས་ནི་མཚན་ ཉིད་མེད། །ངོ་བོ་ཉིད་མེད་གནས་མེད་པ། །ལས་དང་ཚེ་ལས་རྣམ་པར་གྲོལ། །རྫོགས་པའི་སངས་རྒྱས་འདྲ་བར་འདོད། །ཐུགས་རྗེས་མངའི་ན་མཛད་པ་ཡི། །མགོན་པོ་རྣམས་ཀྱི་ ཐབས་ཀྱིས་ནི། །རྣམ་པར་སྤྲུལ་ནས་ཆོས་ཀྱི་ནི། །མཚན་ཉིད་འདི་དག་རྟོགས་པར་འགྱུར། །དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་ཆེད་དུ་བརྗོད་པའི་ཚིགས་སུ་བཅད་པ་ དེ་སྨྲས་ནས་མ་འོངས་པའི་དུས་ཀྱི་འགྲོ་བ་རྣམས་ལ་བལྟས་ཏེ་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བའི་དཀྱིལ་འཁོར་ཆེན་པོ་འདིའི་ཐེ་ཚོམ་གཅད་པའི་ཕྱིར་བཅོམ་ལྡན་འདས་རྣམ་ [258B] སེམས་ཅན་ཀུན་གྱི་དོན་གྱི་ཕྱིར་།ཀུན་མཁྱེན་སྙུན་དང་བྲལ་བ་པོ། །ཐེ་ཚོམ་ཐམས་ཅད་གཅོད་མཛད་པ། །འདྲེན་པ་ཁྱོད་ལ་ཞུ་བ་ནི། །དཀྱིལ་འཁོར་གྱི་ནི་ སྔོན་རོལ་དུ། །ཅི་ཞིག་བགྱི་བ་འདྲེན་པས་གསུངས། །ཐུབ་པ་ཆེན་པོ་སློབ་དཔོན་དང། །སློབ་མའང་རྣམ་པ་དུ་རུ་བཤད། །ས་གཞི་ཇི་འདྲར་འཚལ་བར་བགྱི། །དེ་ཡང་ཇི་ལྟར་སྦྱང་ བར་བགྱི། །ཇི་ལྟར་ས་ནི་དག་པར་འགྱུར། །ཇི་ལྟར་དེ་ནི་བརྟན་པ་ལགས། །སློབ་མའི་དགོས་པ་གང་གིས་བགྱི། །སྦྱང་བའང་འདྲེན་པས་བཀའ་སྩོལ་ཅིག་དག་པའི་མཚན་མ་ཅི་འདྲ་ དང༑ ༑གང་གིས་དེ་དག་བསྲུང་བར་བགྱི། །ས་ནི་གང་གིས་བྱིན་གྱིས་བརླབ། །དེར་ནི་དང་པོར་གང་གིས་བརྟག་ས་ཡི་ཆ་ལས་ཐིག་གདབ་པའི། །སྲད་བུ་རྣམ་དུ་འཚལ་བར་བགྱི། །མཆོད་ པ་རྣམ་པ་དུ་འཚལ་བགྱི། །མེ་ཏོག་བདུག་སྤོས་ཅི་འདྲ་དང། །མེ་ཏོག་དང་ནི་བདུག་སྤོས་དག་ཇི་ལྟར་དབུལ་བ་འདྲེན་པས་གསུངས། །ལྷ་བཤོས་སྦྱིན་སྲེག་ལས་རྣམས་ཀྱང། །གང་ དག་ལ་ནི་ཇི་ལྟར་བགྱི། །ལྷ་རྣམས་ཀྱི་ནི་གདན་དག་ཀྱང། །གང་ལ་གང་གིས་བགྱི་བ་གསུངས། །ཁ་དོག་དབྱིབས་དང་གཟུགས་རྣམས་ཀྱང། །གོ་རིམ་བཞིན་དུ་མགོན་པོས་གསུངས། ། ལྷ་རྣམས་དང་ནི་ཕྱག་རྒྱ་དང། །གདན་གྱི་ཚད་ཀྱང་བཤད་དུ་གསོལ། །ཕྱག་རྒྱ་རྣམས་ནི་གང་ནས་བྱུང། །ཅི་ཕྱིར་ཕྱག་རྒྱ་ཞེས་ཀྱང་བགྱི། །དབང་བསྐུར་རྣམ་པ་དུར་འཚལ་བགྱི། །དམ་ [259A]༄༅། །ཚིག་རྣམ་པ་དུ་ཞིག་མཆིས། །སྔགས་སྤྱད་པ་ལ་བརྩོན་པ་ཡི། །སྔགས་པ་བྱང་ཆུབ་སེམས་དཔའ་དང། །ཐམས་ཅད་མཁྱེན་པར་ཇི་ལྟར་འགྱུར། །ཇི་ལྟར་ བདེན་པ་མཐོང་བར་འགྱུར། །དངོས་གྲུབ་རྣམ་པ་དུར་འཚལ་བགྱི་།གྲུབ་པའི་དུས་ཀྱང་བཀའ་སྩོལ་ཅིག་གྲུབ་ནས་ནམ་མཁར་འགྲོ་བ་དང། །ཇི་ལྟར་མི་སྣང་འགྱུར་བ་དང། །གཙོ་ བོ་ལུས་འདི་མ་བོར་བར། །ཇི་ལྟར་ལྷ་ཡི་ལུས་ཐོབ་འགྱུར། །སྤྲུལ་པ་རྣམས་ནི་སྣ་ཚོགས་ལ། །དེ་ལ་གང་ནས་འབྱུང་བར་འགྱུར། །ཉི་ཟླ་མེ་དང་ཕྱོགས་རྣམས་དང། །རྒྱུ་སྐར་ གཟའ་དང་སྐར་མ་དང། །ཡུད་ཙམ་དང་ནི་ཐང་གཅིག་དང། །རྒ་དང་འཆི་དང་རྒུད་པ་དང། །ལྟས་ངན་དག་ནི་ཐམས་ཅད་ཀྱང་།དེ་ལ་ཇི་ལྟར་འབྱུང་མི་འགྱུར། །རྐང་གཉིས་ གཙོ་བོ་སངས་རྒྱས་དང། །སྔགས་པ་ཇི་ལྟར་འབྲལ་མི་འགྱུར་།སྦྱིན་སྲེག་ལས་དང་མེ་དག་དང། །ཚིམ་པར་བགྱི་བ་དུར་འཚལ་བགྱི། །ལྷ་རྣམས་ཀྱང་ནི་སོ་སོ་ཡི། །ངོ་བོ་ ཉིད་ནི་འདྲེན་པས་གསུངས། །འཇིག་རྟེན་པ་ཡི་སྔགས་རྣམས་དང། །དེ་བཞིན་འཇིག་རྟེན་འདས་པ་ཡི། །ཚད་དང་འབྲས་བུ་གྲངས་རྣམས་དང། །ཏིང་ངེ་འཛིན་གྱི་ཁྱད་པར་དང།། ལས་ཀྱི་རྣམ་པ་གང་དུ་སྨིན། །ཇི་ལྟར་རྣམ་པར་སྨིན་མི་འགྱུར་།སྔགས་པ་རྣམས་ནི་ནམ་ཞིག་ན། །ལས་དང་ཚེ་ལས་རྣམ་གྲོལ་འགྱུར། །དེ་ནས་ཀུན་མཁྱེན་རྫོགས་སངས་ [259B] ༑བཅོམ་ལྡན་སྙུན་དང་བྲལ་བ་ཡིས། །རྡོ་རྗེ་འཛིན་ལ་འདི་སྐད་གསུངས། །སྙིང་རྗེ་ཆེན་པོའི་རྩ་ལས་བྱུང། །གསང་བའི་དཀྱིལ་འཁོར་རྣམ་དགོད་པ། །ལྷ་རྣམས་ཀྱི་ནི་གནས་ ངེས་པ༑ ༑ཐེག་པ་ཆེན་པོའི་གོ་འཕང་མཆོག་རྫོགས་སངས་རྒྱས་ཀྱི་རབ་གསང་བ། །དཔའ་བོ་ཆེར་འབྱུང་ཁྱོད་ཀྱིས་གང། །ཡོངས་སུ་དྲིས་པ་དེ་ལེགས་སོ། །ལག་ན་རྡོ་རྗེ་སྟོབས་ ཆེན་ལ༑ ༑མདོར་ནི་བསྡུས་ནས་བཤད་པར་བྱ། །དཀྱིལ་འཁོར་གྱི་ནི་སྔོན་རོལ་དུ། །བྱ་བ་རྣམས་ནི་ངེས་པས་ཉོན། །སོ་སོའི་ལས་རྣམས་འདོད་པ་ཡིས། །ཚུལ་ཤེས་པས་ན་ཅི་རིགས་ པར༑ ༑རང་གི་ཏིང་འཛིན་ལ་གནས་ཏེ། །རིག་སྔགས་རྒྱལ་པོ་སྟོབས་པོ་ཆེ། །ཡན་ལག་བཅུ་གཉིས་ཚིག་འབྱུང་བ། །གོ་རིམ་བཞིན་དུ་བཟླས་བརྗོད་བྱ། །གསང་སྔགས་ཕྱག་རྒྱ་རྟོགས་ ཤེས་པའི། །སློབ་དཔོན་རྣམ་པ་གཉིས་ཞེས་བྱ། །ཟབ་དང་མི་ཟབ་བྱེ་བྲག་ལས། །དེ་ཡི་མཚན་ཉིད་ཤེས་པར་བྱ། །ཟབ་མོ་རྒྱ་ཆེར་ཤེས་པར་བྱ། །ལུས་ཅན་རྣམས་ནི་ཡིད་མི་རྟོན། ། སངས་རྒྱས་རྣམས་ཀྱི་སྲས་མཆོག་སྟེ། །མཐོང་བའི་ཆོས་ནི་རྣམ་པར་སྤངས། །གཉིས་པ་མཐོང་བའི་ཆོས་རྣམས་ཀྱིས། །མྱོས་པར་གྱུར་པ་དམིགས་པ་ཅན། །སངས་རྒྱས་རྐང་གཉིས་མཆོག་ རྣམས་ཀྱིས། །འཇིག་རྟེན་པ་ཡི་དཀྱིལ་འཁོར་ཀུན། །དེ་ཡིས་བྲི་བར་བྱ་བའི་ཕྱིར། །རྗེས་སུ་གནང་ཞིང་དབང་ཡང་བསྐུར། །དུས་དང་དུས་མིན་བྱེ་བྲག་ལས། །སློབ་མ་རྣམ་བཞིར་ཤེས་བྱ་ [260A]༄༅། །སྟེ༑ ༑གཅིག་ནི་དེ་ཡི་མོད་ལ་སྒྲུབ། །གཉིས་སུ་སྒྲུབ་དང་གཉི་གར་མིན། །མཚན་ཉིད་ཐམས་ཅད་རྫོགས་པ་ཡིས། །སློབ་མ་དེ་ནི་རྒྱལ་བའི་མཆོག་ས་ནི་ དང་པོར་ཤེས་པར་བྱ། །སེམས་ཀྱི་སར་ནི་བཤད་པ་ཡིན། །སྦྱང་བ་སྔར་ནི་བསྟན་པ་སྟེ། །དེ་ཡིས་དེ་ནི་ཡོངས་སུ་སྦྱང། །ནམ་ཞིག་ཉེས་དང་བྲལ་བ་ན། །སེམས་ཀྱིས་ས་ནི་མི་ འཇིགས་པ། །དེ་ཚེ་དེ་ནི་དག་པ་སྟེ། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །མངོན་པར་བྱང་ཆུབ་མཐོང་བས་ན། །དེ་ལྟར་དེ་ནི་བརྟན་ཞེས་བྱ། །དེ་ལས་གཞན་དུས་སྦྱོང་བ། །དེ་ནི་ དག་པར་མི་འགྱུར་རོ། །སྔགས་པ་རྟོག་ལ་གནས་ནས་སུ། །གང་ཞིག་ས་སྤྱོད་བྱེད་པ་ནི། །བྱང་ཆུབ་སེམས་ནི་རྣམ་སྤངས་པ། །གསང་བའི་བདག་པོ་དེ་མི་འདག་དེ་བས་རྟོག་པ་ རྣམ་སྤངས་ནས། །ས་ཀུན་རྣམ་པར་སྦྱང་བར་བྱ། །ང་ཡིས་དཀྱིལ་འཁོར་རྣམས་ཀྱི་ནི། །ཆོ་ག་རྒྱས་པར་གང་བསྟན་པ། །དེ་དག་ཐོག་མར་བསྟན་པ་ནི། །རྨོངས་པ་རྣམས་ཀྱིས་མི་ ཤེས་ཏེ༑ ༑རྟོག་པ་སྡུག་བསྔལ་རྒྱུར་འགྱུར་བ། །ཇི་སྲིད་མ་སྤངས་བར་དུ་ནི། །འཇིག་རྟེན་འདི་ནས་སངས་རྒྱས་མིན། །ཀུན་མཁྱེན་ཅེས་ཀྱང་མི་བྱའོ། །སློབ་མ་རྣམས་ལ་ནན་ཏན་དུ།། བྱང་ཆུབ་སེམས་ཀྱི་སྦྱང་བར་བྱ། །སྲུང་བ་མི་གཡོ་མགོན་པོའམ་།ཁམས་གསུམ་རྣམ་པར་རྒྱལ་བས་བྱ། །སློབ་མ་ནམ་ཞིག་དམིགས་པ་ཡིས། །ནམ་ཡང་གཡོས་པར་མི་འགྱུར་བ།། [260B] །ཡང་དག་པར་ནི་དག་པར་འགྱུར། །ས་བྱིན་བརླབ་པ་དང་པོ་ནི། །རྫོགས་སངས་རྒྱས་ཀྱིས་བྱ་བར་བཤད། །གཉིས་པ་སེམས་ཀྱི་དབང་གིས་ཏེ། །འདིར་ནི་གཞན་དུ་ མི་བྱའོ། །སྲད་བུ་རྣམ་པ་བཞིར་བཤད་དེ། །དཀར་པོ་སེར་པོ་དམར་པོ་དང། །ནག་པོ་ཞེས་ནི་བྱ་བར་བརྗོད། །ལྔ་པ་ནམ་མཁའ་ལྟ་བུར་བཤད། །བར་སྣང་ལ་ནི་བཟུང་ནས་སུ། །དེར་ནི་དཀྱིལ་ འཁོར་བརྟག་པར་བྱ། །སྲད་བུ་དག་ནི་གཉིས་པ་ཡིས། །ས་ལ་དཀྱིལ་འཁོར་དགོད་པར་བྱ། །སངས་རྒྱས་རྣམས་ནི་ཐམས་ཅད་དང། །དེའི་སྲས་བློ་ཅན་རྣམས་ཀྱི་གདན། །པདྨ་ཡིད་ལས་བྱུང་བའི་ མཆོག་བཀྲ་ཤིས་འཇིག་རྟེན་རྣམས་ཀྱིས་བསྔགས། །རང་རྒྱལ་དང་ནི་དགྲ་བཅོམ་པ། །ཕྱོགས་གཅིག་ཤེས་པར་གང་གྲགས་པ། །དེ་དག་སྟན་དུ་ཤེས་བྱ་བ། །པདྨ་ལས་བྱུང་འདབ་མའོ། ། འཇིག་རྟེན་གྱི་ནི་ལྷ་རྣམས་གང། །ཚངས་ལ་སོགས་པ་འཇིག་རྟེན་གྲགས། །དེ་དག་སྟན་ནི་པདྨ་དམར། །རྒྱལ་པོ་རྣམས་ཀྱིས་བསྔགས་པའོ། །ཕལ་པ་རྣམས་ནི་ཅི་རིགས་པར། །ས་ཡི་བྱེ་ བྲག་དག་ལས་བསམ། །མཆོད་པ་རྣམ་བཞིར་ཤེས་བྱ་སྟེ། །ཕྱག་འཚལ་ཐལ་མོ་སྦྱར་བ་དང། །དེ་བཞིན་བྱམས་དང་སྙིང་རྗེ་དང། །མེ་ཏོག་བདུག་སྤོས་འཇིག་རྟེན་པའི། །སོར་མོ་ལས་ བྱུང་མེ་ཏོག་རྣམས། །སྐྱོབ་པ་ཀུན་ལ་དབུལ་བར་བྱ། །ཡན་ལག་ཀུན་འབྱུང་ཕྱག་རྒྱ་ནི། །བཅིངས་ནས་བྱང་ཆུབ་སེམས་བསྒོམས་ཏེ། །སོར་མོ་མགོན་པོ་ཐམས་ཅད་དང། །དེའི་སྲས་ [261A]༄༅། །རྣམས་ལ་ནན་ཏན་བྱའོ། །འདི་ནི་སྐྱོན་མེད་མེ་ཏོག་སྟེ་།རབ་ཏུ་བསུང་ཞིམ་རྣམ་པར་མཛེས། །ཆོས་ཀྱི་དབྱིངས་ཀྱི་ལྗོན་ཤིང་རྣམས། །རྒྱལ་བ་མཆོད་པའི་ཕྱིར་ བྱུང་བ། །ཏིང་འཛིན་དབང་གིས་བསྒྱུར་བ་ཡི། །སྔགས་ཀྱིས་དེ་དག་བྱིན་བརླབས་ན། །ཆོས་ཀྱི་དབྱིངས་ལས་བྱུང་བ་ཡི། །སྤྲིན་མང་རྒྱ་ཆེར་དམ་པ་རྣམས། །སངས་རྒྱས་རྣམས་ཀྱི་སྤྱན་སྔར་ ནི༑ ༑དེ་ཚེ་རྟག་ཏུ་ཆར་བཞིན་འབབ། །ལྷ་རྣམས་ཕལ་པ་གཞན་ལ་ནི། །མེ་ཏོག་འདི་རྣམས་བསྒྲགས་པ་སྟེ། །རང་གི་སྔགས་རྒྱུད་རྒྱས་ཤེས་པས། །ཇི་ལྟར་རིགས་པར་དབུལ་བར་བྱ། ། དེ་བཞིན་མེ་ཏོག་བདུག་སྤོས་རྣམས། །ཇི་ལྟར་རིག་པར་རྣམ་པར་བསམ་།མཐེ་བོ་སྲིན་ལག་སྦྱར་བ་ནི། །བཀྲ་ཤིས་པ་ཞེས་བཤད་པ་སྟེ་།དེ་ཡིས་མེ་ཏོག་དེ་བླངས་ནས། །རང་གི་ སྙིང་གའི་ཕྱོགས་ནས་དབུལ། །འཇིག་རྟེན་པ་ཡི་ལྷ་རྣམས་ལ། །ལྟེ་བའི་ཐད་ག་ནས་ཞེས་བྱ། །བདུག་སྤོས་རྡོ་རྗེའི་ཁུ་ཚུར་རམ་།ཡང་ན་པདྨའི་ཕྲེང་བ་ཡིས། །བར་སྣང་ལ་ནི་བཟུང་ནས་ སུ༑ ༑འཇིག་རྟེན་མགོན་སྐྱོབ་རྣམས་ལ་དབུལ། །དེ་ལས་གཞན་པའི་འཇིག་རྟེན་པའི། །ལྷ་རྣམས་ལ་ནི་གོ་རིམ་བཞིན། །ཕྱི་དང་ནང་གི་བྱེ་བྲག་གིས། །སྦྱིན་སྲེག་རྣམ་པ་གཉིས་ཞེས་ བྱ༑ ༑ལས་དང་ཚེ་ལས་རྣམ་པར་གྲོལ། །སླར་ཡང་ས་བོན་འབྱུང་བ་སྟེ། །ལས་འདོད་པ་ཡིས་སྦྱིན་སྲེག་བྱ། །ནང་གི་སྦྱིན་སྲེག་ཅེས་སུ་བཤད། །ཕྱི་རོལ་གྱི་ནི་གསུམ་ལྡན་ཞིང། །གནས་ [261B] །ལས་གསུམ་གྱི་ནི་ལས་གྲུབ་པ་།འཇིག་རྟེན་པ་ཡི་སྦྱིན་སྲེག་མཆོག་སྦྱིན་སྲེག་ལས་ནི་མི་ཤེས་པས་།གང་དག་གཞན་དུ་བྱེད་པ་ནི། །སྔགས་ཀྱི་ཤེས་ལ་ སྤངས་པ་སྟེ། །གླེན་དེས་འབྲས་བུ་མི་ཐོབ་བོ། །དེ་བཞིན་གཤེགས་པས་གསང་སྔགས་དང། །དེ་བཞིན་རྫོགས་སངས་རྒྱས་ཀྱིས་གསུངས་།དཀར་དང་སེར་དུ་ཤེས་པར་བྱ། །ཕྱག་ན་རྡོ་རྗེ་ཐམས་ ཅད་པ༑ ༑འཇིག་རྟེན་དབང་ཕྱུག་གསང་སྔགས་ནི། །ལས་ཀྱི་བྱེ་བྲག་དག་ལས་དཀར། །ཀུན་ཏུ་གྲུ་བཞི་ལྷམ་པ་དང། །གོ་རིམ་བཞིན་དུ་ཟླུམ་པོ་དང། །གྲུ་གསུམ་དང་ནི་ཟླ་ག་མ་འདྲ། །དབྱིབས་ནི་ ལེགས་པར་བཤད་པ་ཡིན། །གཟུགས་ནི་གཉིས་སུ་ཤེས་བྱ་བ། །བུད་མེད་དང་ནི་སྐྱེས་པ་ཉིད། །ཡང་ན་ཀུན་ཏུ་ཐམས་ཅད་ཀྱི། །ཁ་དོག་དབྱིབས་དང་གཟུགས་རྣམས་ཏེ། །བསམ་ཡས་ཡེ་ཤེས་ ལས་བྱུང་བས། །དེ་བས་དེ་རྣམས་བསམ་ཡས་ཏེ། །ཡེ་ཤེས་མཁྱེན་གྱི་ཡེ་ཤེས་ནི། །སེམས་ཅན་དོན་ཕྱིར་ཐ་དད་གྱུར། །ཡིད་ཀྱི་རྒྱ་ནི་ཇི་ཙམ་པ། །བསྟན་དང་ཕྱག་རྒྱ་དག་དང་ནི། །ལྷ་ཡི་ཚད་ཀྱང་གོ་ རིམ་བཞིན། །དེ་ཙམ་དུ་ནི་ཤེས་པར་བྱ། །སངས་རྒྱས་གང་ནས་བྱུང་བ་ནས། །ཕྱག་རྒྱ་རྣམས་ཀྱང་དེ་ནས་བྱུང། །ཆོས་ལས་བྱུང་བའི་སློབ་མ་རྣམས། །ཆོས་ཀྱི་ཕྱག་རྒྱས་གདབ་པར་བྱ། །དེ་བས་ མདོར་ན་ཆོས་ཀྱི་དབྱིངས། །མཚན་མ་ཕྱག་རྒྱ་ཡིན་པར་བཤད་།དབང་བསྐུར་གསུམ་དུ་ཤེས་བྱ་སྟེ། །དེ་བས་ནན་ཏན་ཉན་པར་གྱིས་།ཕྱག་རྒྱས་གང་ཞིག་དབང་བསྐུར་བ། །ལས་དང་བྱ་བ་ [262A]༄༅། །སྤངས་པ་སྟེ། །སྐྱོབ་པ་རྣམས་ཀྱི་དབང་བསྐུར་པ། །དེ་ནི་མཆོག་སྟེ་དང་པོ་ཡིན། །གཉིས་པ་ལས་དང་བྱ་བ་ཡིས། །ཀུན་ནས་བསླང་བར་ཡང་དག་བཤད། ། གསུམ་པ་ཡིད་ཀྱིས་ཤེས་བྱ་སྟེ། །ཡུལ་དང་དུས་ནི་སྤངས་པའོ། །བླ་མ་ལེགས་པར་མགུ་བྱས་ནས། །ཕན་པར་བྱེད་པས་གང་སྨྲས་པའི་།དབང་བསྐུར་འདི་ནི་མཆོག་ཡིན་པར། ། རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསྒྲགས། །སངས་རྒྱས་རྣམས་ཀྱིས་མདོར་ན་ནི། །དམ་ཚིག་ཅན་རྣམས་ལྔར་བཤད་དེ། །དཀྱིལ་འཁོར་འདི་ནི་མཐོང་བ་ལས། །དམ་ ཚིག་ཤེས་པ་གཅིག་ཅེས་བྱ། །དེ་ལ་ཕྱག་རྒྱ་མི་བསྟན་ཅིང་།སྔགས་ཀྱང་སྦྱིན་པར་མི་བྱའོ། །བྱང་ཆུབ་སེམས་ཀྱི་བྱེ་བྲག་ལས། །སྔགས་དང་ཕྱག་རྒྱ་ཡོངས་སུ་གཟུང། །དཀྱིལ་ འཁོར་མཐོང་ཞེས་བྱ་བ་འདི། །དམ་ཚིག་ཅན་གཉིས་ཤེས་པར་བྱ་།དཀྱིལ་འཁོར་དང་ནི་ཕྱག་རྒྱ་མཐོང། །ལས་དང་བྱ་བ་ལ་ཡང་སྦྱར། །བླ་མས་ལུང་ནི་མ་བྱིན་པ། །དེ་ཡང་དམ་ ཚིག་ཤེས་པར་བཤད། །ཕྱག་རྒྱ་དཀྱིལ་འཁོར་བྲི་བ་རྣམས། །དེ་ཚེ་ཆོ་ག་བཞིན་དུ་བསྟན། །གསང་བའི་ཡེ་ཤེས་འབྱུང་བ་ཡི་།དབང་བསྐུར་མེད་པའི་སྔགས་པའང་ཡིན། ། གསང་བའི་དཀྱིལ་འཁོར་དབུས་སུ་ནི། །སྔགས་པ་ཆོ་གས་དབང་བསྐུར་བ། །དམ་ཚིག་ཤེས་པ་ལྔར་ཤེས་བྱ། །དམ་ཚིག་ཅན་ཞེས་གཞན་མི་བྱ། །བརྟུལ་ཞུགས་བཟང་པོ་བྱང་ [262B] །གང་ཞིག་སེམས་ནི་སྒོམ་པ་ན། །སྔགས་པ་གནས་གསུམ་མི་དམིགས་པ། །དེ་ནི་བྱང་ཆུབ་སེམས་དཔའ་ཡིན། །ཐབས་ཀྱི་སྙིང་སྟོབས་བསྐྱེད་ནས་སུ། །སེམས་ཅན་དོན་ ལ་སྦྱོར་པ་ན། །དམིགས་སུ་མེད་པའི་སྤྱོད་འཐོབ་པ། །རྒྱལ་བའི་མཆོག་ཏུ་ཤེས་པར་བྱ། །ཐོག་མ་ནས་ནི་ཞི་བའི་ཆོས། ངོ་བོ་ཉིད་ནི་མེད་པ་ལ། །གང་གི་སེམས་ནི་རི་རབ་བཞིན་ གནས་པ་དེ་ནི་བདེན་པ་མཐོང། །འདི་བདེན་འདི་ནི་ཡང་དག་པ། །དེ་བཞིན་དུ་ནི་མི་སླུ་བ། །ཇི་ལྟར་སངས་རྒྱས་བདེན་གཟིགས་པ། །དེ་བཞིན་སྔོན་ནི་ངས་མཐོང་བའི། །བྱང་ཆུབ་སེམས་ ཐོབ་གང་ཡིན་དེ། །དངོས་གྲུབ་དེ་ལས་གཞན་ཅི་དགོས། །དེ་ལས་གཞན་དུའང་དངོས་གྲུབ་ནི། །རྣམ་པ་དག་ནི་སྔར་འདོད་དེ། །སྤྱོད་པའི་རྗེས་སུ་འཇུག་པ་དང། །དེ་བཞིན་ས་ནི་གནོན་པ་དང་ འཇིག་རྟེན་མངོན་ཤེས་ལྔར་འདོད་དང། །སངས་རྒྱས་ཉིད་དང་གང་གཞན་ནོ། །རྒྱུད་ལས་རྒྱུད་དུ་གྱུར་པ་ཡི། །ལས་ནི་ཇི་སྲིད་མཉམས་ཤིང། །རྣམ་སྨིན་རྣམ་པར་མ་སྨིན་ཏེ། །དངོས་ གྲུབ་དག་གི་དུས་སུ་འདོད། །མདོར་ན་གང་ཚེ་དུས་གཅིག་ཏུ། །ལས་དང་སྐྱེ་བ་འཕངས་གྱུར་པ། །དེ་ཚེའང་སྔགས་པས་དངོས་གྲུབ་ནི་།ཡིད་ལས་ཡང་དག་བྱུང་བ་འཐོབ། །བམ་པོ་དྲུག་པ་ གྲུབ་ནས་མཁའ་ལ་འགྲོ་བ་ནི། །ཇི་ལྟར་སྒྱུ་མ་འཇིགས་མེད་བཞིན་།སྔགས་ཀྱི་དྲངས་རྨོངས་བྱེད་པ། །ཇི་ལྟར་མིག་འཕྲུལ་ཆེན་པོ་བཞིན། །གང་ལ་ལུས་དང་དགྲ་མེད་པ། །དྲི་ཟའི་གྲོང་ཁྱེར་ [263A]༄༅། །ཇི་བཞིན་ཏེ། །དེ་བཞིན་མི་སྣང་འགྱུར་ཞེས་བྱ། །དེ་ནི་དེ་ན་གནས་པ་ཡིན། །ཇི་ལྟར་ཉལ་བའི་རྨི་ལམ་ན། །སུམ་ཅུ་རྩ་གསུམ་གནས་སུ་ཕྱིན། །ལུས་ཀྱང་སྤངས་ པ་མ་ཡིན་ལ། །དེ་ཉིད་ཀྱིས་ཀྱང་དེ་མ་སོང། །དེ་བཞིན་རྣལ་འབྱོར་ཉིད་ཀྱིས་ཀྱང། །སྔགས་པ་སྔགས་ལ་གནས་པ་དག་བསོད་ནམས་བྱ་བའི་ལས་རྣམས་ཀྱིས། །འཇའ་དང་ འདྲ་བའི་ལུས་ཀྱང་འཐོབ། །ལུས་དང་ངག་ཡིད་ལས་བྱུང་བའི་།གསང་སྔགས་ཡིད་བཞིན་ནོར་བུ་འདྲ། །དེ་ལས་རྣམ་པར་བསམས་པའི་དོན། །མ་བརྟགས་པར་ཡང་འབྱུང་ བར་འགྱུར། །ཇི་ལྟར་ནམ་མཁའི་ཕྱོགས་རྣམས་སུ། །འདུས་བྱས་སྤྱོད་ཡུལ་ཐམས་ཅད་ཀྱིས། །མི་གོས་དེ་བཞིན་སྔགས་པ་ཡང། །རྟོག་པའི་སྤྱོད་ཡུལ་ཀུན་གྱིས་སོ། །འདི་ ཀུན་འདུ་ཤེས་ཙམ་དུ་ནི། །ནམ་ཞིག་དེ་ལྟར་བསྒོམས་གྱུར་ཅིང་།རྣམ་པར་བསྒོམས་ན་སྔགས་པ་དེ། །རྫོགས་སངས་རྒྱས་དང་ལྷན་ཅིག་དགའ། །སངས་རྒྱས་རྐང་གཉིས་གཙོ་བོ་ ཡིས༑ ༑སྦྱིན་སྲེག་གཉིས་སུ་བཤད་པ་ནི། །ཕྱི་རོལ་གྱི་དང་ནང་གི་སྟེ། །དེ་ཡང་ཚིམ་པར་བྱ་དང་བཅས། །ལྷ་རྣམས་ཀྱང་ནི་སོ་སོ་ཡི། །རང་བཞིན་ཡོངས་སུ་མཁྱེན་ནས་སུ། །འཇིག་ རྟེན་པ་ཡི་སྔགས་རྣམས་ཀྱིས། །ཚད་དག་ལེགས་པར་གསུམ་པ་ནི་།དབང་ཕྱུག་ལ་སོགས་མཐུ་ཆེན་རྣམས། །བཀུར་བའི་ལྷ་རྣམས་གང་ཡིན་པ། །དེ་དག་གིས་ནི་གང་བྱས་པའི། ། [263B] །འབྲས་བུ་ཕལ་ཆེར་འཕྲལ་དུ་སྟེར། །ཚད་ནི་བཤད་པ་དེ་ཡིན་ནོ། །འོན་ཀྱང་སྐྱེ་དང་འཇིག་པ་ཡི། །ཆོས་ཅན་དེ་དག་བརྟན་པ་མེད། །འཇིག་རྟེན་ འདས་པའི་སྔགས་རྣམས་ནི། །ཐོག་མའི་བྱེད་པ་མེད་པའོ། །ལས་དང་སྐྱེ་བ་ཀུན་བཅད་པ། །ཉེས་པ་གསུམ་བྲལ་རྒྱལ་བ་དང། །རང་རྒྱལ་བསེ་རུ་ལྟ་བུ་དང། །དེ་བཞིན་རྒྱལ་བའི་ཉན་ ཐོས་དང། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང། །གསང་སྔགས་ཚད་ནི་སྔོན་བཤད་པ། །དུས་གསུམ་ལས་ནི་ཤིན་ཏུ་འདས། །རྟེན་ཅིང་འབྲེལ་པ་ལས་བྱུང་བ། །མཐོང་དང་མ་ མཐོང་འབྲས་བུའི་ཚད། །ངག་ཡིད་ལུས་ལས་བྱུང་བའོ། །འཇིག་རྟེན་པ་ཡི་འབྲས་བུའི་ཚད། །བསྐལ་པ་གཅིག་ཏུ་བཤད་པ་ཡིན། །ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །གསང་ སྔགས་འབྲས་བུ་བསྐལ་པ་འདས། །སངས་རྒྱས་དྲང་སྲོང་ཆེན་པོ་དང། །རྒྱལ་སྲས་རྣམས་ཀྱི་ཏིང་འཛིན་ནི། །མཚན་མ་མེད་ཅིང་དག་པའོ། །འཇིག་རྟེན་པ་ཡི་མཚན་མར་བཅས། །རྣམ་ པར་སྨིན་པ་འདི་ཉིད་ལ། །ལས་ཀྱི་འབྲས་བུ་སྨིན་འགྱུར་བ། །ནམ་ཞིག་དངོས་གྲུབ་ཐོབ་པ་ན། །དེ་ཚེ་ལས་ཀྱང་ལྡོག་པར་འགྱུར་།སེམས་ནི་ངོ་བོ་ཉིད་མེད་ཕྱིར། །རྒྱུད་དང་འབྲས་བུ་རྣམ་ སྤངས་ཤིང། །ཡང་དང་ཚེ་ལས་རྣམ་གྲོལ་ན། །ནམ་མཁའ་ལྟ་བུར་འགྱུར་བ་ཡིན། །གསང་བ་པའི་བདག་པོ། གཞན་ཡང་ཕྱག་རྒྱའི་གཟུགས་སུ་དགོད་པ་རིམ་པར་ཕྱེ་བ། ལྷ་རྣམས་ [264A]༄༅། །གནས་པར་བྱིན་གྱིས་རློབ་པ། ཏིང་ངེ་འཛིན་ལྔ་རྟོགས་པ། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཆོས་ཀྱི་ དབྱིངས་རྟོགས་པའི་སྤྱོད་ཡུལ་དུ་གྱུར་པ། སེམས་ཅན་གྱི་ཁམས་མ་ལུས་པར་བསྒྲལ་བར་ཡི་དམ་བཅས་པ་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་སྔོན་གྱི་སངས་རྒྱས་ རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས། དེ་ལྟར་འཚལ་ལོ། །ཞེས་ གསོལ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་ཉན་པ་དང། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ། དང་པོར་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱི་དཀྱིལ་འཁོར་དགོད་པ་རིམ་པར་ཕྱེ་བ་གང་ལས་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྲངས་མེད་པ་བྱུང་བ། གསང་བ་བས་ཀྱང་ཆེས་གསང་ བ། སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བ་ཞེས་བྱ་བ་ཡོད་ཀྱི་དེ་བྲི་བའི་ཆོ་ག་ཉོན་ཅིག་ཀུན་ཏུ་གྲུ་བཞི་ལྷམ་པ་ལ། །སྒོ་གཅིག་པ་ནི་སྟེགས་བུར་བཅས། །བཟང་པོ་རྡོ་རྗེ་རྣམས་ཀྱིས་མཚན། ། དབུས་སུ་རྡོ་རྗེ་རྩེ་བརྒྱ་པ། །དེ་སྟེང་པདྨ་བྲི་བ་ནི། །ས་བོན་དང་བཅས་རྒྱས་པར་བྱས། །དེ་ཡི་སྟེང་དུའང་པདྨ་ཆེ། །ཕྱག་རྒྱ་ཀླད་ཀོར་གྱིས་མཛེས་བྱས། །འདབ་མ་བརྒྱད་རྣམས་ལེགས་པར་ [264B] །ཟེ་བར་བཅས་པ་ཤིན་ཏུ་བཟང། །འདབ་མ་རྣམས་ནི་ཐམས་ཅད་ལ། །ཡན་ལག་བཅུ་གཉིས་ཚིག་བཀོད་པ། །དེ་རྣམས་དབུས་ན་མགོན་བཞུགས་པ། །རྫོགས་པའི་སངས་རྒྱས་ རྐང་གཉིས་གཙོ། །དཀྱིལ་འཁོར་བརྒྱད་ཀྱི་འཁོར་རྣམས་ཀྱིས། །ཁོ་ར་ཁོར་ཡུག་ཡོངས་སུ་བསྐོར། །སྙིང་རྗེ་ལས་བྱུང་དཀྱིལ་འཁོར་འདི། མཆོག་ཏུ་ཤེས་པར་བྱ་བ་སྟེ། །ལུང་བཞིན་ དཀྱིལ་འཁོར་རྣམས་དང་ནི། །ལས་དང་ལུས་དང་དངོས་གྲུབ་དང་།དགོད་པ་རྣམས་ཀྱང་དེས་པ་ཡིས། །འདི་ལས་འབྱུང་བར་ཤེས་པར་བྱ། །གསང་བ་བའི་བདག་པོ། གཞན་ཡང་དེ་ བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་ནི། ཟླ་བའི་དཀྱིལ་འཁོར་འདྲ་ཞིང་མདོག་དུང་ལྟ་བུ་ཡི་དབུས་ན་ནི། །སངས་རྒྱས་ཀུན་གྱི་གྲུ་གསུམ་པ། །པདྨ་དཀར་པོའི་སྟེང་ན་ གནས༑ ༑ཀླད་ཀོར་བཅས་པའི་མཚན་གྱིས་བཏབ། །རྡོ་རྗེའི་མཚན་མས་མཚན་པ་སྟེ། །དབྱད་མི་དགོས་པས་ཀུན་ནས་ནི། །འོད་ཟེར་དག་ནི་གཉིས་བྱས་པ། །གསང་སྔགས་མགོན་ལས་ བྱུང་ནས་སུ། །དེ་ནི་ཕྱོགས་བཅུ་རྣམས་སུ་སོང། །གསང་བ་པའི་བདག་པོ། གཞན་ཡང། སྤྱན་རས་གཟིགས་དབང་དཀྱིལ་འཁོར་ནི། །ངེས་པས་ནན་ཏན་མཉན་པར་གྱིས། །ཀུན་ཏུ་ གྲུ་བཞི་ལྷམ་པ་ལ། །དབུས་སུའང་དུང་འདྲ་གཞག་པར་བྱ། །དེ་ཡི་སྟེང་དུའང་པདྨ་ན། །ས་བོན་བཅས་བྱས་རྒྱས་པར་བྲི། །དེ་ཡི་སྟེང་དུའང་རྡོ་རྗེ་ཆེ། །རྡོ་རྗེ་ལས་ཀྱང་པདྨ་ཆེ། །ཐམས་ཅད་ [265A]༄༅། །ས་བོན་རྣམས་ཀྱིས་མཚན། །རང་གི་ས་བོན་ལེགས་པར་སྦྱར། །སྒྲོལ་མ་དང་ནི་ཁྲོ་གཉེར་ཅན། །དེ་བཞིན་གོས་དཀར་ཅན་དང་ནི། །རིག་སྔགས་ལོངས་ སྤྱོད་ཅན་མ་དང། །མཐུ་ཆེན་ཐོབ་པའང་ནན་ཏན་བྱ། །དཔལ་རྣམས་ཀུན་དང་ཕྱག་བརྙན་མ། །དཀྱིལ་འཁོར་འདི་ཡི་དབུས་སུ་ནི་།ཕྱག་རྒྱའི་མཚན་མ་དབང་ཐོབ་རྣམས། །ཁྱད་པར་ དུ་ནི་བྲི་བར་བྱ། །རྟ་མགྲིན་ཅན་གྱི་བྱ་བ་ནི། །གྲུ་གསུམ་ཚུལ་དུ་འདུག་པ་སྟེ། །དཀྱིལ་འཁོར་མཚན་མ་བཟང་པོ་ས་བཏབ། །ཉི་མ་འཆར་བའི་ཁ་དོག་འདྲ། །རིག་སྔགས་རྒྱལ་དང་ བཅས་པར་ནི། །མཁས་པས་རྣམ་པར་དགོད་པར་བྱ། །གསང་བ་པའི་བདག་པོ། གཞན་ཡང་ཁྱོད་ཉིད་ཀྱི་དཀྱིལ་འཁོར་མདོར་བཤད་པར་བྱའོ། །ཀུན་ཏུ་གྲུ་བཞི་ལྷམ་པ་ལ། །རྡོ་རྗེའི་ མཚན་མ་རྣམས་ཀྱིས་མཚན། །ཐམས་ཅད་སེར་པོ་ཡིད་དུ་འོང། །དབུས་ན་པདྨ་རབ་ཏུ་གནས། །དེ་ཡི་དབུས་སུ་བྱ་བ་ནི། །བུམ་པ་ཟླ་བའི་འོད་འདྲ་བ། །འདི་ནི་མཚན་མ་རྣམས་ཀྱིས་ མཚན༑ ༑ཀླད་ཀོར་གྱིས་ཀྱང་རྣམ་པར་བརྒྱན། །དེ་ཡི་སྟེང་དུའང་རླུང་ཆེན་ནི། །དབྱར་གྱི་ཆར་སྤྲིན་འདྲ་བའི་མདོག་བ་དན་གཡོ་བར་སྔགས་པར་བྱ། །ཀླད་ཀོར་གྱིས་ཀྱང་རྣམ་པར་ བརྒྱན༑ ༑དེ་ཡི་སྟེང་དུ་འང་གྲུ་གསུམ་པ། །རབ་ཏུ་འཇིགས་པའི་གཟུགས་ཅན་དེ། །འཇིགས་པར་བྱེད་པའི་མེ་འདྲ་བ། །སུམ་མདོ་རིས་མཚན་མཚན་གྱིས་བཏབ། །འབར་ཕྲེང་འཁྲིགས་ [265B] །ཉི་མ་འཆར་བའི་གཟུགས་འདྲ་བའོ། །དེ་ཡི་དབུས་སུ་པདྨ་ཆེ། །དུས་མཐའི་མེ་འོད་འདྲ་བའོ། །པདྨའི་སྟེང་དུ་རྡོ་རྗེ་ནི། །འབར་བའི་ཕྲེང་བ་འཕྲོ་བ་ཅན། །ཧཱུཾ་ ཞེས་བྱ་བའི་སྒྲ་དང་ལྡན། །དམ་པ་ས་བོན་རྣམས་ཀྱིས་མཚན་།དཔའ་བོ་ཁྱོད་ཀྱི་དཀྱིལ་འཁོར་འདི། །རྒྱལ་བའི་གཙོ་བོ་རྣམས་ཀྱིས་གསུངས། །མཱ་མ་ཀཱི་ནི་ལུ་གུ་རྒྱུད། །དེ་བཞིན་རྡོ་ རྗེ་རིགས་ལས་བྱུང། །རྡོ་རྗེ་ལྕགས་ཀྱུ་རྡོ་རྗེ་རྩེ། །རིག་སྔགས་རྒྱལ་མོ་མཐུ་ཆེན་དག་དཀྱིལ་འཁོར་ཆེན་པོའི་ནང་དུ་ནི། །ཀུན་ཀྱང་ཁོངས་སུ་ཆུད་པར་བྱ། །ལས་རྣམས་ཤིན་ཏུ་འགྲུབ་ བྱའི་ཕྱིར། །ཕྱག་རྒྱ་དཀྱིལ་འཁོར་ས་བོན་དང། །ཁ་དོག་ཁྱད་པར་གོ་རིམ་བཞིན། །དེ་དག་ཇི་ལྟར་རིགས་པར་བྱའོ། །དེ་ནས་གཞན་ཡང་རྡོ་རྗེ་འཛིན། །ཆེན་པོ་གཙོར་བཤད་འདི་རྣམས་ ཏེ༑ ༑ནམ་མཁའ་དྲི་མེད་རྡོ་རྗེ་འཁོར། །རྡོ་རྗེ་མཆེ་བ་དེས་པ་དང། །རྣམ་པར་གྲགས་པ་སྐལ་ཆེན་དག་རྡོ་རྗེ་མགོན་པོ་མཆོག་འཛིན་དང། །རྡོ་རྗེ་ཞི་བ་རྡོ་རྗེ་ཆེ། །རྡོ་རྗེ་མཐིང་ག་དེ་བཞིན་གཞན།། རྡོ་རྗེ་པདྨ་ཡངས་པའི་མིག་རྡོ་རྗེ་བཟང་པོ་རྡོ་རྗེ་ཉིད་།སྤྲོས་པ་མེད་པར་གནས་པ་དང། །ནམ་མཁའ་མཐའ་ཡས་འགྲོ་བའོ་།དེ་རྣམས་དཀྱིལ་འཁོར་བཤད་པ་ནི། །དཀར་པོ་སེར་པོ་ དམར་པོ་དང། །ནག་པོ་ཡིན་པར་ཡང་དག་བསྒྲགས། །དེ་ནས་གཞན་ཡང་ཕྱག་རྒྱའི་གཟུགས། །རྩེ་གསུམ་པ་དང་རྩེ་གཅིག་དང་།གཞན་ཡང་གཉིས་དང་གཉིས་མ་ཡིན། །ཕྲེང་བ་ [266A]༄༅། །ལྟ་བུ་དེ་བཞིན་གཞན། །ཁ་དོག་བྱེ་བྲག་ལས་ཤེས་བྱ་།འདི་རྣམས་ཀུན་ཀྱང་མཐུ་ཆེན་ཏེ། །རྣམ་པར་རྒྱལ་དང་ལྡན་པའོ། །མི་གཡོ་མགོན་གྱི་དཀྱིལ་ འཁོར་ནི། །རླུང་དང་མེ་ཡི་ཡིན་པར་འདོད། །ང་ཡི་དྲུང་ནི་འོག་ལོགས་སུ། །བདེན་བྲལ་གྱི་ནི་ཕྱོགས་ཆར་བྲི། །རང་གི་ས་བོན་མཚན་མར་ལྡན། །རལ་གྲི་ཕྱག་རྒྱ་ལེགས་པར་སྦྱར། ། ཡང་ན་ཞགས་པ་བྱ་ཡང་རུང། །བློ་ལྡན་དེ་ཡིས་བྲི་བར་བྱ་།འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱིའང། །བྱེ་བྲག་ཏུ་ནི་རླུང་གི་དབུས། །རྡོ་རྗེ་ཅན་གྱི་མཚན་དང་མཚན། །གནས་གསུམ་དག་ ལ་འདུག་པའོ། །གསང་བ་པའི་བདག་པོ། །གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུམ་གྱི་གཟུགས་ཀྱི་དཀྱིལ་འཁོར་དགོད་པ་འབྱུང་སྟེ་དེ་ལ་རེ་ཞིག་དཀྱིལ་འཁོར་ནི། །གསེར་ གྱི་ཁ་དོག་གྲུ་བཞི་པ། །རྡོ་རྗེའི་མཚན་མས་མཚན་པ་སྟེ། །འདི་ནི་དཀྱིལ་འཁོར་དམ་པ་ཡིན། །དེ་ནས་གཞན་ཡང་ལྷ་མོའི་གཟུགས། །དེ་ཡི་དབུས་སུ་པདྨ་ཆེ། །ཐམས་ཅད་ སེར་པོ་འབར་དང་བཅས། །དེ་ཡང་གཙུག་ཏོར་བཞག་པ་ནི། །ཆ་གསུམ་ལ་ནི་གནས་པར་བྱ། །དབུས་མའི་ཆ་ནི་བོར་ནས་ནི། །དེར་ཡང་སྤྱན་ནི་བྲི་བར་བྱ། །རང་གི་འོད་འབར་ དབུས་ན་གནས། །མདོར་ནི་ས་བོན་ལྡན་པར་བྱ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །ཡིད་བཞིན་ནོར་བུ་རྒྱལ་བས་གསུངས། །དེ་ཡི་དཀྱིལ་འཁོར་བཤད་པ་ནི། །ཆུ་ཡི་ཡིན་ཏེ་ [266B] །ཤིན་ཏུ་དྲི་མེད་རབ་ཏུ་ཞི། །རེ་བ་ཐམས་ཅད་རྫོགས་བྱེད་པའོ། །དེ་ནས་ཤཱཀྱ་སེངྒེ་ཡང། །ངེས་པས་དཀྱིལ་འཁོར་མཉན་པར་གྱིས། །དེར་ནི་དབང་ཆེན་ཞེས་བྱ་བ།། ཁ་དོག་སེར་པོས་ཉེ་བར་བརྒྱན། །ཀུན་ཏུ་གྲུ་བཞི་ལྷམ་པ་ལ་།དབུས་སུ་རྡོ་རྗེ་སྔ་མ་བཞིན། །དེ་ཡི་སྟེང་དུ་པདྨ་ནི། །ཀུན་ཏུ་ཁ་དོག་སེར་པོ་གཞག་དེ་སྟེང་ལྷུང་བཟེད་ཆེན་པོ་སྟེ། །རྡོ་རྗེས་ མཚན་པ་འབར་དང་བཅས། །ཡང་ན་ཆོས་གོས་འཁར་བསིལ་དག་གོ་རིམ་བཞིན་དུ་གཞག་པར་བྱ། །གཙུག་ཏོར་ལྔ་པོ་གང་བསྒྲགས་པ། །དེ་རྣམས་ཕྱག་རྒྱ་ཞེས་བྱ་བ། །གདུགས་ དཀར་པོའི་ནི་གདུགས་སུ་བྱ། །རྒྱལ་བའི་གཙུག་ཏོར་བློ་ལྡན་པ་།མཚན་མ་རལ་གྲིར་བཞག་པ་ནི། །འོད་ཟེར་རྣམས་ནི་འཕྲོ་བར་བྱ་།རྣམ་པར་རྒྱལ་བའི་འཁོར་ལོ་ཡིན། །རྣམ་པར་ འཐོར་བའི་ལྕགས་ཀྱུར་འདོད། །གཟི་བརྗིད་ཕུང་བསྐོལ་ཆེན་གྱི་།གཙུག་ཏོར་བཟང་པོ་ཡིན་པར་འདོད། །ཆེར་འབྱུང་བ་ནི་རྡོ་རྗེ་ཡིན་།མངོན་པར་འབྱུང་བའི་པདྨར་འདོད། །དུང་ནི་མཐའ་ཡས་སྒྲ་ དབྱངས་ཀྱི། །ཁ་དོག་བྱེ་བྲག་ལས་ཤེས་བྱ། །མཛོད་སྤུའི་ཡིད་བཞིན་ནོར་བུ་ཡིན། །སྤྱན་གྱི་ཡང་ནི་འདི་ཉོན་ཅིག་གཙུག་ཏོར་ཐམས་ཅད་སེར་པོ་སྟེ། །རྡོ་རྗེའི་མཚན་མས་མཚན་པར་བྱ། །གཞན་ གྱིས་མི་ཐུབ་མ་ཡི་ནི། །ལག་པ་ངོ་མཚར་པདྨ་ཅན། །གཞན་གྱིས་མི་ཐུབ་ཅེས་བྱ་བའི། །ཁ་ཆེ་པདྨ་ནག་ལ་གནས། །གཙང་མར་གནས་པ་གང་གྲགས་པ། །གཙང་མར་རྟོགས་པའི་སྤྱོད་ཡུལ་ཅན། ། [267A]༄༅། །དེ་དག་གི་ནི་ཕྱག་རྒྱ་ཡི། །མཚན་ཉིད་དགོད་པ་ངེས་པ་ཉོན། །སེམས་དཔའི་ལག་དང་དགེ་བའི་ལག་འཛུམ་པའི་ལག་ཀྱང་དེ་བཞིན་གཞན། །ལག་ན་མེ་ཏོག་ ནམ་མཁའི་ལག་ཆོ་ག་རྒྱས་པར་བྲི་བར་བྱ། །ས་ཡི་ལྷ་མོའི་བུམ་པ་སྟེ། །ཆུ་ཡི་དཀྱིལ་འཁོར་རྡོ་རྗེས་མཚན། །གཉེར་བའི་ལག་པ་མེ་ཡི་སྟེ། །དྲང་སྲོང་རྣམས་དང་བཅས་ པར་བྲི། །འོད་སྲུང་དང་ནི་གོའུ་ཏམ། །མརྒད་ད་དང་གརྒ་དང་།བ་སི་སྟ་དང་ཨང་གི་རས། །མེ་ཡི་གནས་ཀྱི་ནང་ན་འཁོད། །རིག་བྱེད་ལག་པར་ནན་ཏན་དུ། །དེ་དག་གོ་ རིམ་བཞིན་དུ་བྲི། །གཤིན་རྗེའི་བེ་ཅོན་བྲི་བ་ནི། །རླུང་གི་དཀྱིལ་འཁོར་ནང་ན་འདུག་འཆི་བདག་གི་ནི་དྲིལ་བུ་ཡིན། །དུས་མཚན་ཕྱག་རྒྱ་བ་དན་ནོ། །དྲག་པོའི་ཆུང་མའི་མདུང་ རྩེ་གསུམ། །ཚངས་པའི་ཆུང་མའི་པདྨ་དྲན། །གཞོན་ནུའི་ཆུང་མའི་མདུང་ཐུང་ཡིན། །ཁྱབ་འཇུག་ཆུང་མའི་འཁོར་ལོ་ཉིད་།གཤིན་རྗེའི་ཆུང་མའི་ཐོ་བར་ཤེས། ། འཇིགས་བྱེད་ཆུང་མའི་མི་ཐོད་ཡིན། །དེ་དག་རླུང་གི་དཀྱིལ་འཁོར་གྱི། །ནང་དུ་ཆུད་པར་བྱ་བ་ནི། །བྱ་རོག་བྱ་རྒོད་དེ་བཞིན་ཁྱི། །ཝ་རྣམས་ཀྱིས་ཀྱང་ཡོངས་བསྐོར་བར། ། ལས་རྣམས་གྲུབ་པར་འདོད་པ་ཡིས། །ཇི་ལྟར་རིགས་པར་བྲི་བར་བྱ་།བདེན་བྲལ་གྱི་ན་རིལ་གྲིར་བྲི། །ཁྱབ་འཇུག་གི་ནི་འཁོར་ལོར་བྱ་།སྐེམ་བྱེད་ཀྱི་ནི་མདུང་ཐུང་ཡིན། །དགའ་བོ་ [267B][?]དགའ་གཉིས་ཀྱི་སྤྲིན། །གཉིས་ཀའི་གློག་དང་བཅས་པར་ཏེ་།གཟུགས་ནི་མདོག་སྔོ་ཆུ་དང་བཅས། །ཤཱཀྱ་སེངྒེའི་དཀྱིལ་འཁོར་གྱི། །སྒོ་ཡི་ཕྱོགས་ནི་གཉིས་སུ་དགོད། ། བདེ་བྱེད་ཀྱི་ནི་མདུང་རྩེ་གསུམ། །དཀའ་ཟློག་རྩེ་གསུམ་གདེངས་པར་བཤད། །བུམ་པ་དཀར་པོ་པདྨར་བཅས། །ཟླ་བའི་ཕྱག་རྒྱ་ཡིན་པར་དྲན། །ཉི་མའི་དབང་ཆེན་དཀྱིལ་ འཁོར་ལ། །གནས་པའི་ཤིང་རྟ་ཡིན་ཞེས་བྱ། །རྒྱལ་དང་རྣམ་པར་རྒྱལ་བ་ཡི། །དབང་ཆེན་མཚན་མའི་གཞུ་ཅན་ནོ། །རླུང་གི་ཕྱོགས་སུ་རླུང་རྣམས་ཀྱིས། །བ་དན་ ཕྱག་རྒྱ་བྲི་བར་བྱ། །དབྱངས་ཅན་གྱི་ནི་པི་ཝང་ཡིན། །ཆུ་ཡི་ཞགས་པ་འཛིན་པར་བྲི། །བདག་ཉིད་ཆེན་པོ་དེའི་དཀྱིལ་འཁོར། །ཆུ་ཡི་ཡིན་པར་ཤེས་པར་བྱ། །ས་བོན་ རྣམས་ཀྱིས་བཏབ་པ་དང། །མཚན་མ་རྣམས་ཀྱིས་མཚན་པར་བྱའོ་།ཤཱཀྱ་ཏོག་གི་དཀྱིལ་འཁོར་དུ། །དེ་ལ་སོགས་པའི་མཚན་རྣམས་ཀྱིས། །དཀྱིལ་འཁོར་རྣམས་ ནི་གོ་རིམ་བཞིན། །ས་བོན་རྣམས་དང་བཅས་པར་བྱ། །གཞན་ཡང་མཆོག་སྦྱིན་རྡོ་རྗེ་ཡི། །དཀྱིལ་འཁོར་ནན་ཏན་མཉན་པར་གྱིས། །ཀུན་ཏུ་གྲུ་བཞི་ལྷམ་པ་ལ། །རྡོ་ རྗེའི་མཚན་མས་མཚན་པ་སྟེ། །དེ་ཡི་དབུས་སུ་བྱ་བ་ནི། །དཀྱིལ་འཁོར་མེ་ལས་བྱུང་བའོ། །དེ་དབུས་ཕྱག་རྒྱ་གཞག་པ་ནི། །ཨུཏྤལ་ཞེས་བྱ་གཟུགས་བཟང་བ། །འཇམ་ [268A]༄༅། །དབྱངས་བློ་དང་ལྡན་པ་ཡི། །རང་གི་སྔགས་ཀྱིས་གཟི་བསྐྱེད་པའོ། །དེ་ཡི་གནས་ནི་ཆོ་ག་བཞིན། །རང་གི་ས་བོན་ཉིད་ཀྱིས་བཏབ། །ཐ་མ་ཁོ་ར་ཁོར་ཡུག་ ཏུ༑ ༑ཨུཏྤལ་རྣམས་ཀྱིས་ཁེབས་པར་བྱ། །དེ་ཡི་དབུས་སུ་བྲི་བ་ནི་།དཔའ་བོ་འདི་རྣམས་གོ་རིམ་བཞིན། །དེ་ལ་དྲ་བ་ཅན་གྱི་འོད་ཀྱི་ཕྱག་རྒྱ་ནི། ལྕགས་ཀྱུའོ། ། གཞོན་ནུ་རིན་ཆེན་ཅོད་པན་གྱི་ནི། རིན་པོ་ཆེའོ། །གཞོན་ནུ་དྲི་མེད་འོད་ཀྱི་ནི། ཨུཏྤ་ལ་ཁ་མ་ཕྱེ་བར་བྱའོ། །འཇམ་དབྱངས་བློ་དང་ལྡན་པ་ཡི། །མངག་གཞུག་ མར་ནི་གང་གྲགས་པ། །དེ་རྣམས་ཀྱི་ནི་འཇིགས་མེད་པས། །ཇི་ལྟར་རིགས་པར་ཤེས་བྱ་བ། །སྐྲ་ཅན་གྱི་ནི་ཕྱག་རྒྱ་ནི། །རལ་གྲི་ཡིན་པར་ཤེས་པར་བྱ། །ཉེ་ སྐྲ་ཅན་གྱི་མདུང་རྩེ་གསུམ། །སྣ་ཚོགས་མའི་ནི་དབྱུག་པར་བཤད་།ནོར་ལྡན་མའི་ནི་རྒྱལ་མཚན་གསུངས། །འགུགས་མ་ཡི་ནི་ལྕགས་ཀྱུ་ཡིན། །དེ་དག་ཐམས་ ཅད་ཨུཏྤ་ལའོ། །མཚན་མ་དག་གིས་མཚན་པར་བྱ། །ཇི་སྐད་གསུངས་པའི་ཕྱག་བརྙན་མ། །དེ་དག་ཕྱག་རྒྱ་གང་གི་ནི། །ལྷོ་ཡི་ཕྱོགས་སུ་ནན་ཏན་དུ། །སྒྲིབ་པ་རྣམ་ སེལ་བརྩོན་འགྲུས་ཆེ། །ཕྱག་རྒྱ་ལེགས་པར་བྲི་བ་ནི། །ཡིད་བཞིན་ནོར་བུ་ཞེས་བྱ་བ། །མེ་ཡི་དཀྱིལ་འཁོར་ནང་ན་འདུག་འཁོར་དང་བཅས་པ་གོ་རིམ་བཞིན། ། [268B] །ཕྱག་རྒྱ་འདི་རྣམས་ཤེས་པ་རུ། །ངོ་མཚར་ཅན་གྱི་ཕྱག་རྒྱ་ནི། །བུམ་པའི་སྟེང་ན་རྡོ་རྗེ་རྩེ་གཅིག་པའོ། །མི་འཇིགས་པ་སྦྱིན་པའི་ནི། །མི་འཇིགས་ པ་སྦྱིན་པའི་ལག་པའོ། །ངན་སོང་ཐམས་ཅད་སྤོང་བའི་ནི། ལག་པ་མས་ཡར་གྱེན་དུ་འདྲེན་པ་ལྟ་བུར་བྱས་པའོ། །སྐྱོང་སེམས་བློ་གྲོས་ཀྱི་ནི། །སྙིང་རྗེའི་ལག་པ་བྲང་དུ་ བཞག་པའོ། །བྱམས་པ་ཆེན་པོ་གྱེན་དུ་འབྱུང་བའི་ནི། མེ་ཏོག་འཛིན་པའི་ལག་པའོ། །བློ་ཅན་སྙིང་རྗེས་གདུངས་པའི་ནི། ལག་པ་སྙིང་གར་བཞགས་ལ་གུང་མོ་ནང་དུ་བཀུག་ པའོ༑ ༑གདུང་བ་ཐམས་ཅད་ཞི་བར་བྱེད་པའི་ནི། ལག་པ་མཆོག་སྦྱིན་པའི་སོར་མོ་རྣམས་ལས་ཆུའི་རྒྱུན་འཛག་པའོ། །བློ་གྲོས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ནི་ ལག་པར་ཡིད་བཞིན་ནོར་བུ་ཐོགས་པའོ། །དེ་དག་ཐམས་ཅད་ཀྱང་པདྨ་ལ་གནས་ཤིང་དཀྱིལ་འཁོར་གྱི་ནང་དུ་ཆུད་པར་བྱའོ་།བྱང་ཕྱོགས་སུ་སའི་སྙིང་པོའི་ཕྱག་རྒྱ་ནི། དབང་ ཆེན་དཀྱིལ་འཁོར་ནང་གནས་པ། །སྟན་ནི་སྔ་མ་བཞིན་དུ་བཞག་།དེའི་སྟེང་པདྨ་ཆེན་པོ་སྟེ། །ཁ་དོག་ཀུན་ལྡན་འབར་བར་བཅས་།དེའི་སྟེང་བ་དན་ཆེན་པོ་སྟེ། །རྩེ་ལ་རིན་ ཆེན་ཆེན་པོ་གཞག་དེ་ནི་གཟུགས་ཀྱི་མཆོག་ཡིན་ཏེ། །ཕྱག་རྒྱའི་གཟུགས་སུ་འདིར་བཤད་དོ། །དེ་ཡི་འཁོར་ནི་གྲངས་མེད་པ། །གཙོ་བོ་ཡོན་ཏན་མཐའ་ཡས་ཏེ། །དེ་ལ་དེ་ [269A]༄༅། །རྣམས་ཕྱག་རྒྱ་ཡང། །ནན་ཏན་བསྐྱེད་དེ་བྲི་བ་ནི་།རིན་ཆེན་འབྱུང་གནས་ཀྱི་ཕྱག་རྒྱ་ནི། རྡོ་རྗེ་རྩེ་གསུམ་པ་རིན་པོ་ཆེའི་སྟེང་ན་འདུག་པའོ། །རིན་ ཆེན་ལག་གི་ནི། །རྡོ་རྗེ་རྩེ་གཅིག་པ་རིན་པོ་ཆེའི་སྟེང་ན་འདུག་པའོ། །ས་འཛིན་གྱི་ནི། རྡོ་རྗེ་ཁ་གཉིས་པ་རིན་པོ་ཆེའི་སྟེང་ན་འདུག་པའོ། །ཕྱག་ན་རིན་ཆེན་གྱི་ཕྱག་རྒྱ་ནི་ རྡོ་རྗེ་རྩེ་ལྔ་པ་རིན་པོ་ཆེའི་སྟེང་ན་འདུག་པའོ། །བསམ་པ་བརྟན་པའི་ནི། རྡོ་རྗེ་རྒྱ་གྲམ་རིན་པོ་ཆེའི་སྟེང་ན་འདུག་པ་སྟེ། ཕྱག་རྒྱ་ཐམས་ཅད་ཀྱང་དཀྱིལ་འཁོར་གྱི་ནང་དུ་ཆུད་པར་ བྱའོ། །ནུབ་ཕྱོགས་སུ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ནི། ཆུ་ཡི་དཀྱིལ་འཁོར་ཡིད་འོང་བར། །པདྨ་དཀར་པོའི་སྟན་ཆེན་ལ། །དེའི་དབུས་རལ་གྲི་བཞག་པ་ནི། །སོ་ནི་ཤིན་ཏུ་ རྣོ་བའི་མཆོག་རང་གི་ས་བོན་རྣམས་ཀྱིས་བཏབ། །མཁས་པས་དེར་ནི་གཞག་པར་བྱ། །དེ་ཡི་འཁོར་རྣམས་བྲི་བ་ནི། །ཕྱག་རྒྱའི་གཟུགས་རྣམས་གོ་རིམ་བཞིན། །དེ་ལ་ནམ་ མཁའ་དྲི་མེད་ཀྱི་ཕྱག་རྒྱ་ནི། རླུང་གི་དཀྱིལ་འཁོར་གྱི་དབུས་སུ་འཁོར་ལོའི་མཚན་མ་དང་བཅས་པའོ། །ནམ་མཁའ་བློ་གྲོས་ཀྱི་ཕྱག་རྒྱ་ནི། རླུང་གི་དཀྱིལ་འཁོར་གྱི་དབུས་ན་ དུང་ངོ། །རྣམ་པར་དག་པའི་བློ་གྲོས་ཀྱི་ཕྱག་རྒྱ་ནི། པདྨ་དཀར་པོ་རླུང་གི་དཀྱིལ་འཁོར་གྱི་དབུས་ན་འདུག་པའོ། །སྤྱོད་པའི་བློ་གྲོས་ཀྱི་ཕྱག་རྒྱ་ནི། རླུང་གི་དཀྱིལ་འཁོར་གྱི་དབུས་ [269B] །བློ་བརྟན་གྱི་ཕྱག་རྒྱ་ཡང་རླུང་གི་དཀྱིལ་འཁོར་གྱི་དབུས་ན་རྡོ་རྗེ་པདྨའི་སྟེང་ན་འདུག་པའོ། །རྣམ་པར་སྣང་མཛད་ཆེན་པོ་ མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། །གསང་བའི་དཀྱིལ་འཁོར་རིམ་པར་ཕྱེ་བ་རྒྱས་པའོ།།།།དེ་ནས་ཡང་བཅོམ་ ལྡན་འདས་ཀྱིས་གསང་བའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་གསུངས་པ། ཀུན་ཏུ་བརླབས་པའི་སྔགས་པ་ནི། །གསང་བའི་དཀྱིལ་འཁོར་ལ་མཁས་པས། ། དེ་ཚེ་སློབ་མའི་སྡིག་པ་ཀུན། །ཆོ་ག་བཞིན་དུ་བསྲེག་པར་བྱ། །ཅི་ནས་སླར་ཡང་མི་སྐྱེ་བར། །དེ་ཡི་འཚོ་བའང་བསྲེག་པར་བྱ་།བསྲེགས་ཏེ་ཐལ་བར་གྱུར་ནས་ ཀྱང༑ །དེ་ནི་སླར་ཡང་གསོ་བར་བྱ། །ཡི་གེ་ཡིས་ནི་མི་འགྱུར་བསྲེག་།འཚོ་བས་སླར་ཡང་གསོ་བར་བྱ། །འཚོ་བས་ཐམས་ཅད་གསོས་ནས་ནི་།ཀུན་ཏུ་ དག་ཅིང་དྲི་མ་མེད། །ཡན་ལག་བཅུ་གཉིས་ཚིག་རྣམས་ནི། །དེ་ཡི་མོད་ལ་དགོད་པར་བྱ། །བྱང་ཆུབ་སེམས་དཔའ་སྐྱོབ་པ་རྣམས། །སངས་རྒྱས་རྣམས་ཀྱི་དམ་ ཚིག་འདི། །སངས་རྒྱས་རྣམས་དང་ཉན་ཐོས་དང། །འཇིག་རྟེན་རྣམས་ཀྱིས་བཀུར་བ་ཡིན། །གསང་བའི་དཀྱིལ་འཁོར་དབུས་གནས་པའི་།དམ་ཚིག་འདི་ནི་ [270A]༄༅། །སུས་རིག་པ། །རྒྱུད་རྣམས་ཀུན་ཏུ་ཞུགས་པ་དང། །དཀྱིལ་འཁོར་ཀུན་ལ་དབང་བ་ཡིན། །སྔགས་འཆང་དེ་ནི་ང་དང་འདྲ་།དམ་ཚིག་ཅེས་ནི་ གཞན་མི་བྱ། །གསང་བའི་དཀྱིལ་འཁོར་དུ་འཇུག་པ་རིམ་པར་ཕྱེ་བའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་ འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་བ། གསང་བ་པའི་བདག་པོ། བྱང་ཆུབ་སེམས་དཔའ་གསང་སྔགས་ ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཆོ་ག་གང་དག་གིས་བདག་ཉིད་ལྷའི་གཟུགས་སུ་བརྟན་པར་གྱུར་པར་ཤེས་པ་དང། ཤེས་རབ་ཀྱང་རང་གི་ ལྷའི་ཚུལ་དུ་གནས་ནས་དངོས་གྲུབ་ཐོབ་པར་འགྱུར་བ་གསང་བའི་ཕྱག་རྒྱ་བརྒྱད་པོ་གསང་བ་དང་བཅས་པ། ལྷའི་གནས་བྱིན་གྱིས་རློབ་པར་འགྱུར་བ། རང་གི་ གསང་སྔགས་ཀྱིས་མཚན་པ། དཀྱིལ་འཁོར་དང་ལྡན་པ་རང་གི་ལྷའི་རྣལ་འབྱོར་དུ་བྱ་བ་ཡོད་དེ། ཕྱག་རྒྱ་བརྒྱད་པོ་དེ་ཡང་གང་ཞེ་ན། །ལག་པ་གཉིས་ཁོང་སྟོང་དུ་སྦྱར་ ལ་མཐེའུ་ཆུང་གཉིས་དང་མཛུབ་མོ་གཉིས་འབར་བ་ལྟ་བུར་འགྱེད་དོ། །བཅོམ་ལྡན་འདས་ཉིད་ཀྱི་གཟི་བརྗིད་འབྱུང་བའི་ཕྱག་རྒྱ་སྟེ། དེའི་དཀྱིལ་འཁོར་ནི། གྲུ་ [270B]།གསང་སྔགས་ནི། ན་མས་མནྟ་བུདྡྷཱ་ནཱཾ། ར་ར་སཱཧཱ་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བཀུག་སྟེ་ མཐེ་བོའི་སྟེང་དུ་བ་དན་ལྟ་བུར་གཟུང་ངོ། །བཅོམ་ལྡན་འདས་ཉིད་ཀྱི་རྡོ་རྗེ་མི་ཤིགས་པའི་ཕྱག་རྒྱ་སྟེ། དཀྱིལ་འཁོར་ནི། ཡི་གེ་འབར་བ་འདྲ་བ་རྡོ་རྗེ་འབར་བ་དང་བཅས་པའོ། ། གསང་སྔགས་ནི། ན་མཿ་ས་མནྟ་བུདྡྷཱ་ནཱཾ། བཾ་བ་སཱཧཱ་ཕྱག་རྒྱ་དེ་ཉིད་ལས་གུང་མོ་དང་སྲིན་ལག་གཉིས་བརྐྱང་ལ་ལྷག་མ་རྣམས་སྔ་མ་བཞིན་དུ་གཞག་གོ། པདྨའི་སྦུབས་ཀྱི་ ཕྱག་རྒྱ་སྟེ། དཀྱིལ་འཁོར་ནི། ཟླ་བའི་དཀྱིལ་འཁོར་འདྲ་བ་པདྨའི་མཚན་མས་མཚན་པ་ཅན་ནོ། །གསང་སྔགས་ནི། ན་མས་མནྟ་བུདྡྷཱ་ནཱཾ། སཾ་ས་སཱཧཱ། ཕྱག་རྒྱ་དེ་ཉིད་ ལས་མཐེའུ་ཆུང་གཉིས་འོག་ཏུ་གཞུག་གོ་སངས་རྒྱས་ཀྱི་གསུང་དབྱངས་བཀོད་པའི་རྒྱན་གྱི་ཕྱག་རྒྱ་སྟེ། དཀྱིལ་འཁོར་ནི། ཟླ་བ་ཁམ་པ་ལྟ་བུ་བ་དན་དང་བཅས་པ་ཀླད་ཀོར་ ཧཾ་གཉིས་པས་མཚན་པའོ། །གསང་སྔགས་ནི། ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཧཾ་ཧ་སཱཧཱ། དེ་བཞིན་དུ་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་གཉིས་སོ་སོར་ཕྱེ་སྟེ་ལྷག་ མ་རྣམས་ཅུང་ཟད་ཙམ་སྙིམ་པ་ལྟ་བུར་བྱའོ། །འདི་ནི། བཅོམ་ལྡན་འདས་ཀྱི་ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱ་སྟེ། དཀྱིལ་འཁོར་ནི། བུམ་པ་ཟླ་བ་དང་འདྲ་བ་རྡོ་རྗེས་མཚན་ [271A]༄༅། །པའོ༑ ༑གསང་སྔགས་ནི། ན་མས་མནྟ་བུདྡྷཱ་ནཱཾ་ཨཾ་ཨ་སཱཧཱ། ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་བཀུག་ལ་ལྷག་མ་རྣམས་དེ་བཞིན་དུ་གཞག་གོ་ འདི་ནི༑ བཅོམ་ལྡན་འདས་ཀྱི་གཟུངས་ཀྱི་ཕྱག་རྒྱ་སྟེ། དེའི་དཀྱིལ་འཁོར་ནི། འཇའ་འདྲ་བ། མཚན་མ་ཐམས་ཅད་དང་ལྡན་པ། རྡོ་རྗེའི་བ་དན་འཕྱར་བའོ། །གསང་ སྔགས་ནི། ན་མས་མནྟ་བུདྡྷཱ་ནཱཾ། བུདྡྷ་དྷ་རཱ་ཎི་སྨྲྀ་ཏི་བ་ལ་དྷ་ར་ཎཱི་ཀ་རི་དྷ་ར་དྷ་ར། དྷཱ་ར་ཡ་དྷཱ་ར་ཡ་སརྦཾ་བྷ་ག་བ་ཏེ། ཨ་ཀཱ་རཱ་བཱ་ཏི་ཨ་ས་མེ་སཱཧཱ། ཕྱག་རྒྱ་ དེ་ཉིད་ལས་གུང་མོ་གཉིས་ཕྱུང་སྟེ་མཐེའུ་ཆུང་གཉིས་གུང་མོ་གཉིས་ཀྱིས་བཀུག་ལ་སྤྱི་བོར་སྦྱར་རོ། །འདི་ནི། བཅོམ་ལྡན་འདས་ཀྱི་ཆོས་གནས་པའི་ཕྱག་རྒྱ་སྟེ་ དཀྱིལ་འཁོར་ནི། ནམ་མཁའི་ཁ་དོག་ཐམས་ཅད་དང་ལྡན་པ་ཀླད་ཀོར་གཉིས་ཀྱིས་མཚན་པའོ། །གསང་སྔགས་ནི། ན་མས་མནྟ་བུདྡྷཱ་ནཱཾ། ཨ་བེ་ད་བི་དི་ཨ་ སཱཧཱ༑ ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་ཕན་ཚུན་བསྣོལ་མར་གཟུང་ངོ། །འདི་ནི། བཅོམ་ལྡན་འདས་ཀྱི་རྣལ་འབྱོར་འཛིན་པའི་ཕྱག་རྒྱ་སྟེ། དེའི་དཀྱིལ་འཁོར་ནི་ ནམ་མཁའ་སྟེ། ཁྱད་པར་དུ་སྔོ་ལ་ཀླད་ཀོར་ཅན་སྙེམས་པ་དང་བཅས་པའོ། །གསང་སྔགས་ནི། ན་མས་མནྟ་བུདྡྷཱ་ནཱཾ། མ་ཧཱ་ཡོ་ག་ཡོ་ག་ནི་ཡོ་ག་ཤྭ་ར། ཁ་ཛི་རི་ཀེ་ [271B] གསང་བ་པའི་བདག་པོ། འདི་དག་ནི། གསང་བའི་ཕྱག་རྒྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་རབ་ཏུ་གསང་བ་ཡིན་གྱི། དབང་བསྐུར་བ་དང། ཆོ་རིགས་ བཙུན་པ་དང། སྤྲོ་བ་ཅན་དང། ཡི་དམ་ལ་བརྟན་པ་དང། བླ་མ་ལ་གུས་པ་དང། བྱས་པ་གཟོ་བ་དང། གཙང་སྦྲ་ཆེ་བ་དང་བདག་གི་ལུས་དང་སྲོག་ལ་ཡང་མི་ལྟ་ བ་མ་གཏོགས་པ་གཞན་སུ་ལ་ཡང་མ་སྦྱིན་ཅིག་རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས་གསང་ བའི་ཕྱག་རྒྱ་བརྒྱད་པ་རིམ་པར་ཕྱེ་བའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་དེའི་ཚེ་མ་འོངས་པའི་འགྲོ་བ་རྣམས་ལ་གཟིགས་ ནས་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་འདི་ལྟར་སངས་ རྒྱས་ཀྱི་ཞིང་འདི་ལག་མཐིལ་བཞིན་དུ་མཉམ་པར་གནས་ཤིང་སྒོ་ཁྱུད་དང། རྟ་བབས་རིན་པོ་ཆེ་སྣ་ལྔ་ལས་རབ་ཏུ་རྣམ་པར་སྤྲས་པས་བརྒྱན་པ། བ་དན་ཁ་ དོག་དུ་མ་དང་ལྡན་པ་བསྒྲེང་བས་རྒྱ་ཆེ་བ། རིན་པོ་ཆེ་ཆེན་པོའི་བླ་རེ་བྲེས་པ། རིན་པོ་ཆེའི་དྲིལ་བུ་དང། རྔ་མ་དཀར་པོ་དང། དར་དང་གོས་མང་པས་དཔྱངས་པ། རིན་ [272A]༄༅། །པོ་ཆེའི་ཀ་བ་ཕྱོགས་བརྒྱད་དུ་བཙུགས་པ། པདྨའི་མཚེའུ་ཆུ་དྲི་ཞིམ་པོ་ཡན་ལག་བརྒྱད་དང་ལྡན་པས་ཡོངས་སུ་གང་བ་དང། ངང་པ་དང། དུར་ པ་དང། བཞད་ཀྱི་སྒྲ་གྲག་པ། དུས་ཐམས་ཅད་པའི་མེ་ཏོག་སྣ་ཚོགས་ཀྱི་ཤིང་ལྗོན་པས་ཕྱོགས་བརྒྱད་དུ་བརྒྱན་པ། རིན་པོ་ཆེ་སྣ་ལྔའི་ཕྲེང་བ་དང་སྲད་བུས་ལེགས་ པར་བསྐོར་བ། ས་གཞི་ཀ་ཙ་རིན་[?]ད་འཇམ་པོ་ལྟར་རེག་ན་བདེ་ཞིང་རབ་ཏུ་འཇམ་པ། རྔ་སྒྲ་དང་སིལ་སྙན་གྱི་སྒྲ་ཡིད་དུ་འོང་ཞིང་སྙན་པ་རྣམ་པ་དུ་མ་གྲག་པ། བྱང་ ཆུབ་སེམས་དཔའ་མང་པོའི་བསོད་ནམས་ཀྱིས་བསགས་པའི་སྟན་དང་ཁང་པ་དང། གཞལ་མེད་ཁང་ཡིད་ལས་བྱུང་བ་དང་ལྡན་པར་གྱུར་ཏོ། །པདྨའི་རྒྱལ་པོ་ ཆེན་པོ་དེ་བཞིན་གཤེགས་པའི་མོས་པ་ལས་བྱུང་བ་ཆོས་ཀྱི་དབྱིངས་རྟོགས་པའི་མཚན་མས་མཚན་པ་ཡང་བྱང་བར་གྱུར་ཏོ། །དེའི་དབུས་ན་དེ་བཞིན་གཤེགས་པའི་ སྐུ་ཆོས་ཀྱི་དབྱིངས་ལ་གཞོལ་བ། སེམས་ཅན་གྱི་ཁམས་བསམ་པ་དང་མོས་པ་ཇི་ལྟ་བ་བཞིན་དུ་མགུ་བར་མཛད་པ་བཞུགས་ཏེ། དེ་བཞིན་གཤེགས་པ་དེའི་ ཡན་ལག་ཐམས་ཅད་ནས་སྐུ་ཅིས་ཀྱང་མི་ཚིགས་པའི་སྟོབས་དང་ལྡན་པ། སྟོབས་བཅུ་ལ་མོས་པ་ལས་བྱུང་བ། ཁ་དོག་དང་དབྱིབས་རྣམ་པ་དུ་མས་བདག་གི་སྐུ་བརྒྱན་ [272B] བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་སྦྱིན་པ་དང། ཚུལ་ཁྲིམས་དང། བཟོད་པ་དང། བཙོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ བསོད་ནམས་ཀྱིས་རྣམ་པར་བསྐྱེད་པ་དག་བྱུང་བར་གྱུར་ཏོ། །དེ་དག་བྱུང་ནས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྒྲ་མངོན་པར་གོ་བར་མཛད་ཅིང་ཆེད་ དུ་གླེང་བ་འདི་གླེངས་སོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི་།ཤེས་རབ་ཐབས་ནི་བསམ་མི་ཁྱབ། །གནས་མེད་པ་ནི་རྟོགས་གྱུར་ནས་།གནས་དང་བཅས་པའི་ཆོས་ཀྱང་ འཆད༑ ༑གང་དག་གིས་ནི་ཆོས་རྣམས་ཀྱི། །ཆོས་ཀྱི་མཚན་ཉིད་རྙེད་མེད་པ། །ཤེས་པ་དེས་ནི་འདྲེན་ཀུན་གྱིས། །གང་བརྙེས་རྙེད་པ་ཐོབ་པར་འགྱུར། །དེ་དག་གིས་ཆེད་དུ་ གླེང་བ་ཆེད་དུ་གླེངས་ནས་དེ་དག་སླར་ཡང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ལ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་ རྡོ་རྗེ་ལ་བཀའ་སྩལ་པ། རིགས་ཀྱི་བུ། ནང་གི་དཀྱིལ་འཁོར་ཉོན་ཅིག་གསང་བ་པའི་བདག་པོ། ལུས་ཀྱི་ས་གཞི་གང་ཡིན་པ་དེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་སྔགས་དང་ཕྱག་ རྒྱས་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབ་པར་བྱ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །དེ་ནས་བདག་ལས་ཀྱི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ་རྡུལ་ཐམས་ཅད་དང་ [273A]༄༅། །བྲལ་བ༑ བདག་དང། སེམས་ཅན་དང། སྲོག་དང། གསོ་བ་དང། ཤེད་ཅན་དང། ཤེད་ལས་སྐྱེད་པ་དང། བྱེད་པ་པོ་ལ་སོགས་པའི་ཟུག་རྡུའི་སྐྱོན་དང་ བྲལ་བ་ལ་གྲུ་བཞི་ལ་སྒོ་བཞི་དང་ལྡན་པ། ནུབ་ཕྱོགས་ཀྱི་སྒོ་རྟག་ཏུ་ཕྱེ་བ། སྒོ་ཁྱུད་དང་སྟེགས་བུས་བརྒྱན་པའི་དབུས་ན་པདྨའི་རྒྱལ་པོ་ཆེན་པོ་ཡིད་ལས་བྱུང་བ། འདབ་མ་བརྒྱད་ པ་སྡོང་བུ་དང་བཅས་པ། ཟེ་བ་རྒྱས་ཤིང་ཤིན་ཏུ་མཛེས་པར་འབྱུང་བ་དེའི་དབུས་ན་ཡང་དེ་བཞིན་གཤེགས་པའི་སྐུ་དང། གསུང་དང། ཐུགས་འཇིག་རྟེན་ཐམས་ཅད་ལས་ འདས་པ། སེམས་ཀྱི་ས་ལས་ཡང་དག་པར་འདས་པ། སེམས་ཀྱི་ས་རྗེས་སུ་ཐོབ་པ། འདོད་པའི་འབྲས་བུ་ཁྱད་པར་ཅན་སྩོལ་བར་བསམ་མོ་།དེའི་ཤར་ཕྱོགས་སུ་དེ་ བཞིན་གཤེགས་པ་རིན་པོ་ཆེའི་ཏོག་གོ་ལྷོའི་ཕྱོགས་སུ་དེ་བཞིན་གཤེགས་པ་མེ་ཏོག་ཀུན་ཏུ་རྒྱས་པའི་རྒྱལ་པོའི་དབང་པོའོ། །བྱང་ཕྱོགས་སུ་དེ་བཞིན་གཤེགས་པ་རྔ་ དབྱངས་ཅན་ནོ། །ནུབ་ཕྱོགས་སུ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའོ། །ཤར་ལྷོའི་མཚམས་སུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའོ། །བྱང་ཤར་གྱི་མཚམས་ སུ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གོ་ལྷོ་ནུབ་ཀྱི་མཚམས་སུ་འཇམ་དཔལ་གཞོན་ནུར་གྱུར་པའོ། །ནུབ་བྱང་གི་མཚམས་སུ་བྱམས་པའོ། །ཟེ་བ་ཀུན་ལ་ནི། བྱང་ཆུབ་ [273B] ཕ་རོལ་ཏུ་ཕྱིན་པ་དྲུག་དང། ཏིང་ངེ་འཛིན་རྣམས་བྲིའོ། །དེའི་འོག་ཏུ་རིག་སྔགས་དང་ཁྲོ་བོའི་ཚོགས་རྣམས་བྲིའོ། །སྡོང་བུ་ལ་ནི། ཕྱག་ན་རྡོ་རྗེའོ། །ལྷག་མ་ རྣམས་ནི། རྒྱ་མཚོ་ཆེན་པོའོ། །མར་མེ་མེ་ཏོག་བདུག་སྤོས་དང་།བཤོས་དང་བདུག་པ་ཡིད་ལས་བྱུང། །ལུས་ཅན་རྣམས་ཀྱི་དམ་ཚིག་ཕྱིར། །ཐམས་ཅད་སྔགས་པས་བསམ་པར་ བྱ༑ ༑འོག་གི་ས་གཞི་ཐམས་ཅད་ལ། །ལྷ་ལ་སོགས་པ་གྲངས་མེད་པའང། །བདག་ཉིད་ཆེན་པོའི་དཀྱིལ་འཁོར་འདིར། །སྔགས་པས་ནན་ཏན་བསྐྱེད་དེ་བྲི། །རང་གི་ལུས་ནི་བདག་ཉིད་ ཀྱིས༑ ༑ར་ཞེས་བྱ་བས་རྣམ་སྦྱངས་ནས། །སྔགས་པ་རྣལ་འབྱོར་སྟན་ལ་འདུག་དེ་བཞིན་གཤེགས་པ་རྗེས་དྲན་ཞིང། །སློབ་མ་རྣམས་ཀྱི་སྤྱི་བོར་ནི། །ཀླད་ཀོར་བཅས་པའི་ ཨ་བཞག་སྟེ། །འཇིགས་པ་མེད་པའི་བདག་ལུས་ལ། །དེ་ནས་མེ་ཏོག་འདོར་དུ་གཞུག་བརྟགས་ནས་དེ་ལ་བསྟན་པར་བྱ། །ཡང་ན་དེ་ལ་རིག་སྔགས་སྦྱིན། ། ལུས་ཅན་རྣམས་ཀྱི་དམ་ཚིག་ཕྱིར། །འདི་ནི་དཀྱིལ་འཁོར་གཙོ་བོར་འདོད། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་ གྱིས་རློབ་པ་ལས། གསང་བའི་དཀྱིལ་འཁོར་དུ་གཟུད་པ་ལ་འཇུག་པའི་རིམ་པར་ཕྱེ་བ་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་ [274A]༄༅། །མཛད་ལ་ཕྱག་ན་རྡོ་རྗེས་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་དོན་དུ་ཚིགས་སུ་བཅད་པའི་དབྱངས་ཀྱིས་རིག་སྔགས་ཀྱི་བརྟུལ་ཞུགས་ ཞུས་པ། ཇི་ལྟར་བརྟུལ་ཞུགས་སྤྱད་པ་ལགས། །ཚུལ་ཁྲིམས་ལ་གནས་ཇི་ལྟ་བུ། །གང་ན་ཇི་ལྟར་གནས་ཀྱང་རུང། །མ་ཆགས་པར་ནི་ཇི་ལྟར་སྤྱོད། །དུས་ནི་ཇི་སྲིད་ལོན་གྱུར་ན། །བརྟུལ་ ཞུགས་ཡོངས་སུ་རྫོགས་པར་འགྱུར། །དེ་མཐུ་ཅི་ལགས་འཚལ་བར་བགྱི་།གནས་ནི་གང་དུ་བགྱི་བ་ལགས། །དུས་དང་ཡུལ་དང་བྱ་བ་ལས་།ཆོས་དང་ཆོས་མིན་རྣམ་པར་སྤངས། །དེ་ནི་ ཇི་ལྟར་མྱུར་དུ་འགྱུར། །ཚད་ཀྱང་འདྲེན་པས་བཀའ་སྩོལ་ཅིག་གང་གིས་དངོས་གྲུབ་ཐོབ་འགྱུར་བ། །སངས་རྒྱས་རྣམས་ཀྱིས་སྔོན་བསྟན་པ། །མ་འོངས་འགྲོ་བའི་དོན་གྱི་ཕྱིར། །རྫོགས་ པའི་སངས་རྒྱས་རྐང་གཉིས་གཙོ། །ཐམས་ཅད་མཁྱེན་ལ་བདག་ཞུ་བ། །རྒྱལ་བའི་གཙོ་བོ་དབང་དུ་བཞུགས། །དེ་སྐད་གསོལ་ནས་གསུངས་སོ། །ལག་ན་རྡོ་རྗེ་མཐུ་བོ་ཆེ་ །སེམས་དཔའ་ཆེན་པོ་རྣམས་ལ་བརྩེ་བའི་ཕྱིར། །འདི་སྐད་ཀྱི་ནི་ཚིག་གསུངས་སོ། །ལག་ན་རྡོ་རྗེ་མཐུ་བོ་ཆེ། །སེམས་དཔའ་ཆེན་པོ་དཔའ་བོ་ལེགས། །སྔོན་གྱི་སངས་རྒྱས་ཀྱིས་གསུངས་པའི། ། བརྟུལ་ཞུགས་དམ་པ་བསྟན་པར་བྱའོ། །འཇིག་རྟེན་ལ་ནི་ཕན་བྱེད་པའོ། །དངོས་གྲུབ་གང་གིས་འཐོབ་འགྱུར་བ། །རིག་པའི་བརྟུལ་ཞུགས་ལས་བྱུང་བའི། །བརྟུལ་ཞུགས་སངས་རྒྱས་ [274B] །བདག་གིས་དེ་ཉིད་བསྐྱེད་ནས་ནི། །རྟག་ཏུ་ཐེ་ཚོམ་མེད་པའི་ཡིད། །གང་ཚེ་རྟག་ཏུ་མཉམ་བཞག་པ། །དེ་ཚེ་བརྟུལ་ཞུགས་སྤྱོད་པ་ཡིན། །བྱང་ཆུབ་སེམས་དང་ཆོས་རྣམས་དང་།བསླག་ དང་ལས་དང་འབྲས་བུ་གང། །མཚན་ཉིད་གཅིག་ཏུ་ལྡན་གྱུར་ཅིང་།ལས་དང་བྱ་བ་རྣམ་སྤངས་པའི། །ཚུལ་ཁྲིམས་སངས་རྒྱས་བཞིན་ཤེས་བྱ། །ཚུལ་ཁྲིམས་ལྡན་ཞེས་གཞན་མི་བྱ། །ཆོས་རྣམས་ ཀུན་ལ་དབང་ཐོབ་ཅིང། །སེམས་ཅན་དོན་རྟོགས་ཁོང་དུ་ཆུད། །གསེར་དང་བོང་རྡོ་མཉམ་གྱུར་ན། །དེ་ནི་མྱུར་དུ་མ་ཆགས་སྤྱོད་།གསང་སྔགས་ཀྱི་ནི་གྲངས་དག་ལས། །འབུམ་གྲངས་ཇི་སྙེད་བསྟན་ གྱུར་པ༑ ༑དུས་ནི་དེ་སྲིད་ལོན་གྱུར་ན། །བརྟུལ་ཞུགས་ཡོངས་སུ་རྫོགས་པར་འགྱུར། །དབང་ཆེན་གྱི་ནི་དངོས་པོ་ཡིས། །དབང་ཆེན་དཀྱིལ་འཁོར་ལ་གནས་ཏེ། །རྡོ་རྗེ་ཅན་གྱི་རྒྱ་བཅིངས་ལ། །ཟས་སུ་རྟག་ པར་འོ་མ་འཐུང། །སྲོག་དང་རྩོལ་བ་རབ་བསྡམས་ནས། །སྔགས་པས་ཟླ་བ་གཅིག་ཏུ་བཟླས། །དེ་ནས་ཟླ་བ་གཉིས་པ་ལ། །ཆུ་ཡི་དཀྱིལ་འཁོར་དང་ལྡན་པར། །པདྨའི་ཕྱག་རྒྱ་བཅིངས་ནས་སུ། །དེ་ ཆེ་ཟས་སུ་ཆུ་འཐུང་ངོ། །དེ་ནས་ཟླ་བ་གསུམ་པ་ལ། །མེ་ཡི་ངོས་ལ་གཞོལ་བྱས་ཏེ། །མ་བསླངས་པ་ཡི་ཟས་ཟ་ཞིང། །རལ་གྲི་ཕྱག་རྒྱ་དང་ལྡན་པས། །ལུས་དང་ངག་ཡིད་ལས་བྱུང་བའི། །སྡིག་པ་ ཐམས་ཅད་བསྲེག་པར་བྱ། །བཞི་ལ་རླུང་དང་ལྡན་བྱས་ཏེ། །ཟས་སུ་རྟག་ཏུ་རླུང་བཟའ་འོ། །དེ་ནས་འཁོར་ལོའི་རྒྱས་བཅིངས་ལ་།མཉམ་པར་བཞག་སྟེ་གསང་སྔགས་བཟླས། །དབང་ཆེན་དང་ནི་ [275A]༄༅། །ཆུའི་ངོས་ལ། །རྣལ་འབྱོར་གཞོལ་པ་འདུག་ནས་སུ། །ཟླ་བ་ཡར་གྱི་ངོ་ལ་ནི། །དེ་ནས་ཟླ་བ་ལྔ་པ་ལ། །རྙེད་དང་མ་རྙེད་རྣམ་སྤངས་ཏེ། །སྔགས་པ་ཀུན་ཏུ་ ཆགས་མེད་ན། །རྫོགས་པའི་སངས་རྒྱས་བཞིན་དུ་འགྱུར། །རླུང་དང་མེར་ནི་ལྡན་བྱས་ནས། །ཉེས་པ་ཀུན་དང་རྣམ་བྲལ་ཞིང་།རྙེད་དང་མ་རྙེད་སྤངས་ཏེ། །ཟླ་བ་གཞན་ལ་བཟླས་ བརྗོད་བྱ། །བརྒྱ་བྱིན་ཚངས་ལ་སོགས་པའི་ལྷ། །ཤ་ཟ་ལྟོ་འཕྱེ་སྲིན་པོ་རྣམས། །རྒྱང་རིང་ནས་ནི་ཕྱག་འཚལ་ཞིང། །ཐམས་ཅད་སྲུང་བའང་བྱེད་པར་འགྱུར། །དེ་དག་ཐམས་ཅད་བཀའ་ ཉན་ཅིང། །དེ་ཡི་བཀའ་བཞིན་བྱེད་པར་འགྱུར། །སྨན་དང་མི་དང་ལྷ་རྣམས་དང། །རིག་སྔགས་རྣམས་དང་གསང་སྔགས་ཀུན། །ཅི་དག་བགྱི་ཞེས་ཚིག་སྨྲ་ཞིང། །དེ་ཡི་དྲུང་ན་འཁོད་པར་འགྱུར་ བགེགས་དང་ལོག་འདྲེན་མ་རུངས་དང། །སྲིན་པོ་དང་ནི་མ་མོ་རྣམས་།གསང་སྔགས་འཛིན་པ་མཐོང་བའི་ཚེ། །རྒྱང་རིང་ནས་ནི་ཕྱག་འཚལ་འགྱུར། །རིག་པའི་བརྟུལ་ཞུགས་ལ་གནས་པའི།། སྔགས་ཤེས་གང་ན་འདུག་པ་ཡི། །གནས་དེ་རབ་ཏུ་འཇིགས་པ་ཡི། །མེ་ལྟར་འབར་ཞིང་འཇིགས་པར་འགྱུར། །དབང་ཕྱུག་གོ་འཕང་ཐམས་ཅད་འཐོབ། །དས་པ་རྫོགས་པའི་སངས་རྒྱས་ བཞིན། །དཔལ་ལྡན་གདུལ་དཀའ་འདུལ་བ་པོ། །རྡོ་རྗེ་འཛིན་ཆེན་དཀའ་ཐུབ་ཅན། །སེམས་ཅན་ཀུན་ལ་ཕན་བྱེད་པ། །སྙིང་རྗེ་འཇིག་རྟེན་དབང་པོ་བཞིན། །ཟླ་བ་དྲུག་རྣམས་འདས་གྱུར་ན། ། [275B] །བདག་ཉིད་དང་ནི་གཞན་ལ་ཡང། །རྟག་པར་རྗེས་སུ་ཕན་པར་བྱེད། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་ གྱིས་རློབ་པ་ལས། །རིག་སྔགས་ཀྱི་བརྟུལ་ཞུགས་རིམ་པར་ཕྱེ་བ་རྒྱས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་ཡང་གསང་སྔགས་རྣམས་དང། དཀྱིལ་འཁོར་རྣམས་ ཀྱི་སྙིང་པོ་ཞུས་པ། གསང་སྔགས་ཀུན་གྱི་སྙིང་པོ་གང། །ཅི་ཞིག་འཚལ་ནས་སློབ་དཔོན་འགྱུར། །དེ་སྐད་གསོལ་ནས་བཅོམ་ལྡན་འདས་།དེ་ཚེ་རྣམ་སྣང་མཛད་ཆེན་གྱིས། །རྡོ་རྗེ་འཛིན་ལ་བཀའ་ སྩལ་པ༑ ༑སེམས་དཔའ་ཆེན་པོ་ལེགས་སོ་ལེགས། །ཡེ་ཤེས་གསང་བས་ཆེས་གསང་ཞིང། །གསང་སྔགས་ཡེ་ཤེས་ཆེར་འབྱུང་བ། །བུ་ཁྱོད་ལ་ནི་བཤད་པར་བྱའི། །མ་ཡེངས་ཡིད་ཀྱིས་མཉན་ པར་གྱིས། །ཨ་ནི་གསང་སྔགས་ཐམས་ཅད་ཀྱི། །སྙིང་པོ་ཡིན་པར་ཡང་དག་བཤད། །འདི་ལས་བྱུང་བའི་གསང་སྔགས་ནི། །གྲངས་མེད་པར་ནི་འབྱུང་བར་འགྱུར། །སྤྲོས་པ་ཐམས་ཅད་ཞི་བ་ ཡི༑ ༑ཡེ་ཤེས་མཐའ་དག་སྐྱེ་བར་འགྱུར། །གསང་བ་པའི་བདག་པོ། ཇི་ལྟར་ན་ཨ་ཞེས་བྱ་བ་གསང་སྔགས་ཐམས་ཅད་ཀྱི་སྙིང་པོ་ཡིན་ཞེ་ན། རྫོགས་པའི་སངས་རྒྱས་རྐང་གཉིས་གཙོས། །ཨ་ ནི་གཙོ་བོ་ཡིན་པར་གསུངས། །དེ་བས་འདི་ཀུན་ཐམས་ཅད་དེ། །ཡན་ལག་ཀུན་ལ་རྣམ་པར་གནས། །ཡན་ལག་རྣམས་ཀྱང་ཅི་རིགས་པར། །རྟག་པར་ཀུན་ཏུ་རིག་པར་གྱིས། །ཡི་གེ་རྣམ་ [276A]༄༅། །ཀྱིས་ཐམས་ཅད་ཁྱབ། །ཡི་གེ་རྣམས་ཀྱང་དེ་ཡིས་ཁྱབ་།ཡི་གེ་རྣམས་ལས་སྒྲ་འབྱུང་བ། །ཆ་དང་ཆ་ལས་བྱུང་བའོ་།དེ་བས་འདི་ཀུན་ཐམས་ཅད་དེ། །ལུས་ནི་སྣ་ ཚོགས་ལས་བྱུང་བའོ། །དེ་ཡི་དགོད་པ་ཡང་དག་བསྟན། །སྙིང་པོ་དག་ནི་དེས་པས་ཉོན། །སྙིང་གར་སྙིང་པོ་བཞག་ནས་ནི། །ཡན་ལག་རྣམས་ལ་ཡན་ལག་འགོང། །བློ་ལྡན་རྣལ་འབྱོར་སྟན་འདུག་ སྟེ༑ ༑བདག་ལུས་རྫོགས་སངས་རྒྱས་ཀྱི་སྐུར། །བྱས་ནས་དེ་བཞིན་གཤེགས་པ་རྣམས། །དྲན་པར་བྱས་ཏེ་འདི་ཀུན་བྱས། །གང་གིས་ཡེ་ཤེས་རྒྱ་ཆེན་དེའི། །ཆོ་ག་བཞིན་དུ་ཤེས་གྱུར་ན། །དེ་ ཚེ་སངས་རྒྱས་མཐུ་ཆེན་གྱིས། །དེ་ནི་སློབ་དཔོན་ཡིན་པར་བཤད་།དེ་བས་དེ་ཉིད་དེ་བཞིན་གཤེགས། །དེ་ཉིད་རྫོགས་སངས་རྒྱས་ཞེས་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ཚངས་ དང་ཁྱབ་འཇུག་དབང་ཕྱུག་ཆེ། །ཉི་མ་ཟླ་བ་ཆུ་ལྷ་དང་།བརྒྱ་བྱིན་ཉིད་དང་སྐྱེ་རྒུའི་བདག་དུས་དང་གཤིན་རྗེའང་དེ་ཉིད་དེ། །ས་ཡི་ལྷ་དང་དབྱངས་ཅན་དེ། །བྲམ་ཟེ་དང་ནི་ཁྲུས་བྱེད་ཉིད། ། ཚངས་པར་སྤྱོད་པ་ཞེས་ཀྱང་བྱ། །དགེ་སློང་དཔལ་ལྡན་ཟག་པ་ཟད། །གསང་བ་ཐམས་ཅད་འཛིན་པ་པོ། །ཐམས་ཅད་མཁྱེན་དང་ཐམས་ཅད་གཟིགས། །ཆོས་ཀུན་དབང་ཕྱུག་གཙོ་བོ་སྟེ། ། གང་ཞིག་བྱང་ཆུབ་སེམས་བརྟན་ཅིང། །སྒྲ་ཤེས་པ་ནི་ལྷུར་ལེན་གང། །ཆོས་རྣམས་ཀུན་ལ་མ་ཆགས་པ། །རྣམ་པ་ཀུན་ཏུ་ཀུན་ཤེས་བྱ། །ཡི་གེའི་འཁོར་ལོ་ཐམས་ཅད་ནི། །གང་གི་ལུས་ [276B] །དེ་ནི་སྔགས་པ་གསང་སྔགས་འཆང་།དཔལ་ལྡན་སྔགས་རྒྱལ་རྡོ་རྗེ་འཛིན། །སྨིན་མཚམས་དབུས་སུ་ཡི་གེ་ཧཱུཾ། །རྡོ་རྗེ་ཅན་གྱི་གཞི་ཡིན་ནོ། །བྲང་དུ་ཡི་གེ་ས་ ཞེས་བྱ། །ཕྱག་ན་པདྨའི་གཞི་ཞེས་བྱ། །ང་ནི་སྙིང་གའི་གནས་བཞག་པ། །ཀུན་གྱི་རྗེ་སྟེ་དབང་ཕྱུག་ཡིན། །རྒྱུ་དང་མི་རྒྱུ་སྣ་ཚོགས་པ། །མཐའ་དག་ངས་ནི་རབ་ཏུ་ཁྱབ། །ཨ་ཞེས་བྱ་བ་ སྲོག་གི་མཆོག་བ་ཞེས་བྱ་བ་ཚིག་ཏུ་བཤད། །ར་ཞེས་བྱ་བ་མེ་ཞེས་བརྗོད། །ཧཱུཾ་ཞེས་བྱ་བ་ཁྲོ་བོར་བཤད། །ཁ་ནི་ནམ་མཁར་ཤེས་པར་བྱ། །ཀླད་ཀོར་སྟེར་བའི་མཆོག་ཅེས་བྱ། །གང་ ཤེས་སློབ་དཔོན་ཞེས་བྱ་བ། །འདི་ནི་ཡང་དག་དམ་པ་ཡིན། །དེ་བས་རྣམ་པ་ཐམས་ཅད་དུ། །རྫོགས་སངས་རྒྱས་སྔགས་ཤེས་འདི་ལ་།རྟག་ཏུ་བརྩོན་པར་བྱས་ན་ནི། །འཆི་འཕོ་ མེད་པའི་གོ་འཕང་འཐོབ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས་སློབ་དཔོན་གྱི་དེ་ཁོ་ན་ཉིད་ཅེས་པ་རིམ་པར་ཕྱེ་བའོ།། །། ཡི་གེ་ཇི་ལྟར་དགོད་པ་དང། །རྫོགས་སངས་རྒྱས་ཀྱིས་ལེགས་བསྟན་པ། །དེ་བས་ཀུན་ཏུ་མཉན་པར་གྱིས། །ཀ་ནི་ལྐོག་མར་ཤེས་པར་བྱ་།ཁ་ནི་རྐན་ལ་གཞག་པར་བྱ། །ག་ནི་མགྲིན་པར་ ཤེས་པར་བྱ། །གྷ་ནི་མགུལ་བའི་གནས་སུ་གཞག་ཙ་ནི་ལྕེ་ལ་གཞག་པར་བྱ། །ཚ་ནི་ལྕེ་ཡི་དབུས་སུ་གཞག་ཛ་ནི་ལྕེ་ཡི་རྩེ་མོ་ལ། །ཞ་ནི་ལྕེ་ཡི་རྩ་བ་ལ། །ཊ་ནི་བྱིན་པར་ཤེས་པར་བྱ།། [277A]༄༅། །ཋ་ནི་བྲལ་ལ་གཞག་པར་བྱ། །ཌ་ནི་རྐེད་པར་ཤེས་པར་བཤད། །ཌྷ་ནི་རྐང་པ་གཉིས་ལ་གཞག་ཏ་ནི་ཆུ་སོར་གཞག་ཕར་བྱ། །ཐ་ནི་ལྟོ་བར་ཤེས་པར་ བྱ༑ ༑ད་ནི་མཆན་ཁུང་གཉིས་སུ་གཞག་བྷ་ནི་རྩིབས་ལོགས་གཉིས་སུ་གཞག་པ་ནི་རྒྱབ་ཏུ་ཤེས་པར་བྱ། །ཕ་ནི་བྲང་དུ་ཤེས་པར་བྱ། །བ་ནི་དཔུང་མགོ་གཉིས་སུ་གཞག་ བྷ་ནི་ལག་པ་གཉིས་ལའོ། །མ་ནི་ཡིད་ཀྱི་གནས་སུ་སྟེ། །དེ་ཚེ་ཚུལ་བཞིན་ཤེས་པར་བྱ། །ཡ་ནི་ཕོ་མཚན་ཡིན་ཞེས་གསུངས། །རེ་ནི་ནམ་ཚོང་ཡིན་པར་བཤད། །ལ་ནི་རྒྱ་ཆེན་ ཤེས་བྱ་བ། །སྐྱོབ་པ་དེ་ཡི་དཔྲལ་བ་ཡིན། །ཨི་ཨཱི་མིག་གཉིས་ཡིན་ཤེས་བྱ། །ཨུ་ཨཱུ་མཆུ་གཉིས་ཡིན་པར་བཤད། །ཨེ་ཨེ་རྣ་བ་གཉིས་ཤེས་བྱ། །ཨོ་ཨཽ་འགྲམ་པ་ གཉིས་སུ་འདོད། །ཨཾ་ནཾ་རྫོགས་སངས་རྒྱས་པའི་གནས། །ཨཱནི་མྱ་ངན་འདས་པ་ཡིན། །ཆོ་ག་བཞིན་དུ་ཀུན་ཤེས་ནས། །བརྟུལ་ཞུགས་མཆོག་གིས་སངས་རྒྱས་བྱོས། །ཐམས་ ཅད་མཁྱེན་པའི་ནོར་གྱི་དབྱིག་གང་གི་སྙིང་ལ་རྟག་གནས་པ་།འཇིག་རྟེན་ན་ནི་དེ་ཀུན་ཤེས། །དེས་བས་ཐམས་ཅད་མཁྱེན་པ་བཞིན་།རྣམ་པར་སྣང་མཛད་ཆེན་པོ་མངོན་པར་ རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས་ཡི་གེ་དགོད་པ་རིམ་པར་ཕྱེ་བ་རྒྱས་པའོ།། །།དེ་ནས་གཞན་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་ [277B] །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསླབ་པའི་གཞི་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་ པ་གང་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐེ་ཚོམ་དང་ཡིད་གཉིས་མ་མཆིས་ཤིང་འཁོར་བ་ན་འཁོར་བའི་ཚེ་ཉམས་པར་མི་འགྱུར་བ་དག་བཤད་དུ་ གསོལ༑ དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པའི་སྤྱན་གྱིས་ཆོས་ཀྱི་དབྱིངས་ཐམས་ཅད་ལ་གཟིགས་ནས་གསང་བ་པའི་ བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ། བྱང་ཆུབ་སེམས་དཔའི་སྤྱད་པའི་ཚུལ་ལ་མཁས་པ་བསྟན་པ་གང་ལ་གནས་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཐེག་པ་ཆེན་པོ་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ་དེ་ཉོན་ཅིག་གསང་བ་པའི་བདག་པོ། དེ་ལ་བྱང་ཆུབ་སེམས་དཔའ་སྲོག་གཅོད་པ་དང་ མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་ལས་སླར་ལྡོག་པར་བྱའོ། །བརྫུན་དུ་སྨྲ་བ་དང། ངག་རྩུབ་པོ་དང། ཕྲ་མ་ཟེར་བ་དང། ཚིག་ཁྱལ་པ་སྨྲ་བ་ལས་སླར་ ལྡོག་པར་བྱའོ། །བརྣབ་སེམས་དང། གནོད་སེམས་དང། ལོག་པར་ལྟ་བ་ལས་སླར་ལྡོག་པར་བྱའོ། །གསང་བ་པའི་བདག་པོ། གང་ལ་བསླབས་ན། སངས་རྒྱས་བཅོམ་ལྡན་ [278A]༄༅། །འདས་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་དང་སྤྱོད་པ་མཚུངས་པར་བསླབ་པར་འགྱུར་བ་བྱང་ཆུབ་སེམས་དཔའི་བསླབ་པ་ནི། འདི་དག་ ཡིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དགེ་བ་བཅུའི་ ལས་ཀྱི་ལམ་འདི་རྣམས་བཤད། བཅོམ་ལྡན་འདས། འཇིག་རྟེན་པ་མུ་སྟེགས་བྱེད་རྣམས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་འདི་རྣམས་ཡང་དག་པར་བླངས་ཏེ་འདུག་ན། བཅོམ་ ལྡན་འདས། འདི་ལ་ཁྱད་པར་ནི་ཅི་ཞིག་མཆིས། ཐ་དད་དུ་བགྱི་བ་ནི་ཅི་ཞིག་མཆིས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ། ལེགས་སོ་ལེགས་སོ། །གསང་བ་པའི་བདག་པོ། ཁྱོད་ཀྱིས་གང་དེ་བཞིན་གཤེགས་པ་ལ་དོན་འདི་ཞུས་པ་ནི། གསང་ བ་པའི་བདག་པོ། ཁྱོད་ཡང་ལེགས་སོ། །གསང་བ་པའི་བདག་པོ། དེའི་ཕྱིར་རབ་ཏུ་རྣམ་པར་དབྱེ་བའི་ཚུལ་དང་ཚུལ་གཅིག་ཏུ་བསྟན་པའི་ཆོས་ཀྱི་རྣམ་གྲངས་བསྟན་གྱི། ཉོན་ ཅིག་གསང་བ་པའི་བདག་པོ། དེ་ལ་ངས་གང་ཉན་ཐོས་རྣམས་ལ་བསླབ་པ་བསྟན་པ་གང་ཡིན་པ་དེ་ནི། ཐབས་དང་ཤེས་རབ་ཏུ་མི་ལྡན་པ་བཀའ་གྲུབ་པར་བྱེད་པ་ཕྱོགས་ [278B] དེ་བས་ན། དེ་དག་དང་དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་མཚུངས་པར་མི་འགྱུར་རོ། །འཇིག་རྟེན་པ་རྣམས་ནི། བདག་གི་དངོས་པོ་ལ་མངོན་པར་ ཞེན་པ་དང། གཞན་གྱི་རྐྱེན་གྱིས་འཇུག་གོ་ཐེག་པ་ཆེན་པོས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ནི། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པར་བྱ་བའི་ཕྱིར་གཞན་ གྱི་དྲིང་མི་འཇོག་ཅིང་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པར་བདག་དང་གཞན་དང་གཉི་གའི་དོན་བྱེད་པ་ལ་འཇུག་གོ་དེ་བས་ན་གསང་བ་པའི་བདག་པོ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་ཟིན་པར་ཆོས་ཐམས་ཅད་ལ་འཇུག་པའི་ཕྱིར་བརྩོན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱམས་ པ་ཆེན་པོ་དང། ཐུགས་རྗེ་ཆེན་པོའི་སྤྱན་གྱིས་སེམས་ཅན་གྱི་ཁམས་རྣམས་ལ་གཟིགས་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། དེ་ལ་བྱང་ཆུབ་སེམས་དཔས་ཆེད་ དུ་བསམས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བྱའོ། །དབྱུག་པ་སྤངས་ཞིང་འཁོན་དུ་འཛིན་པ་སྤང་བར་བྱའོ། །དེས་བདག་ལ་ཇི་ལྟ་བ་བཞིན་དུ་གཞན་གྱི་སྲོག་ཀྱང་བསྲུང་བར་བྱའོ། ། གཞན་དུན་གང་ཟག་དེ་ལྟ་བུ་དང། དངོས་པོ་དེ་ལྟ་བུ་ལ་བདག་གིས་སྡིག་པ་ཁས་བླངས་ལ་ལས་དེ་བྱ་བ་ནི། མ་གཏོགས་ཏེ། དེ་ཡང་འཁོན་དུ་འཛིན་པ་མེད་ཅིང་སྙིང་རྗེར་གྱུར་པའི་ [279A]༄༅། །ཡིད་ཀྱིས་བྱའོ། །མ་བྱིན་པར་ལེན་པ་ལས་སླར་ལྡོག་པར་བྱ་སྟེ། དེས་གཞན་གྱིས་ཡོངས་སུ་བཟུང་བའི་ལོངས་སྤྱོད་ལ་ཆགས་པ་བསྐྱེད་པར་ཡང་མི་ བྱ་ན༑ གཞན་གྱི་ལོངས་སྤྱོད་ལ་མ་བྱིན་པར་ལེན་པ་ལྟ་སྨོས་ཀྱང་ཅི་དགོས། གཞན་དུ་ན་སེམས་ཅན་གང་དག་སེར་སྣ་ཅན་འཇུངས་པ། སྦྱིན་པ་མི་བྱེད་ཅིང་བསོད་ནམས་མི་ བྱེད་པ་དེ་དག་མཐོང་ན། གང་ཟག་དེ་ལྟ་བུ་དག་ལ་སེར་སྣ་སྤངས་པའི་ཕྱིར་བྱ་བ་ནི། མ་གཏོགས་ཏེ། བདག་གིས་ཀྱང་དེ་ལ་ཆགས་པའི་སེམས་མེད་པར་དེའི་ཆེད་དུ་སྦྱིན་པ་ སྦྱིན་པར་བྱའོ། །དུས་དུས་སུ་སྦྱིན་པའི་བསྔགས་པ་བརྗོད་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་ལ་ཆགས་པའམ་འདོད་པའི་སེམས་བསྐྱེད་པར་གྱུར་ན། གསང་བ་ པའི་བདག་པོ། དེ་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཡན་ལག་ལས་ཉམས་པས་ཆོས་འདུལ་བ་ལས་བཅོས་སུ་མེད་པའི་ལྟུང་བར་འགྱུར་བར་རིག་པར་བྱའོ། །འདོད་པས་ ལོག་པར་གཡེམ་པ་ལས་སླར་ལྡོག་པར་བྱ་སྟེ། དེས་གཞན་གྱིས་ཡོངས་སུ་བཟུང་བའི་ཆུང་མ་དང། རིགས་དང། མཚན་མ་དང། ཆོས་ཀྱིས་བསྲུངས་པ་རྣམས་ལ་ཆགས་ སེམས་ཀྱང་བསྐྱེད་པར་མི་བྱ་ན། ཡན་ལག་མ་ཡིན་པར་སྤྱོད་པའམ་དབང་པོ་གཉིས་སྤྲོད་པ་ལྟ་སྨོས་ཀྱང་ཅི་དགོས། གཞན་དུ་ན་དངོས་པོ་དེ་ལྟ་བུ་དག་ལ་བྱ་བ་ནི། མ་ [279B] །བརྫུན་དུ་སྨྲ་བ་ལས་སླར་ལྡོག་པར་བྱ་སྟེ། དེས་ཆེད་དུ་བསམས་ཏེ་གང་གིས་སངས་རྒྱས་ཀྱི་བྱང་ཆུབ་བསླུས་པར་འགྱུར་བའི་ཚིག་སྲོག་གི་ཕྱིར་ཡང་སྨྲ་བར་མི་བྱའོ། །འདི་ ལྟར་སངས་རྒྱས་ཀྱི་བྱང་ཆུབ་ལས་འདའ་བར་འགྱུར་བ་དེ་ནི་གསང་བ་པའི་བདག་པོ། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་གནས་པའི་རྫུན་ཆེན་པོ་ཡིན་ནོ། །གསང་བ་པའི་བདག་པོ་ རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་བདེན་པའི་ཚིག་ཡོངས་སུ་མི་གཏང་བར་རིག་པར་བྱའོ། །གསང་བ་པའི་བདག་པོ། གཞན་ཡང་ཚིག་རྩུབ་མོ་ལས་སླར་ལྡོག་པར་བྱ་སྟེ། དེས་ སེམས་ཅན་རྣམས་ལ་མཉན་པ་དང། འཇམ་པ་དང། ཡིད་ལ་འབབ་པའི་ཚིག་དེ་ལྟ་བུའི་ཚིག་སྨྲ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་གསང་བ་པའི་བདག་པོ། འདི་ལྟ་སྟེ། བྱང་ཆུབ་སེམས་ དཔའ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཐོག་མར་འགྲོ་བ་ནི་ཚིག་འཇམ་པ་ཡིན་པའི་ཕྱིར་རོ། །གཞན་དུ་ན་སེམས་ཅན་འགྲོ་བ་མི་བཟད་པའི་རྒྱུ་ཅན་རྣམས་ལ་གནས་དེ་དང་དེ་དག་ཏུ་ བྱང་ཆུབ་སེམས་དཔའི་ཚིག་རྩུབ་པོར་སྨྲ་བ་ནི། མ་གཏོགས་སོ་།གསང་བ་པའི་བདག་པོ། གཞན་ཡང་ཕྲ་མར་སྨྲ་བ་ལས་སླར་ལྡོག་པར་བྱ་སྟེ། དེས་ན་ཅི་ནས་ཀྱང་དབེན་དུ་མི་འགྱུར་བ་དང་ གནོད་པར་མི་འགྱུར་བ་དེ་ལྟར་བསྒྲུབ་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ནི། སེམས་ཅན་དབྱེ་བ་ལ་ཞུགས་པ་མ་ཡིན་ནོ། །གཞན་དུ་ན་སེམས་ཅན་རྣམས་ལ་ལྟ་བའི་གནས་དེ་ལྟ་བུ་ [280A]༄༅། །དག་ཏུ་བྱིང་བར་གྱུར་པ་མཐོང་ན་ཅི་ནས་ཀྱང་སེམས་ཅན་དེ་དག་འདི་ལྟར་ཐམས་ཅད་མཁྱེན་པའི་ཚུལ་གཅིག་པ་འདི་ལ་རབ་ཏུ་གནས་པར་འགྱུར་བ་དེ་ལྟ་བུའི་ རྣམ་པས་རབ་ཏུ་འབྱེད་པར་བྱེད་པ་ནི། མ་གཏོགས་སོ། །གསང་བ་པའི་བདག་པོ། གཞན་ཡང་བྱང་ཆུབ་སེམས་དཔས་ཚིག་ཁྱལ་པར་སྨྲ་བ་ལས་སླར་ལྡོག་པར་བྱ་སྟེ། དེས་ཡུལ་ དང། དུས་དང། དོན་དང་ལྡན་པ། དོན་གྱི་རྗེས་སུ་འཇུག་པ། སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་བ། རྣ་བའི་ལམ་རྣམ་པར་སྤྱོད་པ་དེ་ལྟ་བུའི་ཚིག་སྨྲ་བར་བྱའོ། །དེ་ཅིའི་ཕྱིར་ ཞེ་ན༑ བྱང་ཆུབ་སེམས་དཔའ་ནི། ཚིག་སྣ་ཚོགས་དང་ལྡན་པ་ཡིན་ནོ། །གཞན་དུ་ན་བྱང་ཆུབ་སེམས་དཔས་སྒྲུང་གི་གཏམ་གླེང་བ་སྔོན་དུ་བྱས་ཏེ། སེམས་ཅན་རྣམས་མགུ་བར་ བྱས་ནས་སངས་རྒྱས་ཀྱི་ཆོས་ལ་རབ་ཏུ་དགོད་པར་འདོད་པས་དོན་དང་མི་ལྡན་པའི་ཚིག་ཀྱང་སྨྲ་བར་བྱ་བ་ནི། མ་གཏོགས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔས་འཁོར་བ་ན་རྒྱུ་ཡང་ བར་དུ་གཅོད་པ་མེད་པར་འགྱུར་རོ། །གསང་བ་པའི་བདག་པོ། གཞན་ཡང་བྱང་ཆུབ་སེམས་དཔས་བརྣབ་སེམས་ལས་སླར་ལྡོག་པར་བྱ་སྟེ་དེས་གཞན་གྱི་ལོངས་སྤྱོད་དང་གཞན་ གྱི་ནོར་ལ་ཆགས་པའི་སེམས་ཀྱང་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི། སེམས་ཞུམ་པ་མ་ཡིན་ནོ་།གལ་ཏེ་བྱང་ཆུབ་སེམས་དཔའ་བདག་ལ་སེམས་ [280B] ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོའི་ཕྱོགས་གཅིག་ལས་ཉམས་པར་འགྱུར་རོ། །གསང་བ་པའི་བདག་པོ། བྱང་ཆུབ་སེམས་དཔས་རབ་ཏུ་དགའ་བ་སྐྱེད་ཅིང་དེས་འདི་ ལྟར་བསམ་པར་བྱའོ། །གང་དག་གིས་བྱ་དགོས་བ་དེ་དག་གིས་རབ་ཏུ་འབྱོར་པར་གྱུར་པ་དེ་ལེགས་སོ་སྙམ་ནས་སེམས་ཅན་དེ་དག་གིས་ལོངས་སྤྱོད་དེ་དག་ཆུད་མི་ཟ་བ་ལ་ཡང་དང་ཡང་ དུ་དགའ་བ་བསྐྱེད་པར་བྱའོ། །གསང་བ་པའི་བདག་པོ། གཞན་ཡང་གནོད་སེམས་ལས་སླར་ལྡོག་པར་བྱ་སྟེ། དེས་ཐམས་ཅད་དུ་བཟོད་པ་མང་བ་དང། བྱམས་པ་དང། ཁོང་ཁྲོ་བ་མེད་ ཅིང་སེམས་སྙོམས་པར་བྱའོ། །དེས་མཛའ་བོ་ལ་ཇི་ལྟ་བ་བཞིན་དུ་དགྲ་ལའང་དེ་བཞིན་དུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི། ཡིད་ཀྱིས་གནས་ངན་ལེན་དང་ལྡན་པ་མ་ ཡིན་གྱི༑ བྱང་ཆུབ་སེམས་དཔའ་ནི། རང་བཞིན་གྱི་བསམ་པ་ཡོངས་སུ་དག་པ་ཡིན་ནོ། །གསང་བ་པའི་བདག་པོ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་གནོད་སེམས་དང་བྲལ་བར་བྱའོ།། གསང་བ་པའི་བདག་པོ། གཞན་ཡང་བྱང་ཆུབ་སེམས་དཔས་ལོག་པར་ལྟ་བ་མེད་པར་བྱ་སྟེ། དེས་ཡང་དག་པར་ལྟ་བ་དང། འཇིག་རྟེན་ཕ་རོལ་ལ་འཇིགས་པར་ལྟ་བ་དང། གཡོ་མེད་པ་ དང༑ གྱ་གྱུ་མེད་པ་དང། སྒྱུ་མེད་པ་དང། དྲང་བ་དང། སངས་རྒྱས་དང། ཆོས་དང། དགེ་འདུན་ལ་བསམ་པ་ངེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ། ལོག་པར་ལྟ་བ་ནི་ [281A]༄༅། །བྱང་ཆུབ་སེམས་དཔའི་ཁ་ན་མ་ཐོ་བ་ཆེན་པོ་སྟེ། དགེ་བའི་རྩ་བ་ཐམས་ཅད་གཅོད་པར་འགྱུར་བའོ། །འདི་ནི། མི་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཕྱི་མའོ། ། གསང་བ་པའི་བདག་པོ། དེ་ལྟ་བས་ན། ཐ་ན་བཞང་གང་ཙམ་དུ་ཡང་ལོག་པར་ལྟ་བ་བསྐྱེད་པར་མི་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་ རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་རྣམས་ལ་དགེ་བ་བཅུའི་ལས་ཀྱི་ལམ་འདི་རྣམས་ཀྱི་སྡོམ་པ་ཉམས་པ་དང། ཤིན་ཏུ་རྩ་བ་ནས་ཆད་ པར་མི་འགྱུར་བ་དང། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་རྒྱལ་སྲིད་ཀྱི་དབང་ཕྱུག་དང། ཁྱིམ་དང། ཆུང་མ་དང། བུ་དང། བུ་མོ་དང། ཉེ་དུ་དང། སྣག་གི་གཉེན་ མཚམས་ཀྱིས་ཡོངས་སུ་བསྐོར་ཅིང་ལྷ་དང་མིའི་བདེ་བ་མྱོང་པར་བགྱིད་ཀྱང་ཇི་ལྟར་ལྟུང་བར་མི་འགྱུར་བ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ། ལེགས་སོ་ལེགས་སོ། །གསང་བ་པའི་བདག་པོ། དེའི་ཕྱིར་ཉོན་ལ་ལེགས་པར་ རབ་ཏུ་ཡིད་ལ་ཟུངས་ཤིག་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུལ་བའི་ལྟུང་བ་རྣམ་པར་ངེས་པ་ལ་མཁས་པར་བཤད་དོ། །གསང་བ་པའི་བདག་པོ། དེ་ལ་བྱང་ཆུབ་སེམས་ [281B] རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟར་ཁྱིམ་པ་དང། རབ་ཏུ་བྱུང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི། ཁྱིམ་ན་གནས་ཤིང་བསླབ་པའི་གཞི་ལྔ་བཟུང་སྟེ་ ཐབས་དང་ཚུལ་སྣ་ཚོགས་ཀྱིས་རྒྱལ་སྲིད་ལ་དབང་བྱེད་དོ་།གསང་བ་པའི་བདག་པོ། དེ་ལ་བྱང་ཆུབ་སེམས་དཔའ་ཡུལ་དང་དུས་ཀྱི་དབང་གིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པ་ ནི༑ འདི་ལྟར་ཐབས་ཀྱིས་ཡོངས་སུ་ཟིན་པར་གླུ་དང། རོལ་མོ་དང་མིག་འཕྲུལ་ལ་སོགས་པ་བཟོའི་གནས་རྣམ་པ་སྣ་ཚོགས་སྟོན་ཅིང་ཐབས་དང་ཚུལ་དེ་དང་དེ་དག་གིས་བསྡུ་བའི་དངོས་ པོ་བཞིས་སེམས་ཅན་རྣམས་ཡོངས་སུ་སྡུད་དེ། དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་ཕྱིར་རོ། །དེ་ལ་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ ལོག་པར་གཡེམ་པ་དང། བརྫུན་དུ་སྨྲ་བ་དང། ལོག་པར་ལྟ་བ་རབ་ཏུ་སྤངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པས་བསླབ་པའི་གཞི་དེ་ལྔ་བཟུང་ནས་བསླབ་པ་ཇི་སྐད་བསྟན་པ་ རྣམས་ལ་སློབ་ཅིང་དད་པས་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་རྗེས་སུ་བསླབ་པར་བྱའོ། །འདུས་མ་བྱས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་བླ་ན་མེད་པ་དེ་བཞིན་གཤེགས་པས་བསྔགས་པ་ལ་ གནས་ཏེ། འདུས་བྱས་ཀྱི་ཚུལ་ཁྲིམས་ལ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པར་སྤྱོད་ཅིང་ལྟུང་བའི་རྩ་བ་བཞི་ནི། སྲོག་གི་ཕྱིར་ཡང་ཡོངས་སུ་ཉམས་པར་མི་བྱའོ། །བཞི་གང་ཞེ་ན་ [282A]༄༅། །འདི་ལྟ་སྟེ། དམ་པའི་ཆོས་སྤོང་བ་དང། བྱང་ཆུབ་ཀྱི་སེམས་གཏོང་བ་དང། སེར་སྣ་བྱེད་པ་དང། སེམས་ཅན་ལ་གནོད་པར་བྱེད་པའོ། །དེ་ཅིའི་ཕྱིར་ ཞེ་ན༑ འདི་དག་ནི། ཐབས་དང། ཤེས་རབ་ཏུ་མི་ལྡན་པ་རང་བཞིན་གྱིས་ཉོན་མོངས་པ་ཅན་ཏེ། སླར་གསོར་མི་རུང་བའོ། །དེ་ཅིའི་ཕྱིར་ཞེ་ན། གང་དག་འདས་པའི་སངས་རྒྱས་ དང། །དེ་བཞིན་གང་དག་མ་བྱོན་དང། །གང་ཡང་ད་ལྟའི་མགོན་པོ་རྣམས། །ཐབས་དང་ཤེས་རབ་ལྡན་པ་ལ། །བསླབས་ནས་བླ་མེད་བྱང་ཆུབ་ནི། །འདུས་མ་བྱས་པ་དེས་འཐོབ་ བོ༑ ༑ཐབས་དང་མི་ལྡན་ཡེ་ཤེས་དང། །བསླབ་པ་དག་ཀྱང་བཤད་པ་ནི། །དཔའ་བོ་ཆེན་པོ་ཉན་ཐོས་རྣམས། །དེ་ལ་གཟུད་པའི་ཕྱིར་བཤད་དོ། །རྣམ་པར་སྣང་མཛད་ཆེན་པོ་ མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པའི་བྱིན་གྱིས་རློབ་པ་ལས། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་དང་ལྡན་པ་རིམ་པར་ཕྱེ་བའོ།། །།བམ་པོ་ བདུན་པ། དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་གཟིགས་ཏེ་བསྟན་པ་དོན་ཡོད་པར་གྲུབ་པར་བཞེད་ནས་གསང་ སྔགས་ཐམས་ཅད་ཀྱི་དབང་ཕྱུག་གསང་སྔགས་ཀྱི་རྒྱལ་པོ་གསང་སྔགས་ཐམས་ཅད་ཀྱི་མགོན་པོ་གཟི་བརྗིད་ཆེན་པོ། དམ་ཚིག་གསུམ་ལ་གནས་པ། ལམ་གསུམ་ [282B] ཕྱག་ན་རྡོ་རྗེ་སྟོབས་ཆེན་ལ། །འཇམ་པའི་གསུང་གིས་བཀའ་སྩལ་པ། །གསང་སྔགས་རྣམས་ཀྱི་གསང་སྔགས་མགོན། །དཔའ་བོས་ མ་ཡེངས་ཡིད་ཀྱིས་ཉོན། །དེའི་ཚེ་ཡེ་ཤེས་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཡེ་ཤེས་སྣ་ཚོགས་འབྱུང་བའི་འོད་ཟེར་བརྒྱ་འཕྲོ་བའི་གསང་སྔགས་འདི་གསུངས་སོ།། ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཨཾ། ལག་ན་རྡོ་རྗེ། འདི་ནི་གསང་སྔགས་ཐམས་ཅད་ཀྱིས། །མགོན་པོ་གཟི་བརྗིད་ཆེན་པོ་སྟེ། འདི་ནི་བདག་ཉིད་རྫོགས་སངས་རྒྱས། །ཆོས་ཀུན་ དབང་ཕྱུག་ཐུབ་པ་ཡིན། །མི་ཤེས་མུན་ནག་ཀུན་འཇོམས་པ། །ཉི་མ་ཤར་བ་བཞིན་དུ་སྣང། །ཐུབ་པ་ཆེན་པོ་བདག་ཉིད་ཀྱིས། །འདི་ལྟ་བུར་ནི་བྱིན་བརླབས་ཏེ། །སེམས་ཅན་རྣམས་ ལ་ཕན་བཞེད་ཕྱིར། །སྤྲུལ་པ་རྣམས་ནི་སྤྲུལ་པར་མཛད། །འདི་ནི་སེམས་ཅན་རྣམས་དག་གི་སེམས་ཅན་འབྱུང་བ་ཇི་སྙེད་པ། །དེ་སྙེད་ཀྱི་ནི་སྤྲུལ་པ་ཡི། །གོ་འཕང་དམ་པ་མཛད་ པར་འགྱུར། །དེ་བས་རྣམ་པ་ཐམས་ཅད་དུ། །རྫོགས་སངས་རྒྱས་ཀྱི་ཐབས་འདོད་པས། །ནང་གི་བདག་ཉིད་རྣམ་དག་པས། །རྟག་ཏུ་མངོན་པར་བརྩོན་པར་བྱ། །རྣམ་པར་སྣང་མཛད་ ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། ཡི་གེ་བརྒྱ་འབྱུང་བ་བསྟན་པ་རིམ་པར་ཕྱེ་བ་རྒྱས་པའོ།། །།དེ་ནས་ཡང་བཅོམ་ལྡན་ [283A]༄༅། །འདས་རྣམ་པར་སྣང་མཛད་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ། སངས་རྒྱས་བཅོམ་ལྡན་འདས་རྣམས་ གང་གི་ཚེ་ཡེ་ཤེས་ཆེན་པོ་མངོན་པར་ཤེས་པ་དབང་བསྐུར་བ་དང་ལྡན་པའི་ས་ཐོབ་པར་གྱུར་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་བདག་ཉིད་དམ་ཚིག་གསུམ་གྱི་ ལམ་ལ་གནས་པར་གཟིགས་སོ། །གསང་པ་པའི་བདག་པོ། དེའི་ཚེ་ཡང་བཅོམ་ལྡན་འདས་དེ་ཡེ་ཤེས་ཆེན་པོ་མངོན་པར་ཤེས་པ་དབང་བསྐུར་བ་དང་ལྡན་པ་གཟུངས་ཀྱི་ ཚུལ་དུ་སངས་རྒྱས་ཀྱི་མཛད་པ་ཉེ་བར་སྟོན་ཏོ། །དེ་ཉིད་ཀྱི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་མཛད་པས་དམ་ཚིག་གསུམ་གྱི་ལམ་ སྟོན་པ་ཉེ་བར་གནས་པར་འགྱུར་རོ། །གསང་བ་པའི་བདག་པོ། ངའི་གསུང་གི་འཁོར་ལོའི་དཀྱིལ་འཁོར་སྤྲུལ་པ་རྒྱ་ཆེན་པོ་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་ཁྱབ་པ་རྣམ་ པར་དག་པའི་སྒོ་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཇི་ལྟ་བ་བཞིན་དུ་མགུ་བར་བྱེད་པ། ཆོས་ཀྱི་དབྱིངས་སོ་སོར་རྣམ་པར་རིག་པར་བྱེད་པའི་སྒོ་ནི། ད་ལྟ་འདི་ལྟར་བཅོམ་ལྡན་འདས་ ཤཱཀྱ་ཐུབ་པ་འཇིག་རྟེན་གྱི་ཁམས་ནམ་མཁའི་ཁམས་ཀྱིས་ཀླས་པ་མ་ལུས་པར་སངས་རྒྱས་ཀྱི་བྱ་བ་བྱེད་པ་ལ་ཞུགས་ཀྱང་གསང་བ་པའི་བདག་པོ། དེ་ལ་སེམས་ཅན་རྣམས་ཀྱིས་ [283B] བཅོམ་ལྡན་འདས་ཀྱི་གསུང་གི་འཁོར་ལོའི་དཀྱིལ་འཁོར་འབྱུང་བ་སྟེ། སངས་རྒྱས་ཀྱི་གསུང་རྣམ་པར་བཀོད་པའི་རྒྱན་གྱི་སྙིང་པོ་འབྱུང་བའི་སངས་རྒྱས་ཀྱི་སྐུ་སེམས་ཅན་རེ་ བ་ཇི་ལྟ་བ་བཞིན་དུ་མགུ་བར་མཛད་པ་བྱུང་བ་ཡིན་ནོ། །ཞེས་བྱ་བར་རབ་ཏུ་མི་ཤེས་པ་ལ་ལྟོས། འོན་ཀྱང་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྒྱ་མཚོ་སྙེད་ཀྱི་ སྒོར་ཆོས་ཀྱི་དབྱིངས་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བ་ལ་བརྩོན་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལས་བྱུང་བ་རྣམས་འཇིག་རྟེན་གྱི་ཁམས་ཀྱི་རིས་རྒྱ་ མཚོ་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་ཅན་འདིར་ངས་ཡོངས་སུ་བཟུང་བས་བསམ་པ་སྣ་ཚོགས་པ་རྣམ་པར་དག་པའི་སྒོ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་རྣམས་ནི། ཡོངས་སུ་སྦྱོང། བྱང་ ཆུབ་ཀྱི་སྙིང་པོ་ནི། མངོན་པར་སྒྲུབ། བྱང་ཆུབ་ཏུ་ནི། མངོན་པར་རྫོགས་པར་འཚང་རྒྱ། ཆོས་ཀྱི་འཁོར་ལོ་ནི། བསྐོར། སངས་རྒྱས་ཀྱི་མཛད་པ་ནི། བྱིན་གྱིས་རློབ་ཅིང། དེའི་གོང་དུ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འདོད་པས་སེམས་ཚད་མེད་པའི་ཕྱིར་ལུས་ཚད་མེད། ལུས་ཚད་མེད་པའི་ཕྱིར་ཡེ་ཤེས་ཚད་མེད། ཡེ་ཤེས་ཚད་མེད་པའི་ཕྱིར་ སེམས་ཅན་ཚད་མེད། སེམས་ཅན་ཚད་མེད་པའི་ཕྱིར་ནམ་མཁའི་ཁམས་ཚད་མེད་པ་རབ་ཏུ་འཐོབ་བོ། །གསང་བ་པའི་བདག་པོ། དེ་ལྟར་ན་སེམས་ཅན་ཚད་མེད་པས་ཚད་མེད་པ་བཞི་ [284A]༄༅། །རབ་ཏུ་ཐོབ་པར་འགྱུར་རོ། །ཐོབ་ནས་ཀྱང་སྟོབས་བཅུའི་སྟོབས་དང་ལྡན་པ། བདུད་བཞི་ལས་རྒྱལ་བ། ཁྱུ་མཆོག་དང་སེངྒེའི་སྒྲ་སྒྲོག་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །རྫོགས་སངས་རྒྱས་ཀྱིས་གསུངས་པ་ཡི། །སྙིང་པོ་སྒོ་བརྒྱ་འདི་བཟླས་ནས། །གོ་འཕང་དམ་པ་འདི་དག་ཀུན། །དཔའ་བོ་དེ་དག་རྣམས་ཀྱིས་ རྟོགས། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། འབྲས་བུའི་སྦྱོར་བ་བསྟན་པ་རིམ་པར་ཕྱེ་བའོ།། །།དེ་ ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །སངས་རྣམས་ཀྱི་ནི་སྔགས་འབྱུང་བའི། །སྔགས་ཀྱི་མགོན་པོ་འདི་བཤད་པ། ། ངོ་མཚར་ཆེའི་བཅོམ་ལྡན་འདས། །ཐུབ་པ་ཆེན་པོ་གནས་གང་དུ་།གང་གིས་ཇི་ལྟར་འཚལ་བར་བགྱི། །དེ་ལ་སྔགས་རྣམས་འབྱུང་བ་ནི། །གང་གིས་ཇི་ལྟར་བདག་ལ་གསུངས། ། མགོན་པོ་སྨྲ་བ་རྣམས་ཀྱི་མཆོག་འདི་ཀུན་བདག་ལ་བཤད་དུ་གསོལ་།དེ་སྐད་གསོལ་ནས་བཅོམ་ལྡན་འདས། །ཆོས་ཀྱི་དབང་ཕྱུག་ཐུབ་པ་ཆེ། །ཀུན་མཁྱེན་བཅོམ་ལྡན་སྣང་ མཛད་ཀྱིས། །དེ་ཚེ་འཇིག་རྟེན་ཁམས་ཀུན་ཏུ། །ཡོངས་སུ་ཁྱབ་པར་གྱུར་པའི་ཚིག་འཇམ་པའི་གསུང་གིས་བཀའ་སྩལ་པ། །ལག་ན་རྡོ་རྗེ་མཐུ་བོ་ཆེ། །སེམས་དཔའ་ཆེན་པོ་ལེགས་སོ་ [284B] །སངས་རྒྱས་རྣམས་ཀྱི་གསང་བའི་མཆོག་ངོ་མཚར་ཆེན་པོ་རབ་ཏུ་གསང། །རྟོག་གེ་ཀུན་གྱིས་མི་ཤེས་པ། །ཐམས་ཅད་ཁྱོད་ལ་བཤད་པར་བྱ། །གང་དག་ཐེག་ཆེན་དཀྱིལ་ འཁོར་འདི། །སྙིང་རྗེ་འབྱུང་བར་དབང་བསྐུར་ཅིང། །གང་དག་དྲང་ཞིང་མཉེན་པ་དང། །རྟག་ཏུ་སྙིང་རྗེ་གང་ཆེ་དང་།གང་དག་ནམ་ཡང་བྱང་ཆུབ་ལ། །དམིགས་པ་ཅན་དུ་མི་ལྟ་བ། །དེ་དག་ རྣམས་ཀྱི་སྙིང་པོ་ནི། །བདག་ཉིད་ཆེན་པོ་ཤེས་པར་འགྱུར། །འདྲེན་པ་གང་ན་བཞུགས་པ་ཡི། །དེ་ཡི་གནས་ནི་སྙིང་ག་སྟེ། །པདྨ་ཡིད་ལས་བྱུང་བ་ནི། །འདབ་མ་བརྒྱད་པ་རབ་མཛེས་ལ།། དཀྱིལ་འཁོར་ཟླ་བ་ལྟ་བུ་ནི། །དྲི་མེད་མེ་ལོང་འདྲ་བ་ལ། །དེ་ལ་གསང་སྔགས་མགོན་པོ་ནི། །མཐུ་ཆེན་རྟག་ཏུ་གནས་པ་བཞུགས། །གསེར་གྱི་ཁ་དོག་འབར་དང་བཅས། །སྡིག་དང་བྲལ་ བའི་ཏིང་འཛིན་གནས། །ཉི་མ་བཞིན་དུ་བརྟག་པར་དཀའ། །དེ་ཡིས་འགྲོ་བ་འདི་དག་ཀུན། །ཕྱི་རོལ་དང་ནི་ནང་དུ་ཡང། །ཀུན་ཏུ་ཁྱབ་པར་བྱིན་གྱིས་བརླབས། །མེ་ལོང་ཡིད་དུ་ཤེས་ པར་བྱོས། །ཤེས་རབ་མིག་ཀྱང་དེ་ཉིད་དེ། །སྔགས་པ་ཤེས་རབ་མིག་གིས་སུ། །མེ་ལོང་ལ་ནི་རྣམ་བལྟས་ན། །དེ་ནི་རང་གཟུགས་རྫོགས་སངས་རྒྱས། །མཚན་ཉིད་རབ་ཏུ་ཞི་བར་ མཐོང། །དེ་ཚེ་ལུས་ལ་ལུས་ཀྱི་གཟུགས། །ཡིད་ལ་ཡིད་ལས་བྱུང་བ་ནི། །དག་ཅིང་རྣམ་པར་མཛེས་པ་དག་བདག་གི་ལས་ཀྱིས་བྱུང་བར་གྱུར། །དེ་ནས་དེ་ཡི་འོད་ཟེར་ནི། །གང་གིས་ [285A]༄༅། །སྔགས་པ་སངས་རྒྱས་ཀྱིས། །སྤྱོད་པ་ཐམས་ཅད་རབ་བྱེད་པ། །ཀུན་ནས་རྣམ་པར་སྣང་བར་འགྱུར། །དེ་བཞིན་བདག་ཉིད་དག་པ་ཡིས། །བལྟས་པའམ་ནི་ སྨྲས་པས་ཀྱང། །ཡིད་ལ་བསམ་པའི་དགོས་པ་ནི། །ཐམས་ཅད་བྱེད་པར་འགྱུར་བ་ཉིད། །གསང་བ་པའི་བདག་པོ། །གཞན་ཡང་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་འདི་ལྟར་ལུས་ལ་ལུས་ཀྱི་གཟུགས་བསྐྱེད་པར་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལས་ལྷག་པ་ནི། གང་ཡང་ མེད་དེ༑ ཇི་ལྟར་བདག་གི་མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ལ་སོགས་པ་འབྱུང་བ་ཆེན་པོ་བཞིའི་ནང་དུ་གཏོགས་པ་ཡིན་ལ། དེ་དག་ཀྱང་ངོ་བོ་ཉིད་ སྟོང་པ༑ མིང་ཙམ་གྱིས་བསྡུས་པ། ནམ་མཁའ་དང་མཚུངས་ཤིང་འདྲ་བ། གཟུང་དུ་མེད་པ། རྒྱུ་དང་ལས་ལས་བྱུང་བ་སྟེ། གཟུགས་བརྙན་དང་འདྲ་བ་དེ་བཞིན་དུ་དེ་བཞིན་ གཤེགས་པ་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་དག་ཀྱང་ཕན་ཚུན་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུན་མ་ཆད་པར་འབྲེལ་པ་སྟེ། གང་ལ་བརྟེན་ནས་སྐྱེས་ པ་དེ་ནི། གཟུགས་བརྙན་དང་འདྲ་བར་འབྱུང་ངོ། །དེ་ལྟ་བས་ན་ཕན་ཚུན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ལྷ་གང་ཡིན་པ་དེ་བདག་ཡིན། བདག་གང་ཡིན་པ་དེ་ནི། ལྷ་ཡིན་ [285B] ༑ཞེས་དེ་ལྟར་ལུས་ཀྱི་གཟུགས་ལྷའི་སྐུར་བསྐྱེད་པར་བྱའོ། །གསང་བ་པའི་བདག་པོ། ཆོས་ལ་བརྟེན་ནས་རྟོགས་པ་འབྱུང་རྟོགས་པ་ལ་བརྟེན་ནས་ཀྱང་ཆོས་འབྱུང་བ་ལ་ལྟོས། དེ་ གཉིས་ཀྱང་རང་བཞིན་གྱིས་སྟོང་པའི་ཕྱིར་ཕན་ཚུན་བྱེད་པ་པོ་དང། ལས་སུ་རྣམ་པར་འཇོག་པར་ཡང་མི་བྱེད་དོ། །གསང་བ་པའི་བདག་པོ། ཇི་ལྟར་ན་ཡིད་ལ་ཡིད་ལས་བྱུང་བའི་ གཟུགས་བསྐྱེད་པར་བྱ་ཞེ་ན། གསང་བ་པའི་བདག་པོ། འདི་ལྟ་སྟེ་དཀར་པོའམ། སེར་པོའམ། དམར་པོ་ཡིད་ལ་བྱས་ན། ཡིད་དེའི་རྣམ་པ་ལ་ཞེན་པར་གྱུར་ཏེ། དེས་ན་དེ་ ལྟ་བུའི་དགོས་པ་ཡང་དེ་ལྟ་བུ་ཁོ་ན་མངོན་པར་སྒྲུབ་པར་བྱེད་དོ། །གསང་བ་པའི་བདག་པོ། འདི་ལྟ་སྟེ། ཡིད་ལ་དཀྱིལ་འཁོར་བསམས་ནས་སུ། །རིམས་ནད་ཅན་ལ་བཞག་ན་ནི། ། དེ་ཡི་མོད་ལ་སྐྱེ་བོ་ནི། །རིམས་ལས་ཐར་འགྱུར་དགོས་པ་མེད། །ཡིད་མེད་པར་ཡང་དཀྱིལ་འཁོར་ཡོད་པ་མ་ཡིན་ལ། དཀྱིལ་འཁོར་མེད་པར་ཡང་ཡིད་ཡོད་པ་མ་ཡིན་ནོ། །དེ་ཅིའི་ ཕྱིར་ཞེ་ན། དཀྱིལ་འཁོར་དང་མཚན་ཉིད་གཅིག་པའི་ཕྱིར་རོ་།གསང་བ་པའི་བདག་པོ། འདི་ལྟ་སྟེ། སྒྱུ་མ་མཁན་གྱིས་སྒྱུ་མའི་མི་གཞན་ཞིག་སྤྲུལ་ན། གསང་བ་པའི་བདག་པོ་ དེ་ཇི་སྙམ་དུ་སེམས། དེ་ལ་ཁྱད་པར་ཅི་ཞིག་ཡོད། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །མི་དེ་གཉིས་ [286A]༄༅། །ག་ལ་ཡང་ཁྱད་པར་མ་མཆིས་སོ། །བཅོམ་ལྡན་འདས། དེ་ཅིའི་སླད་དུ་ཞེ་ན། མི་དེ་གཉི་ག་ཡང་ཡང་དག་པ་མ་ཡིན་པ་ལས་བྱུང་བ་དང། སྒྱུ་མ་ཡང་རང་ བཞིན་གྱིས་སྟོང་པའི་སླད་དུའོ། །གསང་བ་པའི་བདག་པོ། །དེ་བཞིན་དུ་ཡིད་ལས་བྱུང་བའི་དངོས་པོ་དང། ཡིད་གང་ཡིན་པ་དེ་གཉི་ག་ཡང་རྣམ་པར་བརྟགས་པ་ཡིན་པའི་ཕྱིར་ ངོ་བོ་ཉིད་ཀྱིས་སྟོང་པའོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། ཡི་གེ་བརྒྱ་བ་རྣམ་པར་དགོད་པ་སྒྲུབ་པ་རིམ་ པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་བ། གསང་བ་པའི་བདག་པོ་གསང་སྔགས་ཀྱི་མགོན་ པོའི་སྐུ་དང་ལུས་སུ་དབྱེར་མེད་པ་ཉོན་ཅིག་ཡིད་ལས་གྱུར་པ་ལས་བྱུང་ཞིང། །ཡིད་ཀྱང་ཤིན་ཏུ་རྣམ་སྦྱངས་ནས། །མགོན་པོ་དེ་ན་བཞུགས་པ་ལས། །འོད་ཟེར་སྐུ་ལས་ བྱུང་བ་རྣམས། །ཡན་ལག་གང་ནི་ཡན་ལག་ནས། །རྟག་པར་ཀུན་ཏུ་རྣམ་པར་འཕྲོ། །ཚུལ་འདི་དག་ནི་མ་ཤེས་པས། །རྨོངས་པ་རྣམས་ཀྱིས་ཡོངས་མི་ཤེས། །ལུས་ཀྱི་བྱེ་བྲག་ ཇི་སྙེད་པ། །བརྗོད་པ་ལས་ནི་མང་དུ་གྱུར། །དེ་བཞིན་སྔགས་ཀྱི་མགོན་པོ་ཡི། །བྱེ་བྲག་དག་ཀྱང་གྲངས་མེད་གསུངས། །ཇི་ལྟར་ཡིད་བཞིན་ནོར་བུ་ནི། །དཔལ་ལྡན་འདོད་པའི་དོན་ [286B] ༑དེ་བཞིན་འཇིག་རྟེན་སྒྲོན་མ་ཡི། །སྐུ་ཡང་དོན་རྣམས་ཐམས་ཅད་སྒྲུབ། །གསང་བ་པའི་བདག་པོ། །ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པ་ཇི་ལྟར་དགོས་པ་ཐམས་ཅད་མངོན་ པར་སྒྲུབ་ཅེ་ན། གསང་བ་པའི་བདག་པོ། འདི་ལྟ་སྟེ། དཔེར་ན། ནམ་མཁའི་ཁམས་ནི། སེམས་ཅན་ཡང་མ་ཡིན། སྲོག་ཀྱང་མ་ཡིན། ཤེད་ལས་སྐྱེས་པ་ཡང་མ་ཡིན། བྱེད་པ་པོ་ ཡང་མ་ཡིན། ཚོར་བ་པོ་ཡང་མ་ཡིན། གཟུང་བ་པོ་ཡང་མ་ཡིན་འཛིན་པ་ཡང་མ་ཡིན་ཞིང་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་མོད་ཀྱི། འོན་ཀྱང་སེམས་ཅན་གྱི་ཁམས་ མ་ལུས་པ་རྣམས་འགྲོ་བ་དང་འོང་བ་ལ་སོགས་པ་ཐམས་ཅད་བྱེད་དེ། འདི་ལ་ནི་མི་རྟོག་པ་མེད་དོ། །དེ་བཞིན་རྣམ་པར་མི་རྟོག་པའི་།ཐམས་ཅད་མཁྱེན་པའི་གནས་མེད་འདི། །འགྲོ་བ་ རྣམས་ཀྱི་ཕྱི་དང་ནང། །ཐམས་ཅད་ངེས་པ་ཉིད་དུ་སྒྲུབ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་ཁམས་མ་ལུས་པ་རྣམ་པར་སྦྱོང་བའི་ཚིག་རྣམས་ཀྱིས་ཏིང་ངེ་འཛིན་སྒྲུབ་པའི་ ཚིག་བསམ་གྱིས་མི་ཁྱབ་པའི་ཚིག་ཡོངས་སུ་གྱུར་པའི་སྒོའི་ཚིག་གསུངས་པ། གང་གི་ཚེ་ན་ཐོག་མ་ནས། །ཅུང་ཟད་སྐྱེ་བའམ་འཇིག་མེད་པ། །དེ་ཚེ་རྣལ་འབྱོར་ཅན་དག་གི་སྟོང་པའི་ ཡེ་ཤེས་ཇི་ལྟར་སྐྱེ། །གང་ཚེ་ཆོས་ཞེས་བྱ་བ་དེ། །ངོ་བོ་ཉིད་ཀྱིས་མི་རྙེད་པ། །དེ་ཚེ་ནམ་མཁའ་འདྲ་བའི་སེམས། །བྱང་ཆུབ་འབྱུང་བ་སྐྱེ་བར་འགྱུར། །དེ་ཚེ་འཇིག་རྟེན་ཀུན་མཐུན་པའི། ། [287A]༄༅། །སྙིང་རྗེ་དག་ཀྱང་སྐྱེ་བར་འགྱུར་རོ། །མིང་ཙམ་གྱི་ནི་ཚུལ་དུ་གནས། །སངས་རྒྱས་མིང་དུ་འདི་བརྗོད་དོ། །དེ་ཚེ་སྟོང་དང་མི་སྟོང་ཞེས། །ཡང་དག་ཏུ་ནི་མིང་དུ་འདོགས།། དེ་ལ་གཅིག་གཉིས་གསུམ་ལ་སོགས། །གྲངས་ཀྱི་དབྱེ་བའང་འབྱུང་བར་འགྱུར། །དེ་ལྟར་དཔའ་བོ་སྟོང་པ་དེ། །རང་བྱུང་རྣམས་ཀྱི་བྱིན་རླབས་ལས། །ཨ་ལ་སོགས་པ་རིམ་བཞིན་ འཕེལ། །ཨ་བ་ཀ་ཁ་ག་གྷ། ཙ་ཚ་ཛ་ཛྷ། ཊ་ཋ་ཌ་ཌྷ། ཏ་ཐ་ད་དྷ། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ང་ཉ་ཎ་ན་རྣམས་ནི། གསང་བ་པའི་བདག་པོ། ཨ་ཞེས་བྱ་བའི་མཚན་ མས་བྱིན་གྱིས་བརླབས་པའི་སྟོང་པ་ཉིད་ཀྱི་མཐུ་རླབས་ཏིང་ངེ་འཛིན་གྱི་ཚུལ་སྒྲུབ་པ་ལ་ལྟོས། གསང་བ་པའི་བདག་པོ། ཨ་ཞེས་བྱ་བ་ཉིད་རྣམ་པ་སྣ་ཚོགས་སུ་བཀོད་པའི་ བདག་ཉིད་དུ་གནས་སོ། །དེ་ཡང་ཆོས་ཐམས་ཅད་མ་སྐྱེས་པའོ་།ཞེས་རང་གི་ངོ་བོ་ཉིད་མངོན་པར་སྟོན་ཏོ། །ཁ་ཅིག་ཏུ་ནི་བརྗོད་དུ་མེད་པའི་དོན་དུ་བའི་གཟུགས་ཀྱིས་ སྟོན་ཏོ། །ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་དགོས་པ་དང་བྲལ་བའི་དོན་དུ་ཀའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་ནམ་མཁའ་དང་འདྲའོ། །ཞེས་ཁའི་ གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་འགྲོ་བ་མེད་པར་གའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་གཅིག་ཏུ་འཕུངས་པ་མེད་པར་གྷའི་ [287B] །ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་འཆི་འཕོ་མེད་པའོ་ཞེས་ཙའི་གཟུགས་ཀྱིས་སྟོན་ཏོ། ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་སྟོན་ཀའི་སྤྲིན་དང་འདྲའོ། །ཞེས་ཚའི་གཟུགས་ ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པར་ཛའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་རྙོག་པ་དང་བྲལ་བའོ། །ཞེས་ཛྷའི་གཟུགས་ཀྱིས་སྟོན་ཏོ། །ཁ་ ཅིག་ཏུ་ནི། ཆོས་ཐམས་ཅད་ང་རྒྱལ་དང་བྲལ་བའོ། །ཞེས་ཊའི་གཟུགས་ཀྱིས་སྟོན་པའོ། །ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་བསྐྱེད་པ་དང་བྲལ་བའོ། །ཞེས་ཋའི་གཟུགས་ཀྱིས་སྟོན་ཏོ། ། ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་འཁྲུག་པ་དང་བྲལ་བའོ། །ཞེས་ཌའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་སླུ་བ་དང་བྲལ་བའོ། །ཞེས་ཌྷའི་གཟུགས་ཀྱིས་སྟོན་ཏོ། །ཁ་ ཅིག་ཏུ་ནི། ཆོས་ཐམས་ཅད་དེ་བཞིན་ཉིད་དང་བྲལ་བའོ། །ཞེས་ཏའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་གནས་པ་དང་བྲལ་བའོ། །ཞེས་ཐའི་གཟུགས་ཀྱིས་སྟོན་ཏོ། །ཁ་ ཅིག་ཏུ་ནི། ཆོས་ཐམས་ཅད་སྦྱིན་པ་དང་བྲལ་བའོ། །ཞེས་དའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་ཁམས་དམིགས་སུ་མེད་པའོ། །ཞེས་དཧའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ ཆོས་ཐམས་ཅད་ལ་དོན་དམ་པའི་བདེན་པ་དམིགས་སུ་མེད་པའོ་ཞེས་པའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་དབུ་པ་ལྟར་སྙིང་པོ་མེད་པའོ། །ཞེས་ཕའི་གཟུགས་ཀྱིས་ [288A]༄༅། །སྟོན་ཏོ༑ ༑ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་ལ་སྤིད་པ་དམིགས་སུ་མེད་དོ། །ཞེས་བཧའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་ལ་འཆི་བ་དམིགས་ སུ་མེད་དོ། །ཞེས་མའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་ལ་ཐེག་པ་དམིགས་སུ་མེད་པའོ། །ཞེས་ཡའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི། ཆོས་ཐམས་ ཅད་རྡུལ་དང་བྲལ་བའོ། །ཞེས་རའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་མཚན་ཉིད་དམིགས་སུ་མེད་དོ། །ཞེས་ལའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ ཆོས་ཐམས་ཅད་ཞི་བ་དང་བྲལ་བའོ། །ཞེས་ཤའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་བེམ་པོའོ་།ཞེས་ཥའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ ནི༑ ཆོས་ཐམས་ཅད་ལ་བདེན་པ་དམིགས་སུ་མེད་དོ། །ཞེས་སའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི། ཆོས་ཐམས་ཅད་རྒྱུ་དང་བྲལ་བའོ་།ཞེས་ཧའི་གཟུགས་ཀྱིས་སྟོན་ཏོ། ། གསང་བ་པའི་བདག་པོ། དེ་ལྟར་ན་ཏིང་ངེ་འཛིན་སྒྲུབ་པའི་སྒོ་རེ་རོ་ལ་ཡང་ཏིང་ངེ་འཛིན་སྒྲུབ་པའི་སྒོ་སུམ་ཅུ་རྩ་གཉིས་སུ་རིག་པར་བྱའོ། །གསང་བ་པའི་བདག་པོ། སྐྱེས་བུ་ཆེན་པོའི་མཚན་ སུམ་ཅུ་རྩ་གཉིས་གང་ཡིན་པ་དེ་དག་ཀྱང་འདི་དག་ཉིད་ལས་བྱུང་བ་ལ་ལྟོས། ང་དང། ཉ་དང། ཎ་དང། ན་རྣམས་ནི། ཏིང་ངེ་འཛིན་ཐམས་ཅད་ལ་དབང་བྱེད་པ་སྟེ། དེ་རྣམས་ལས་ཡང་དག་པར་ [288B]མངོན་པར་འགྲུབ་པར་བལྟའོ། །གསང་བ་པའི་བདག་པོ། །དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་ དཔའི་སྤྱད་པ་སྤྱོད་པས་འདི་ལྟར་སངས་རྒྱས་ཀྱི་དགོངས་པ་མཐར་ཕྱིན་པ་སེམས་བཅུ་རྣམ་པ་བཅུར་བསྒྱུར་བའི་ཚད་ལས་ཡི་གེ་བརྒྱ་འབྱུང་བའི་དམ་ཚིག་བསྟན་པར་ཤེས་པར་བྱའོ། །རྫོགས་ སངས་རྒྱས་ཀྱིས་འདི་དག་ཀུན། །ཆུབ་པར་བྱས་ཤིང་རྒྱས་པར་བྱས། །ལའང་ཐམས་ཅད་ཡོད་པས་ན། །ང་ནི་རྒྱལ་མཆོག་ཀུན་སངས་རྒྱས། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་ པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། བདག་ཉིད་སྒྲུབ་པའི་རིམ་པར་ཕྱེ་བའོ།། །།གསང་བ་པའི་བདག་པོ་གཞན་ཡང་འདི་དག་ཐམས་ཅད་ནི། ཏིང་ངེ་འཛིན་གྱི་ཚུལ་ སྒྲུབ་པའི་ཚིག་རྣམས་ཏེ། སྟོང་པ་ཉིད་འདིས་བྱིན་གྱིས་བརླབས་ན་ཆོས་ཐམས་ཅད་ལ་དབང་མཛད་པ་རྫོགས་པའི་སངས་རྒྱས་ཇི་ལྟ་བ་བཞིན་དུ་འགྱུར་རོ། །དེ་བས་ཡི་གེ་ལྷ་ཡིན་ཏེ། །ཨ་ ཞེས་བྱ་བ་གོ་འཕང་མཆོག་ཡི་གེ་རྣམས་ཀྱིས་ཡོངས་བསྐོར་ཅིང་།ཐམས་ཅད་དུ་ཡང་རྣམ་པར་སྣང། །ལྷ་དེ་མཚན་ཉིད་མེད་པ་སྟེ་།མཚན་གཞི་མཚན་ཉིད་སྤངས་པ་དང། །མཚན་ཉིད་ མེད་པའི་ལྷ་ལས་ནི། །མཚན་ཉིད་འདི་དག་བྱུང་བར་གྱུར། །སྒྲ་ལས་སུ་ནི་ཡི་གེ་འབྱུང། །ཡི་གེ་ལས་ནི་གསང་སྔགས་འབྱུང་།སྔགས་ལས་འབྲས་བུ་འབྱུང་བར་ཡང། །སྐྱོབ་པ་རྣམས་ནི་ཀུན་ [289A]༄༅། །གྱིས་གསུངས། །སྒྲ་ནི་སྟོང་པར་ཤེས་བྱ་སྟེ། །དེས་ནི་འདི་ཀུན་སྟོང་པ་ཡིན། །མི་རྟོག་བཞིན་དུ་ཇི་ལྟ་བར། །དེས་ནི་འདི་ཀུན་སྟོང་པར་བྱ། །སྟོང་མིན་སྒྲ་ཡང་ ཡོད་མ་ཡིན། །སྦྱོར་བ་དག་ཀྱང་ཀུན་ཏུ་བསྟན། །སྒྲ་དེ་རྟོགས་པར་གྱུར་པ་ནི། ལྷ་ཡི་གནས་དང་ཏིང་ངེ་འཛིན། །ཡི་གེ་དགོད་པར་སྦྱར་བ་དང། །ཡི་གེ་རྣམས་ཀྱིས་ཀུན་བསྟན་པས། ། གསང་སྔགས་མང་པོ་ཞེས་བྱ་བར། །ཐ་སྙད་གདངས་པའི་གནས་སུ་འགྱུར། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ ལས། ཡི་གེ་བརྒྱ་པའི་སྔགས་ཀྱི་ཆོ་ག་རིམ་པར་ཕྱེ་བའོ།། །།ཇི་ལྟར་ནམ་མཁའི་ཕྱོགས་རྣམས་ན། །ཀུན་ལ་རྟག་པར་མི་གནས་པ། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། ། གསང་སྔགས་མགོན་པོ་མི་གནས་སོ། །ཇི་ལྟར་དངོས་རྣམས་ནམ་མཁའ་ལ། །གནས་ཤིང་རྟག་ཏུ་རྣམ་སྣང་ཡང། །དེ་ནི་གནས་སུ་མི་འགྱུར་བ། །གསང་སྔགས་མགོན་པོའང་དེ་བཞིན་ ནོ༑ ༑ནམ་མཁའ་དུས་གསུམ་ལ་སོགས་དང། །ཇི་ལྟར་བྲལ་བར་འདོད་པ་བཞིན། །དེ་ལྟར་གསང་སྔགས་མགོན་པོ་ཡང། །དུས་གསུམ་མེད་ཀྱང་རྣམ་པར་སྣང། །མིང་ཙམ་དུ་ནི་གདགས་ པའི་གནས། །བྱེད་པ་པོ་ལ་སོགས་དང་བྲལ། །ནམ་མཁའ་ལ་ནི་ཐ་སྙད་དུ། །མཁས་པ་རྣམས་ནི་འདོགས་པར་བྱེད། །མིང་མ་གཏོགས་པར་ཅུང་ཟད་ཀྱང། །ཡོད་པ་མ་ཡིན་ནམ་མཁའ་ [289B] ༑དེ་བཞིན་གསང་སྔགས་དབང་ཕྱུག་ཀྱང། །ཐ་སྙད་ཙམ་དུ་སྣང་བར་ཟད། །མེ་དང་ཆུ་དང་རླུང་མ་ཡིན། །ས་དང་ཉི་མའང་མ་ཡིན་ཞིང། །ཟླ་བ་ལ་སོགས་གཟའ་ཀུན་མིན། །ཉིན་པར་ དང་ནི་མཚན་མོའང་མིན། །སྐྱེ་བ་དང་ནི་རྒ་བའང་མིན། །འཆི་བ་དང་ནི་རྒུད་པའང་མིན། །སྐད་ཅིག་མ་ཡིན་ཡུད་ཙམ་མིན། །ལོ་ལ་སོགས་པའང་མ་ཡིན་ཞིང། །འཇིག་པ་དང་ནི་ཆགས་ པའང་མིན། །བསྐལ་པའི་གྲངས་ཀྱང་ཡོད་མ་ཡིན། །དགེ་དང་མི་དགེ་ལས་བྱུང་བའི། །འབྲས་བུའང་ཡོད་པ་མ་ཡིན་ནོ། །ཀུན་མཁྱེན་གོ་འཕང་འདོད་པ་ཡིས། །རྟོག་པ་རྣམ་པ་སྣ་ཚོགས་པ། ། དེ་ཀུན་གང་ལ་མེད་གྱུར་པ། །དེ་ལ་རྟག་ཏུ་བརྩོན་པར་བྱ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། རྫོགས་པར་བྱང་ཆུབ་ པའི་ངོ་བོ་ཉིད་བསྟན་པའི་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དམ་ཚིག་ གསུམ་ཞེས་བགྱི་བ་དེ་ཆོས་གང་གི་ཚིག་བླ་དྭགས་ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། །གསང་བ་པའི་བདག་པོ། ཁྱོད་ཀྱིས་ང་ལ་གང་ཞུས་པ་དེ་ལེགས་སོ་ལེགས་སོ། །དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ [290A]༄༅། །ལྡན་འདས། དེ་ལྟར་འཚལ་ལོ། །ཞེས་གསོལ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་ཉན་པ་དང་བཅོམ་ལྡན་འདས་ཀྱིས་དེ་ལ་འདི་ སྐད་ཅེས་བཀའ་སྩལ་ཏོ། །ཆོས་ཀྱི་ཁྱད་པར་གང་ལས་ཆོས་ཀྱི་ཁྱད་པར་རྣམ་པ་གསུམ་སྒྲིབ་པ་མེད་པའི་ཚུལ་གྱིས་འབྱུང་བར་འགྱུར་བ་དེ་ནི། དམ་ཚིག་གསུམ་སྟེ། ཆོས་ཀྱི་ཁྱད་ པར་དེ་ཡང་གང་ཞེ་ན། ཆོས་ཞེས་བྱ་བ་ནི། དང་པོའི་སེམས་ཏེ་རྣམ་པར་བསྒོམས་པའི་རང་བཞིན་དང། དེའི་རྗེས་ལ་བྱུང་བའི་ཤེས་རབ་དང། དེས་ཀྱང་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་ སུ་ཤེས་ནས་རྟོགས་པའི་དྲ་མ་ལུས་པ་དང་བྲལ་བའི་སེམས་བསྐྱེད་པ་ནི། བྱང་ཆུབ་ཀྱི་མཚན་ཉིད་དོ། །གཉིས་པ་ནི། རྣམ་པར་མི་རྟོག་པ་སྟེ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ངོ། །གསང་ བ་པའི་བདག་པོ། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ནས་ཀྱང་སེམས་ཅན་གྱི་ཁམས་མ་ལུས་པ་ལ་བལྟས་ནས་སྙིང་རྗེའི་དབང་དུ་གྱུར་པས་དམིགས་སུ་མེད་པ་དེ་ཉིད་འདི་ལྟ་སྟེ་ སྤྲོས་པ་ཐམས་ཅད་དང་བྲལ་བ་མཚན་ཉིད་མེད་པའི་བྱང་ཆུབ་ལ་སེམས་ཅན་རྣམས་རབ་ཏུ་དགོད་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་དེ་ནི། དམ་ཚིག་དེ་གསུམ་མོ། །གསང་ བ་པའི་བདག་པོ། གཞན་ཡང་དམ་ཚིག་གསུམ་གང་ཞེ་ན། དང་པོའི་སེམས་ནི་སངས་རྒྱས་ཏེ། །གཉིས་པ་ཡང་ནི་ཆོས་ཞེས་བྱ། །དེ་དང་ལྷན་ཅིག་བྱུང་བའི་སེམས། །དགེ་འདུན་ཞེས་ [290B] །དཔའ་བོ་དམ་ཚིག་དེ་གསུམ་ནི། །འདྲེན་པ་རྣམས་ཀྱིས་ཁྱོད་ལ་བཤད། །དེ་ཚེ་སྣ་ཚོགས་ཚུལ་གྱི་སོགས། །དཔའ་བོ་སེམས་ཅན་ཕན་འདོད་པས། །དམ་ཚིག་གསུམ་པོ་ འདི་དག་ལ། །གནས་ནས་བྱང་ཆུབ་སྤྱད་པ་སྤྱོད། །གསང་བ་པའི་བདག་པོ། །གང་གི་ཚེ་སྐུ་གསུམ་ལ་མངའ་མཛད་པ་དེ་དག་རྫོགས་པར་སངས་རྒྱས་པར་གྱུར་པ་དེའི་ཚེ་ཡང་དག་པར་ རྫོགས་པའི་སངས་རྒྱས་དེ་དག་འདི་ལྟར་དང་པོར་སྤྲུལ་པའི་སྐུ་གཅིག་པུར་བྱིན་གྱིས་བརླབས་ནས་བསྟན་པ་གཞག་པ་མཛད་དོ། །གསང་བ་པའི་བདག་པོ། གཞན་ཡང་སྐུ་གཅིག་པུ་དེ་ ཉིད་རྣམ་པ་གསུམ་དུ་འཇོག་པ་ནི། འདི་ལྟར་སངས་རྒྱས་དང། ཆོས་དང། དགེ་འདུན་ནོ། །གསང་བ་པའི་བདག་པོ། གཞན་ཡང་དེ་ཉིད་ཐེག་པ་གསུམ་དུ་འཇོག་པས་སྟོན་ཏོ། །དེའི་ཚེ་ སངས་རྒྱས་ཀྱི་བྱ་བ་མཐའ་དག་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་ཅིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་དོ་།གསང་བ་པའི་བདག་པོ། མི་དད་པ་དང། ལེ་ལོ་ཅན་དང་ འདུ་འཛི་ཅན་དང། སྔགས་ལ་ཡིད་མི་ཆེས་པ་དང། ཡི་ཆད་མང་པོ་ལ་སོགས་པ་མ་གཏོགས་པར་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྦྱང་པ་སྤྱོད་པ་གང་དག་དམ་ཚིག་ གསུམ་པོ་ཡོངས་སུ་ཤེས་པ་དང་ལྡན་པ། གསང་སྔགས་ཀྱི་ཆོ་ག་སྒྲུབ་པ་དེ་དག་ལ་རྟོག་པ་ལས་བྱུང་བའི་བགེགས་མེད་པ་ལ་ལྟོས་ཆང་བཏུང་བ་དང་ཁྲི་ལ་ཉལ་བ་གཉིས་ནི། མི་བྱའོ། ། [291A]༄༅། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། དམ་ཚིག་གསུམ་སྤྱད་པ་རིམ་པར་ཕྱེ་བའོ།། །། ཇི་ལྟར་དེ་བཞིན་གཤེགས་པ་ལགས། །ཇི་ལྟར་རྒྱལ་བ་མཆོག་ཏུ་འགྱུར། །ཇི་ལྟར་བྱང་ཆུབ་སེམས་དཔའ་ལགས། །ཇི་ལྟར་སངས་རྒྱས་ཞེས་ན་བགྱི། །ཐུབ་ཆེན་མགོན་པོས་ བདག་གིས་ནི། །ཐེ་ཚོམ་འདི་དག་བསལ་དུ་གསོལ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །ཐེ་ཚོམ་ཡིད་གཉིས་བསལ་ནས་སུ། །སྤྱོད་པའི་རྒྱལ་པོ་བླ་མེད་པ། །ཐེག་ ཆེན་ལ་ནི་སྤྱོད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་གཟིགས་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ བཀའ་སྩལ་པ། ལག་ན་རྡོ་རྗེ། གང་ཁྱོད་ངལ་ཞུ་བ་ལེགས་སོ་ལེགས་སོ། །དེའི་ཕྱིར་ཐེག་པ་ཆེན་པོའི་ཚུལ་བཤད་ཀྱི། ཉོན་ཅིག་བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་ཏུ་རྟོག་པ་ ཐམས་ཅད་སྤངས། །གང་ཞིག་དེ་རྟོགས་འདོད་པ་དེ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གང་གིས་ས་བཅུ་བསྒྲུབས་ནས་ནི། །དབང་བཅུ་ལེགས་རྟོགས་ཁོང་དུ་ཆུད། །སྟོང་པ་སྒྱུ་མ་འདྲ་ བའི་ཆོས། །རྣམ་པ་ཐམས་ཅད་མཁྱེན་ཅིང་འདིར། །འཇིག་རྟེན་ཀུན་གྱི་ཚུལ་མཁྱེན་པ། །སངས་རྒྱས་ཞེས་ནི་བྱ་བ་ཡིན། །ཆོས་ནི་ནམ་མཁའི་མཚན་ཉིད་དེ། །གཉིས་སུ་མེད་ཅིང་མཚན་ [291B]སྟོབས་བཅུས་རྫོགས་པར་སངས་རྒྱས་པ། །དེ་ནི་རྫོགས་སངས་རྒྱས་ཞེས་བྱ། །འདུ་ཤེས་ཙམ་ཡང་སྤངས་པའི་ཕྱིར། །ཡེ་ཤེས་རང་རིག་བྱ་བ་ ནི༑ ༑དེ་ནི་དེ་བཞིན་གཤེགས་པས་བཤད། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། དེ་བཞིན་གཤེགས་པ་བསྟན་ པ་རིམ་པར་ཕྱེ་བའོ། །ལག་ན་རྡོ་རྗེ། གཞན་ཡང་དུས་གཅིག་གི་ཆེན་ང་བྱང་ཆུབ་སེམས་དཔར་གྱུར་ཏེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་ཚངས་པའི་འཇིག་རྟེན་ན་འདུག་པ་ན་ ཚངས་པས་ང་ལ། ཀྱེ་ཚངས་པ་ཆེན་པོ། མེ་ལ་རྣམ་པ་དུ་ཡོད་པར་ཤེས་པར་བྱ་ཞེས་དྲིས་པ་དང། ངས་དེ་ལ་འདི་སྐད་ཅེས་སྨྲས་སོ། །མེ་ང་རྒྱལ་ཅན་གང་ཡིན་པ་དེ་ནི། རང་བྱུང་བའོ། །དེའི་ འོག་ཏུ་ཚངས་པའི་བུ་སྟེ། དེ་ལས་སྐྱེས་པ་ཡིན་ནོ། །འཇིག་རྟེན་པའི་མེ་པ་བ་ཀ་ཚངས་པའི་བུ་ནི་དང་པོ་ཡིན། །དེའི་བུ་ཚངས་པའི་ཟས་དེ་ཡང། །བྷ་ར་ཏ་ཞེས་བྱ་བར་བཤད། །དེའི་བུ་བཻ་ ཤྭ་ན་ར་ད། །ཧ་བ་ན་དང་སྲོག་བྱ་ལེན། །ངོས་བསྲུངས་ཨ་ཏང་བ་ན་ཡི། །བུ་ཡིན་པར་ནི་རྒྱ་མཚོར་གྲགས། །རླུང་ཞེས་བྱ་བའི་མི་དེ་ནི། །མངལ་དུ་འདུག་པའི་ཆོ་གར་བཤད། །དེ་ནས་མི་ ཁྲུས་བྱ་བ་ལ། །དེ་བཞིན་པ་བ་ནར་ཤེས། །བཀྲ་ཤིས་ཞེས་བྱ་མཚམས་ཀྱི་མཐར། །བཅས་པའི་ལས་ལ་པྲ་གལྡྷའོ། །མིང་འདོགས་མེ་ནི་བར་ཊྷི་བ། །དེ་བཞིན་རྐན་དབབ་པ་ལ་ [292A]༄༅། །གཙང། །ཤད་བི་ཞེས་བྱ་གཙུག་ཕུད་ལ། །བརྟུལ་ཞུགས་སྦྱིན་ལ་ཀུན་འབྱུང་ངོ། །ཉི་མ་ཞེས་བྱ་ཕྱུག་སྦྱིན་ལའོ། །བག་མ་ལེན་ལ་སྦྱོར་བྱེད་བཤད། ། ཨངེ་ཡིས་ནི་ཁྱིམ་ཁ་བསྲོ། །ཉེ་བར་དབུལ་ལ་མེ་ཉིད་དོ། །པ་བ་ཀ་ཞེས་བྱ་བའི་མེ། །སྣ་ཚོགས་ལྷ་ལ་སྦྱར་བར་བཤད། །ཁྱིམ་བདག་ལ་ནི་ཚངས་པའི་མེ། །དེ་བཞིན་ནོར་འབུལ་ བ་ལ་ཞི། །དེ་བཞིན་ཕྱུགས་ནི་བཅིངས་པ་ལ། །ཨ་བི་ནི་ཀ་ཞེས་བྱའི་མེ། །ལྟུང་བ་ལ་ནི་བི་ཙི་ཙི། །བཙོས་སྦྱན་ནི་ལ་ནི་སཱ་ཧ་ས། །དུས་ཀྱི་མཚམས་ལ་ཧ་བིར་ཞེས། །དེ་བཞིན་ཟླ་བ་གནས་ ལ་གཏེར། །མི་ཊ་ཞེས་བྱ་དགང་བླུགས་ལ། །ཞི་ལ་ད་རུ་ནར་འདོད་དོ། །བྱས་མཐའི་མེ་ནི་གཤིན་རྗེའོ། །དེ་བཞིན་རྒྱས་ལ་སྟོབས་སྦྱིན་པའོ། །དྲག་ཤུལ་སྤྱད་པ་ཐམས་ཅད་ལ། །ཁྲོ་ བོའི་མེ་ནི་རབ་ཏུ་བསྒྲགས། །འདོད་ལས་སྐྱེས་ཞེས་བྱ་བའི་མེ། །དེ་ནི་དབང་གི་དོན་དུ་བཤད། །ནགས་ཚལ་སྲེག་པ་ཕོ་ཉའི་མེ། །ཁོང་བའི་མེ་ནི་ཛ་ཐ་ར། །བཟའ་བར་བྱ་བ་ཤ་ཟར་ བཤད། །རྒོད་མའི་ཁ་ནི་རྒྱ་མཚོ་ནའོ། །ཟད་ཚེ་འཇིག་པ་ཞེས་བྱ་སྟེ། །དུས་མཐའི་མེར་ནི་ཡང་དག་བསྒྲགས། །འདི་ནི་མེ་རྣམས་མདོར་བསྡུས་ནས། །དེས་པ་ཁྱོད་ལ་བཤད་པས་ཏེ། །རིག་ བྱེད་ཐོས་པ་སྤྱོད་རྣམས་ཀྱིས། །ཚངས་པའི་བུ་དག་བརྗོད་པ་ཡིན་།བཞི་བཅུ་རྩ་བཞི་འདི་དག་ནི། །དེ་ཡི་ཚེ་ན་ངས་བསྟན་ཏོ་།གསང་བ་པའི་བདག་པོ། དེ་ལ། མེ་རྣམས་རང་བཞིན་མི་ཤེས་པར་ [292B] །སྦྱིན་སྲེག་མ་ཡིན་ལེགས་བྱས་མིན། །ལས་ཀྱི་འབྲས་བུའང་ཡོད་མི་འགྱུར། །ངས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ནི། མེ་རྣམ་པ་བཅུ་གཉིས་ བསྟན་ཏེ། དེ་དག་ཀྱང་གང་ཞེ་ན། ཡེ་ཤེས་མེ་ནི་དང་པོ་སྟེ་།དེ་ནི་དབང་ཆེན་ཞེས་སུ་བསྒྲགས། །ཁ་དོག་སེར་པོའི་མདོག་ཅན་ལ་།མདོག་དང་རྒྱས་དང་སྟོབས་རབ་སྟེར། །འབར་བའི་ཕྲེང་ཅན་ ཏིང་འཛིན་གནས། །ཡེ་ཤེས་རྫོགས་བྱེད་ཡིན་ཞེས་བྱ། །གཉིས་པ་འཛིན་བྱེད་ཅེས་བྱ་སྟེ། །སྟོན་ཀའི་ཟླ་བའི་འོད་དང་འདྲ། །དཔལ་ལྡན་གོས་ནི་དཀར་པོ་དགོས། །བགྲང་ཕྲེང་རིལ་བའི་སྤྱིའུ་བླུགས་ ཐོགས༑ ༑གསུམ་པ་རླུང་ཞེས་བྱ་བ་སྟེ། །མདོག་ནི་གནག་ལ་རྩུབ་པའོ། །བཞི་པ་དམར་པོ་ཞེས་བྱ་སྟེ། །ནུབ་ཀའི་མཚམས་ཀྱི་དམར་ཐག་འདྲ། །ལྔ་པ་མྲྀ་ཌ་ཞེས་བྱ་བ། །སྤུན་ལ་ཁ་དོག་ཁམ་པ་སྟེ། ། མགྲིན་པ་རིང་ཞིང་གཟི་བརྗིད་ཆེ། །ཀུན་ལ་ཕན་ནི་འདོགས་པར་བཤད། །དྲུག་པ་ཁྲོ་བོ་ཞེས་བྱ་བ། །མིག་ཡོན་དུད་པའི་ཁ་དོག་འདྲ། །གྱེན་དུ་སྐྲ་བརྫེས་སྒྲ་ཆེན་འབྱིན། །མཆེ་བ་བཞི་པ་སྟོབས་ པོ་ཆེ༑ ༑བདུན་པ་ལྟོ་བ་ཞེས་བྱ་སྟེ། །རྣོ་ལ་ཁ་དོག་ཀུན་དང་ལྡན། །བརྒྱད་པ་ཟད་པ་ཞེས་བྱ་བ། །གློག་གི་འོད་ཟེར་འགྱུར་བ་འདར། །དགུ་བ་ཡིད་ལས་སྐྱེས་ཞེས་བྱ། །སྣ་ཚོགས་གཟུགས་ཅན་སྟོབས་ པོ་ཆེ། །བཅུ་པ་འཇིག་རྟེན་འཛིན་པ་ཡིན། །ཤ་ཟའི་མེ་ནི་དེ་ལས་གཞན། །རྨུགས་བྱེད་ཅེས་པ་བཅུ་གཉིས་ཏེ། །སེམས་ཅན་ཐམས་ཅད་རྨུགས་བྱེད་པའོ། །གསང་བ་པའི་བདག་པོ་ [293A]༄༅། །དེ་ལྟར༑ མེ་ཡི་གཟུགས་ནི་བྱིན་བརླབས་ཏེ། །བདག་གི་རང་གི་གཟུགས་དང་ནི། །རྫས་ཀྱང་དེ་ཡི་ངོ་བོར་བྱ། །འདི་ནི་ཕྱི་ཡི་སྦྱིན་སྲེག་སྟེ། །དངོས་གྲུབ་འདོད་ པས་སྦྱིན་སྲེག་བྱ། །གསང་བ་པའི་བདག་པོ། ནང་གི་རང་བཞིན་གཅིག་པ་སྟེ། གནས་གསུམ་གཅིག་ཏུ་བྱ་བའི་ཚུལ་གྱིས་གསུམ་དང་ལྡན་པ་ནི། ནང་གིས་བྱིན་སྲེག་ཡིན་ནོ། །གསང་ བ་པའི་བདག་པོ། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང་ལྡན་པ་ནི། ཞི་བའོ། །དགའ་བ་དང་ལྡན་པ་ནི། རྒྱས་པའོ། །ཁྲོ་བོའི་མེས་ནི། དྲག་ཤུལ་སྤྱད་པར་བྱ་སྟེ། ཁྲོ་བོ་ཉིད་བརྩན་ པར་བྱས་ལ། ཊ་དང་ཕའི་བར་དུ་མིང་བཅུག་སྟེ་གཟུགས་བརྙན་ཡང་ཁྲོ་བོའི་དཀྱིལ་འཁོར་དུ་བཞག་ལ་ཁྲོ་བོ་ཐུལ་བས་བྱའོ། །དབུས་སུ་ནི་རླུང་གི་མེ་གཞག་གོ། གསང་བ་པའི་བདག་ པོ༑ དེ་ལྟར་ཇི་སྐད་བསྒྲགས་པའི་གནས་དེ་དང་དེ་དག་ཏུ་ཇི་ལྟར་རིགས་པ་དང་ཇི་ལྟར་ལྡན་པར་སྦྱིན་སྲེག་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས། མེ་ཡི་ཐབ་ཁུང་ཇི་ལྟར་བགྱི། །བསང་གཏོར་དག་ཀྱང་ཇི་ལྟར་བགྱི། །ཀུ་ཤའི་རྩྭ་ཡང་ཇི་ལྟར་དགྲམ་།ཇི་ལྟར་བསམ་པ་བདག་ལ་གསུངས། །དེ་སྐད་ ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་དེ་ལ་མེ་ཡི་ཐབ་ཁུང་ནི། །ཀུན་ཏུ་ཁྲུ་ [293B] །ཁ་ཁྱེར་སོར་བཞིའི་ཚད་དུ་བྱ། །རྡོ་རྗེའི་མཚན་མ་དག་གིས་མཚན། །ཐབ་ཁུང་གི་ནི་གཡས་ཕྱོགས་ནས་།ཀུ་ཤའི་རྩ་ནི་རློན་པ་དགྲམ། །རྩེ་མོ་དག་ཀྱང་རྩ་བས་དཀྲི། ། རྩ་བདག་ཀྱང་རྩེ་མོས་དཀྲི། །འདིར་ནི་བསང་གཏོར་གཡས་ཕྱོགས་ནས། །ཀུ་ཤ་བསྐོར་བ་བཞིན་དུ་བྱ། །བྱུག་སྤོས་མེ་ཏོག་བདུག་སྤོས་དག་མྲྀ་ཊའི་མི་ལ་དབུལ་བར་བྱ། །ཞུགས་ ཐབ་དང་ནི་མྲྀ་ཌའི་མེ། །མེ་ཏོག་གཅིག་གིས་རང་གི་གཟུགས། །སྔགས་པ་སྡོམ་བརྩོན་ཅན་གྱིས་གཞག། བསང་གཏོར་དག་ཀྱང་དེ་ནས་བྱ་།དགང་བླུགས་རང་གི་གསང་སྔགས་ ཀྱིས༑ ༑མཁས་པས་དེ་ལ་དབུལ་བར་བྱ། །དེ་ནས་ཞི་བའི་སྦྱིན་སྲེག་གམ། །ཡང་ན་རྒྱས་པའི་སྦྱིན་སྲེག་བྱ། །འཇིག་རྟེན་པ་ཡི་སྦྱིན་སྲེག་ནི། །ཕྱི་རོལ་པ་ཞེས་གསུངས་པ་ཡིན། ། གཞན་ཡང་ནང་གི་སྦྱིན་སྲེག་ནི། །ལས་དང་ཚེ་དག་བཀག་པ་སྟེ་།དེ་ནི་ཡིད་ཀྱིས་ཤེས་པར་བྱ། །གཟུགས་དང་སྒྲ་ལ་སོགས་པ་སྤངས་།མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་ རྣམས་ནི། ཡིད་ལས་སྐྱེས་པ་སེམས་ཀྱི་རྒྱལ་པོ་ལ་གནས་པ་སྟེ། ཀུན་ཏུ་རྟོག་པས་བསྐྱེད་པ་འདི་དག་དང། བྱང་ཆུབ་ཀྱི་སེམས་དང། ཡུལ་དང། མིག་ལ་སོགས་པ་དང། རླུང་གི་མེ་ཡང་འཕྲོ་བ་ མེད་པའི་ཤེས་རབ་ཀྱིས་བཀག་སྟེ། ཡིད་ཀྱི་མེ་ལ་སྦྱིན་སྲེག་བྱའོ་།དེ་ནི་ནང་གི་སྦྱིན་སྲེག་ཅེས། །ངེས་པ་ཁྱོད་ལ་བསྟན་པ་ཡིན་།དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ [294A]༄༅། །འདུས་པ་ལ་བཀའ་སྩལ་པ། ཁྱེད་རྣམས་ཀྱི་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་བག་ཡོད་པར་གནས་པས་སྤྱད་པར་བྱའོ། །ང་ཡི་སྲས་རྣམས་མ་གཏོགས་པར། ། གཞན་སུ་ལ་ཡང་མ་སྦྱིན་ཅིག་དེ་དག་མཚན་ཉིད་བཤད་པར་བྱ་།ཐམས་ཅད་ཀྱིས་ཀྱང་མཉན་པར་གྱིས། །ཉི་མའི་རིགས་ལས་སྐྱེས་པ་དང། །ང་རྒྱལ་ཅན་ལ་བློ་ཡང་ཞིབ། ། བྱས་པ་གཟོ་ཞིང་ཆོས་ཀྱང་འདོད། །ཆོག་ཀྱང་ཤེས་ཤིང་ཆོས་ལ་འབད། །ཁ་དོག་དག་ཀྱང་སྔོ་བསངས་ལ། །བཞིན་ཡང་ཤིན་ཏུ་བཟང་བ་དང། །སྣ་དབྱིབས་མཐོ་ལ་རྩེ་མོ་རྣོ། ། མགོ་དང་དཔྲལ་བ་དབྱེས་ཆེ་བ། །དེ་ཀུན་ང་ཡི་སྲས་ཡིན་ཏེ་།བསྟན་པའི་དོན་ལ་སེམས་པ་ཡིན། །དེ་དག་ལ་ནི་ནན་ཏན་དུ། །འདི་ནི་རྟག་ཏུ་སྦྱིན་པར་བྱའོ། །དེ་ནས་དེ་དག་ཐམས་ ཅད་ཡིད་རབ་ཏུ་དགའ་ནས་སྟོན་པས་བཀའ་སྩལ་པ་བཞིན་དུ་བགྱིའོ་།ཞེས་གསོལ་ཏོ། །དེ་ནས་དེའི་ཚེ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཏེ། མཆོད་པ་ དག་ཀྱང་ལེགས་བྱས་ནས། །སྤྱན་སྔར་འཁོད་ནས་ཐལ་སྦྱར་ཏེ་།འདི་སྐད་ཅེས་ནི་ཚིག་ཏུ་སྨྲས། །ཆོས་ཀྱི་ཚུལ་འདི་འཇིག་རྟེན་ན་།ཇི་ལྟར་ཡུན་རིང་ཀུན་གནས་པར། །མགོན་པོ་ བྱིན་གྱི་བརླབ་ཀྱི་ཚིག་བསྟན་པ་འདི་ལ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་ལ་བྱིན་གྱིས་བརླབས་པའི་ཚིག་གསུངས་པ། ན་མཿ་ [294B] སརྦྦ། ཤིཾ་ཤིཾ། ཏྲཾ་ཏྲཾ། གུཾ་གུཾ། དྷ་རཾ་དྷ་རཾ། སྠཱ་པ་ལ། བུདྡྷ་སཏྱ་བའཀ། དྷརྨ་སཏྱ་བའཀ། སངྒ་སཏྱ་བའཀ། ཧཱུཾ་ཧཱུཾ་པེད་བི་དི་སཱཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་ བཀའ་སྩལ་པ་དང། རྡོ་རྗེ་འཛིན་དེ་དག་དང། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་དེ་དག་ཡི་རང་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལས་མངོན་པར་བསྟོད་ དོ༑ ༑རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཤིན་ཏུ་རྒྱས་པ་ཆེན་པོ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། གསང་སྔགས་ཀྱི་ སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཆོ་ག་ཇི་སྙེད་པར་རིམ་པར་ཕྱེ་བ་ཉི་ཤུ་རྩ་ལྔ་པ་རྫོགས་སོ།། །།དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་ སྨྲས་སོ༑ ༑གང་དག་འདི་ལྟར་སྒྲུབ་པ་ལྷུར་ལེན་པ་དེ་དག་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་བསྟན་པ་འདི་ལ་དེ་དག་བཅིངས་པ་བདག་གིས་བཤད་ཀྱི། ཡིད་གཅིག་ཏུ་བསྡུས་ལ་ཉོན་ ཅིག་རྐང་པ་གཡོན་པ་བཏེགས་ནས་ནི། །གཡས་པ་དང་པོར་ལེགས་པར་གཟུགས། །མིག་ནི་རྐེད་པའི་ཕྱོགས་སུ་བལྟ། །ལག་པ་གཉིས་ཀ་གདེགས་པར་བྱ། །གཡས་བརྐྱངས་གདེངས་ ཀའི་ཚུལ་དུ་གནས། །འཁོར་ལོ་ཡང་དག་ལྡན་པ་བཅིངས། །འཁོར་ལོའི་ཕྱག་རྒྱ་རབ་སྦྱར་བས། །ཕྱོགས་ཀུན་དུ་ནི་གཞོམ་པར་བྱ། །ཕྱག་རྒྱ་སྟོབས་ཆེན་མཐོང་ནས་ནི། །རྡོ་རྗེ་འཛིན་པ་བདག་ [295A]༄༅། །ཉིད་དམ། །གང་དག་འཇིག་རྟེན་པ་ཡང་རུང། །དེ་དག་ཐམས་ཅད་འཇིག་པར་འགྱུར། །རྐང་པ་གཉིས་ནི་མཉམ་བཞག་ནས་།ཧཱུཾ་ཞེས་བྱ་བ་འབྲུག་སྐད་སྒྲོགས་ རྔམ་ཞིང་སོས་ནི་མ་མཆུ་མནན། །ཁྲོ་དང་བཅས་པས་མགོ་བསྟོད་དེ། །བསྡིགས་ན་ཆོམ་པར་འགྱུར་བ་ཡིན། །རྐང་པ་གཉིས་ནི་རྟིང་སྤྲད་ནས། །མདུང་གི་ཕྱག་རྒྱས་དེ་དག་ཀུན། །བཅོམ་ ན་མོད་ལ་ཐལ་བར་འགྱུར། །གོམས་གཅིག་མྱུར་དུ་བོར་ནས་ནི། །རྐང་པ་བཏེགས་ཏེ་ལུས་བསྒྱུར་ནས། །གཞུ་ཡི་ཚུལ་གྱིས་སྟེང་ཀུན། །ཀུན་ནས་གཞོམ་པར་བྱས་ནས་ནི། །ལྷ་དང་ལྷ་ མིན་གནོད་སྦྱིན་རྣམས། །གང་དག་ས་སྟེང་གནས་པ་འདིར། །གང་ཚེ་སྔགས་པ་འདིར་གནས་ན། །བགེགས་ནི་རྟག་ཏུ་མེད་པར་བྱེད། །རྐང་པ་གཡོན་པ་བརྐྱངས་ནས་ནི། །ལག་གཉིས་ པདྨ་ལྟར་སྦྱར་ཏེ། །སྔགས་པ་འབར་བས་ཀླད་ལ་བསྐོར། །རྐང་པས་སེངྒེའི་སྟབས་བཞིན་འདོར། །ཁྲོ་དང་བཅས་པས་བགེགས་བཅོམ་ན། །གལ་ཏེ་སངས་རྒྱས་ཀྱིས་བྱས་ཀྱང། ། བགེགས་ཏེ་ཐལ་བར་བརླག་པའམ། །ཐེ་ཚོམ་མེད་པར་འཆི་བར་འགྱུར་།མཁས་པས་རྒྱུད་རྣམས་ཐམས་ཅད་ལས། །དངོས་གྲུབ་ཇི་སྙེད་གསུངས་པ་རྣམས། །དེ་དག་ཐམས་ཅད་ མདོར་བསྡུ་ན། །རྣམ་པ་བཞིར་ནི་མ་ལུས་འདུས། །ལས་ཀྱི་དང་པོ་ཞི་བ་སྟེ། །དེ་བཞིན་གཞན་ཡང་རྒྱས་པ་དང། །དབང་དང་དྲག་ཤུལ་སྤྱོད་པའི་ལས། །རྣམ་པ་འདི་བཞིར་རབ་ཏུ་བསྒྲགས།། [295B] གདོན་ལ་སོགས་པའི་གནོད་པ་ཞི་བར་བྱ་བ་དང། ཚེ་རིང་བར་བྱ་བ་ནི། ཞི་བའོ། །ཡིད་བཞིན་གྱི་ནོར་བུ་དང། རལ་གྲིའི་རིག་སྔགས་འཆང་དང། ། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ལ་སོག་པ་དང་ནོར་སྒྲུབ་པ་གང་ཡང་རུང་སྟེ། དེ་དག་ཐམས་ཅད་ནི། རྒྱས་པའོ། །ཞེས་གསང་སྔགས་ལ་མཁས་པ་རྣམས་སྨྲའོ། །སྐྱེས་བུ་དང་ བུད་མེད་དང། ཁྱེའུ་དང། བུ་མོ་དང། རྒྱལ་པོ་དང། བློན་པོ་ལ་སོགས་པ་དང། ལྷ་དང། ཀླུ་དང། གནོད་སྦྱིན་དང། གནོད་སྦྱིན་མོ་དང། ལྷ་མ་ཡིན་མོ་དང། ཤ་ཟ་མོ་ལ་སོགས་པ་དབང་ དུ་བྱ་ཞིང་དགུག་པ་ནི། དབང་དུ་བྱ་བའོ། །ཞེས་རིག་སྔགས་འཆང་རྣམས་སྨྲའོ། །བཅིང་བར་བྱ་བ་དང། གནོད་པར་བྱ་བ་དང། ཡན་ལག་གཅད་པ་དང། དགར་བ་དང། སྡང་བར་བྱ་བ་ དང། གསད་པ་དང། བསྐམ་པ་ལ་སོགས་པ་མདོར་ན་སེམས་ཅན་རྣམས་ཀྱི་ལུས་ལ་གནོད་པར་བྱ་བ་གང་ཡང་རུང་སྟེ། དེ་དག་ཐམས་ཅད་ནི། དྲག་ཤུལ་སྤྱོད་པ་ཡིན་ནོ། །ཞེས་རིག་ སྔགས་འཆང་རྣམས་སྨྲའོ། །སྦྱིན་སྲེག་ཚིམ་བྱེད་ལས་རྣམས་ཀྱིས་།གསང་སྔགས་དངོས་གྲུབ་མྱུར་དུ་སྟེར། །ལྷ་རྣམས་ཐམས་ཅད་བྱིན་རློབ་ཅིང། །དངོས་གྲུབ་མཆོག་ཀྱང་སྟེར་ བར་འགྱུར། །ཉུང་ངམ་མ་འབྱོར་ཆོ་ག་ཉམས། །ཡི་གེ་གུག་སྐྱེད་ལྷག་མ་ཆད། །མནན་ཏམ་བགེགས་ཀྱིས་བརླམས་ཀྱང་རུང། །དེ་དག་ཐམས་ཅད་སྦྱོར་བར་བྱེད། །སྦྱིན་སྲེག་མེད་པར་ [296A]༄༅། །ལས་རྣམས་ལས། །དངོས་གྲུབ་ཐོབ་པར་ཡོང་མི་འགྱུར་།སྦྱིན་སྲེག་ལས་རྣམས་ངེས་པ་ནི། །དེ་བས་ནན་ཏན་བསྐྱེད་དེ་བྱ་།ཞི་བ་དང། རྒྱས་པ་དང། དབང་ དུ་བྱ་བ་དང། དྲག་ཤུལ་སྤྱོད་པའི་བྱེ་བྲག་ལས་སྦྱིན་སྲེག་གི་བྱེ་བྲག་དབྱེ་བར་བྱའོ། །དེ་ལ་རེ་ཞིག་ཞི་བའི་ལས་ཀྱི་སྦྱིན་སྲེག་ངེས་པ་ནི། གྲོང་གི་བྱང་ཕྱོགས་སུ་རྒྱང་གྲགས་གཅིག་ ཙམ་དུ་སོང་ལ་ས་གཞི་ལེགས་པར་བརྟག་པར་བྱ་སྟེ། ཆུ་བོ་གངྒཱའི་ངོགས་སམ། པདྨའི་མཚོ་འགྲམ་མམ། འབབ་ཆུའི་འགྲམ་མམ། མཚོའི་གླིང་དུ་ཡང་རུང་སྟེ། ས་གཞི་ཁ་དོག་ དཀར་པོ་ལ་བདག་ཉིད་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ་ས་ལ་བསྐུལ་བ་དང། སྦྱང་བ་ལ་སོགས་པ་བྱས་ཏེ་ཡར་གྱི་ངོའི་ཚེས་ལྔའམ། བྮིའམ། བྕུའམ། ཟླ་བ་ཉ་ལ་དཀྱིལ་ འཁོར་བརྩམ་པ་འདི་ལྟར་བྱའོ། །སྐར་མ་ཁྲུམས་སྨད་དང། གྲེ་དང། སྐག་དང། མཆུ་ནི། ཞི་བའི་སྐར་མ་ཡིན་ནོ། །གཟའ་ཟླ་བ་དང། པ་བ་སངས་དབང་བ་ལ་དང་པོར་ལས་བརྩམ་པར་ བྱའོ༑ ༑དེ་ནས་བདག་ཉིད་སྤྱན་རས་གཟིགས་དབང་ཕྱུག་གི་སྐུར་བསྒྱུར་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་རལ་གྲིའི་ཕྱག་རྒྱའམ། ཡི་གེ་ཨའི་འབྲུར་པདྨ་ལ་གཞག་གོ་ ཨ༑ དེ་ནས་བྱང་ཕྱོགས་སུ་སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་གྲུ་གསུམ་པའམ། ཡིག་འབྲུ་པདྨའི་སྟེང་དུ་གཞག་གོ། ཨཾ། སངས་རྒྱས་རྣམས་ཀྱི་ནུབ་ཕྱོགས་སུ་ནམ་མཁའི་སྙིང་ [296B] ཡི་གེའི་འབྲུར་གཞག་གོ་ཨཱི་ནམ་མཁའི་སྙིང་པོའི་ནུབ་ཕྱོགས་སུ་འཇམ་དཔལ་ཏེ། དེ་ཡང་ཨུཏྤ་ལའི་ཕྱག་རྒྱའམ། ཡི་གེ་འབྲུར་གཞག་གོ་མཱཾ། དེའི་ ནུབ་ཕྱོགས་སུ་ནམ་མཁའི་སྤྱན་ཕྱག་རྒྱའམ། ཡིག་འབྲུར་གཞག་གོ་།གཱ། སངས་རྒྱས་རྣམས་ཀྱི་ཤར་ཕྱོགས་སུ་ཤཱཀྱ་ཐུབ་པ་ལྷུང་བཟེད་ཀྱི་ཕྱག་རྒྱའམ། ཡིག་འབྲུར་གཞག་གོ། བྷཱ་ དེའི་དྲུང་དུ་མཛོད་སྤུ་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱའམ། ཡིག་འབྲུར་གཞག་གོ། བཧྲུ་དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱ་ཡི་གེའི་འབྲུ་དང་བཅས་ པར་བྲི་སྟེ། དེ་ལ་འདི་ནི། ཡི་གེའི་འབྲུའོ། །ཀ་དེ་ནས་རྣམ་པར་སྣང་མཛད་ཆེན་པོའི་གཡས་ལོགས་སུ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་པདྨའི་ཕྱག་རྒྱའམ། ཡིག་འབྲུར་གཞག་གོ་ ས༑ སྤྱན་རས་གཟིགས་དབང་ཕྱུག་གི་གཡོན་ལོགས་སུ་མཐུ་ཆེན་པོ་ཐོབ་པ་པདྨའི་ཕྱག་རྒྱའམ། ཡི་གེ་འབྲུར་གཞག་གོ་མ། མཐུ་ཆེན་པོ་ཐོབ་པའི་དྲུང་དུ་ཁྲོ་གཉེར་ཅན་ཀུན་དའི་ཕྱག་ རྒྱའམ༑ ཡི་གེའི་འབྲུར་གཞག་གོ་བྷྲཱྀ། པདྨ་འཛིན་གྱི་གཡས་ལོགས་སུ་ལྷ་མོ་སྒྲོལ་མ་ཨུཏྤ་ལའི་ཕྱག་རྒྱའམ། ཡི་གེའི་འབྲུར་གཞག་གོ་ཏཱཾ། དེའི་དྲུང་དུ་གོས་དཀར་ཅན་པདྨའི་ཕྱག་ རྒྱའམ༑ ཡི་གེའི་འབྲུར་གཞག་གོ་པཾ། བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་རྡོ་རྗེ་འཛིན་རྡོ་རྗེའི་ཕྱག་རྒྱའམ། ཡི་གེའི་འབྲུར་པདྨའི་སྟེང་དུ་གཞག་གོ་བཾ། དེའི་གཡས་ལོགས་སུ་ [297A]༄༅། །མཱ་མ་ཀཱི་རྡོ་རྗེའི་ཕྱག་རྒྱའམ། ཡི་གེའི་འབྲུར་གཞག་གོ་མཱ། དེའི་དྲུང་དུ་རིག་པའི་རྒྱལ་པོ་གནོད་མཛེས་རྡོ་རྗེའི་ཕྱག་རྒྱའམ། ཡི་གེའི་འབྲུར་གཞག་གོ། སཾ། རྡོ་ རྗེ་འཛིན་གྱི་གཡོན་ལོགས་སུ་བདུད་རྩི་ཐབ་སྦྱོར་རྡོ་རྗེའི་ཕྱག་རྒྱའམ། ཡི་གེའི་འབྲུར་གཞག་གོ་མྲྀ་དེའི་དྲུང་དུ་རྡོ་རྗེ་འཛིན་ཐམས་ཅད་རྡོ་རྗེའི་ཕྱག་རྒྱའམ། ཡི་གེའི་འབྲུར་གཞག་ གོ་ཧཱུཾ། བཅོམ་ལྡན་འདས་ཀྱི་འོག་ལོགས་མེའི་ཕྱོགས་སུ་མི་གཡོ་བ་རལ་གྲིའི་ཕྱག་རྒྱའམ། ཡི་གེའི་འབྲུར་གཞག་གོ་ཧཱུཾ། བཅོམ་ལྡན་འདས་ཀྱི་འོག་ལོགས་བདེན་བྲལ་གྱི་ ཕྱོགས་སུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྡོ་རྗེ་བེ་ཅོན་གྱི་ཕྱག་རྒྱའམ། ཡི་གེའི་འབྲུར་གཞག་གོ་ཧཱ། སྒོ་དྲུང་གཉིས་སུ་ཀླུའི་རྒྱལ་པོ་དགའ་བོ་དང་བསྙེན་དགའ་བོ་གཉིས་ དགའ་བོ་དང་བསྙེན་དགའ་བོ་ཞེས་པའི་མིང་དུ་གཞག་གོ་སྒོ་ཁྱུད་རྣམས་ཀྱི་ནང་དུ་སྲུང་བ་བཞི་དགོད། ཤར་ཕྱོགས་སུ་རལ་གྲི་དང་ཡི་གེའི་འབྲུའོ། །ཙ། བྱང་ཕྱོགས་སུ་རལ་གྲི་དང་ ཡི་གེའི་འབྲུའོ། །པ། ནུབ་ཕྱོགས་སུ་བེ་ཅོན་དང་ཡི་གེའི་འབྲུའོ་།ས། ལྷོ་ཕྱོགས་སུ་བེ་ཅོན་དང་ཡི་གེའི་འབྲུའོ། །ཀྵ། དེ་ནས་ཕྱི་རོལ་གྱི་རི་མོའི་ནང་ལོགས་སུ་གནས་ཀྱི་དཀྱིལ་ འཁོར་ཆུང་ངུ་ལ་གནས་གཙང་མ་ལྔ་རྣམས་བྲི་བ་ནི། དཀྱིལ་འཁོར་དང་པོ་ལ་སཾ་སཾ་སཱཧཱ་ཞེས་བྱའོ། །གཉིས་པ་ལ་མ་ནོ་མ་ཡ་ཞེས་བྱའོ། །གསུམ་པ་ལ་དྷརྨ་སཾ་བྷ་བ་ཞེས་བྱའོ། ། [297B] །ལྔ་པ་ལ་ཀ་ཐ་ན་ན་ཞེས་བྱའོ། །ཡང་ན་གནས་ཀྱི་དཀྱིལ་འཁོར་ཆུང་ངུ་ལ་སཾ་སཾ་སཱཧཱ། ཞེས་བྱ་བ་གཞག་ཏུ་རུང་ངོ། །བདག་གི་ལྷ་ནི། རིགས་གང་དུ་གཏོགས་ པ་དེའི་རིགས་ཀྱི་བདག་པོའི་གནས་སུ་བདག་གི་ཕྱག་རྒྱའམ། ཡི་གེའི་འབྲུར་གཞག་པར་བྱའོ། །དེ་ནས་ཕྱི་རོལ་གྱི་རི་མོའི་ནང་ཐོག་ཐག་ཏུ་པདྨ་བྲིའོ། །དེ་ནས་དཀྱིལ་འཁོར་གྱི་སྒོའི་ གཡས་རོལ་འཁོར་སའི་ནང་རོལ་དུ་མེའི་ཐབ་ཁུང་བྱ་བ་ནི། ཁོ་ར་ཁོར་ཡུག་ཟླུམ་པོ་ལ། །ཁྲུ་གང་ཙམ་གྱི་ཚད་དུ་བྱ། །ཟབས་སུ་སོར་ནི་བཅུ་གཉིས་ཚད། །དེ་ཡི་སྟེང་དུ་ཁ་རན་ནི།། ཀུན་ཏུ་སོར་བཞིའི་ཚད་དུ་བྱ། །དེ་ཡི་ཞབས་ཀྱི་དབུས་སུ་ནི་།འཁོར་ལོ་འཕང་དུ་སོར་གཅིག་བྱ། །དེ་ནས་འདུག་ལ་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་དམ་ཚིག་གི་གསང་སྔགས་ བརྗོད་ལ་ཡི་གེ་ས་དང་པདྨའི་ཕྱག་རྒྱས་བདག་ཉིད་སྤྱན་རས་གཟིགས་དབང་ཕྱུག་ཏུ་བྱིན་གྱིས་བརླབས་ཏེ་ཡི་གེ་ཨ་རང་གི་དཀྱིལ་འཁོར་ན་གནས་པ་ལས་རྣམ་པར་སྣང་མཛད་ ཆེན་པོའི་སྐུ་ཇི་ལྟ་བ་བཞིན་དུ་གྱུར་པར་བསམས་ལ་ཉིད་ཀྱི་ཕྱག་རྒྱ་ཡང་བསྟན་པར་བྱའོ། །དེ་ནས་རལ་གྲིའི་ཕྱག་རྒྱ་བཅིངས་ལ་ཡི་གེ་ཨ་ལས་བདག་ཉིད་རྣམ་པར་སྣང་མཛད་ ཆེན་པོའི་སྐུར་བྱིན་གྱིས་བརླབས་ཏེ་དཀྱིལ་འཁོར་གྱི་ཡི་གེ་ཐམས་ཅད་སོ་སོའི་ལྷའི་གཟུགས་སུ་གྱུར་པར་བསམས་ལ་སོ་སོའི་ཕྱག་རྒྱ་རྣམས་ཀྱང་བསྟན་ཏོ། །དེ་ནས་འཕགས་པ་ [298A]༄༅། །མི་གཡོ་བའི་སྔགས་ཟློས་ཤིང་ལས་ཀྱི་རྡོ་རྗེས་བཅིངས་ལ། ལྷ་རྣམས་སོ་སོའི་དཀྱིལ་འཁོར་ན་ཇི་སྙེད་བཞུགས་པ་ལ་བྱུག་སྤོས་དང། མེ་ཏོག་ལ་སོགས་པ་དབུལ་ ལོ༑ ༑ཡི་གེ་རས་ཀྱང་རྡུལ་དང་བྲལ་བའོ་སྙམ་པའི་ཏིང་ངེ་འཛིན་མངོན་དུ་བྱས་ལ། བྱུག་སྤོས་དང། མེ་ཏོག་ལ་སོགས་པ་སོ་སོའི་གསང་སྔགས་རྣམས་ཀྱིས་མངོན་པར་བསྔགས་ཏེ། བྱུག་ སྤོས་ལ་སོགས་པ་ལ་སོ་སོའི་སྙིང་པོའི་གསང་སྔགས་ཀྱིས་ཀྱང་མངོན་པར་བསྔགས་ལ་དབུལ་ལོ། །བྱུག་སྤོས་འདི་བཞེས་ཏེ་བདག་ལ་ཐུགས་དཔག་མཛོད་ཅིག་ཅེས་སོ་སོར་བསྐུལ་བར་ ཡང་བྱའོ། །དེ་བཞིན་དུ་ཐམས་ཅད་ལ་སྦྱར་རོ། །ན་མས་མནྟ་བུདྡྷཱ་ནཱཾ། ཏྲཊ་ཨ་མོ་གྷ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ་ཏྲ་ཊ་ཧཾ་མ། འཕགས་པ་མི་གཡོ་བའི་སྔགས་སོ། །ན་མས་མནྟ་ བུདྡྷཱ་ནཱཾ། བི་ཤུདྡྷེ་གནྡྷོད་བྷ་བ་སཱཧཱ། བྱུག་སྤོས་ཀྱི་གསང་སྔགས་སོ། །ན་མས་མནྟ་བུདྡྷཱ་ནཱཾ། མཧཱ་མཻ་ཏྲི་བུདྡྷ་ག་ཏེ་སཱཧཱ། མེ་ཏོག་གི་གསང་སྔགས་སོ། །ན་མས་མནྟ་བུདྡྷ་ནཱཾ་ དྷརྨ་དྷཱ་ཏྭ་ནུ་ག་ཏེ་སཱཧཱ། བདུག་སྤོས་ཀྱི་གསང་སྔགས་སོ་།ན་མས་མནྟ་བུདྡྷཱ་ནཱཾ། ཏ་ཐཱ་ག་ཏ་ཙི་སྥ་ར་ཎ་ཨ་བ་བྷཱ་ས་ག་ག་ནོ་དྡྷཱརྱ་སཱཧཱ། མར་མེའི་གསང་སྔགས་སོ། །ན་མས་མནྟ་བུདྡྷཱ་ ནཱཾ། ཏྲེ་ཡ་དཧི་ཀ་ནཱཾ། ཨ་ར་ར། པ་ར་ར། པ་ལི་དེ་བ་ལིནྡ་དཱ་ཧི་སཱཧཱ། བཤོས་ཀྱི་གསང་སྔགས་སོ། །ན་མས་མནྟ་བུདྡྷ་ནཱཾ། ག་གནས་མ་ས་མ་ས་སཱཧཱ། མཆོད་ཡོན་གྱི་གསང་སྔགས་སོ། ། [298B] །སྙིང་པོའི་གསང་སྔགས་བརྗོད་པའི་ཆོ་ག་ནི། ཨོཾ་བྷ་ག་བའན་བཻ་རོ་ཙ་ན། ཨི་དཾ་གྷཾ་དཧི། པྲ་ཏི་གྲི་ཧྱ། ཨི་དཾ་མེ་ཀཱརྱཾ་ཀུ་རུ་སཱཧཱ། དེ་བཞིན་དུ་ཐམས་ཅད་ ལ་ཡང་སྦྱར་བར་བྱའོ། །ཞི་བའི་ཆོ་ག་ནི། ཙནྡན་དཀར་པོ་ག་པུར་དང་སྦྱར་ལ་དབུལ། མ་འབྱོར་ན་མཁས་པས་པུ་ཤེལ་ཙི་འབུལ་ལོ། །དེ་བཞིན་དུ་མེ་ཏོག་པདྨ་དཀར་པོ་དང། སྣ་མའི་མེ་ ཏོག་དང། མེ་ཏོག་མ་ལི་ཀ་དང། མེ་ཏོག་ཡུ་ཀ་ཏི་ཀ་ལ་སོགས་པ་མེ་ཏོག་དཀར་པོ་དྲི་ཞིམ་པ་བཀྲ་ཤིས་པ་གང་ཡིན་པ་དེ་དག་དབུལ་ལོ་།ཞི་བའི་ཆོ་ག་ལ། བདུག་སྤོས་ནི། ག་བུར་ དང། ཙནྡན་ནམ། ཡང་ན་ཤི་བ་ས་ཀ་དབུལ་ལོ། །བཤོས་ཀྱང་ཞོ་དང་འབྲས་ཆན་ལ་སོགས་པ་དཀར་པོ་དབུལ་ལོ། །མར་མེ་ཡང་མར་གྱི་མར་མེ་སྣོད་དཀར་པོའི་ནང་དུ་བླུགས་ཏེ་དབུལ་ ལོ༑ ༑དུང་ལ་སོགས་པ་སྣོད་དཀར་པོའི་ནང་དུ་ཙནྡན་དང། ག་པུར་དང། མེ་ཏོག་དཀར་པོ་སྦྱར་བའི་ཆུ་བླུགས་པའི་མཆོད་ཡོན་དབུལ་ལོ་།དེ་ལྟར་ཇི་སྐད་བཤད་པའི་མཆོད་པ་བྱས་ ནས་དེ་ནས་ཕྱིར་བྱུང་སྟེ་བདག་ཉིད་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཏུ་བྱིན་གྱིས་བརླབས་ལ་ཕྱི་རོལ་ཏུ་ཕྱོགས་ཀྱི་གཏོར་མ་སྦྱིན་པ་ནི། འབྲས་ཡོས་དང། ཏིལ་དང། ཆུ་དང། འབྲས་ ཆན་དང། མེ་ཏོག་དང། སྲན་ཆན་དང། ཀྲྀ་ས་རར་བཅས་པ་མང་ལ་སྣུམ་བག་ཅན་དེ་ལྟ་བུའི་གཏོར་མ་སློབ་དཔོན་གྱིས་ལག་པས་བླངས་ཏེ་དགའ་བཞིན་དུ་ཕྱོགས་ཐམས་ཅད་དུ་ [299A]༄༅། །གཏོར་ཞིང་བདུག་སྤོས་དང་མཆོད་ཡོན་ཡང་དབུལ་ལོ། །ཐོག་མར་དབང་ལྡན་ཕྱོགས་སུ་ནི། །གཞུ་ཅན་ཚོགས་དང་བཅས་ལ་དབུལ་།དེ་ནས་དབང་པོའི་ཕྱོགས་ སུ་ཡང། །མཁས་པས་དབང་པོ་ཉིད་ལ་དབུལ། །དེ་ནས་སྔགས་པ་མི་འཇིགས་པས། །མེ་ཡི་ཕྱོགས་སུ་དབུལ་བར་བྱ། །དེ་ནས་གཤིན་རྗེའི་ཕྱོགས་སུ་ཡང། །དབུལ་བར་སྔགས་ལ་ མཁས་པས་བཤད། །བདེན་བྲལ་ཕྱོགས་སུ་བདེན་བྲལ་ནི། །ཚོགས་དང་བཅས་ལ་དབུལ་བར་བྱ། །ཆུ་ལྷའི་ཕྱོགས་སུ་ཀླུ་རྣམས་ལ། །འཇིགས་བྱེད་གསང་སྔགས་ཟློས་ཤིང་དབུལ། ། བདག་དང་བཅས་པ་ཕུལ་ནས་སུ། །རླུང་གི་ཕྱོགས་སུ་འགྲོ་བར་བྱ་།སྔགས་ལ་མཁས་པས་དེར་སོང་ནས། །རླུང་ལྷ་ཚོགས་དང་བཅས་པ་ལ། །རང་གི་མིང་ནས་སྨོས་ནས་སུ། །རང་གི་ སྔགས་ཀྱིས་གཏོར་མ་དབུལ། །བྱང་གི་ཕྱོགས་སུ་སོང་ནས་སུ། །ཡིད་ནི་རབ་ཏུ་དང་བྱས་ཏེ། །བདག་གི་དངོས་གྲུབ་ཐོབ་འདོད་པས། །གནོད་སྦྱིན་རྣམས་ལ་གཏོར་མ་དབུལ། །སྲིན་པོ་རྣམས་ དང་ཤ་ཟ་དང། འབྱུང་པོ་ཤ་རྗེན་ཅན་རྣམས་དང། །སེམས་ཅན་རྣམ་པ་སྣ་ཚོགས་ལ། །མཁས་པས་གཏོར་མ་ཕྱོགས་སུ་གཏོར། །ས་ཕྱོགས་དེ་ཡི་སེམས་ཅན་ནི། །ཤིང་དང་གེལ་ པ་ལ་གནས་པ། །བློ་ལ་གང་དང་གང་དྲན་པ། །དེ་དང་དེ་ལ་གཏོར་མ་སྦྱིན། །ཕྱོགས་ཀྱི་གཏོར་མའི་སྔགས་རྣམས་ནི། །དབང་ལྡན་གྱི་ཕྱོགས་སུ་རུ་དྲཱ་ཡ་སཱཧཱ། དབང་པོའི་ཕྱོགས་སུ་ཤ་ [299B] མེ་ཡི་ཕྱོགས་སུ་ཨགྣ་ཡེ་སཱཧཱ། གཤིན་རྗེའི་ཕྱོགས་སུ་བཻ་བ་སཱཧཱ། བདེན་བྲལ་གྱི་ཕྱོགས་སུ་རཀྵ་ས་ཨ་དཧི་པ་ཏ་ཡེ་སཱཧཱ། ཆུ་ལྷའི་ཕྱོགས་སུ་མེ་གྷ་ཤ་ནཱི་ཡེ་སཱཧཱ། རླུང་གི་ ཕྱོགས་སུ་བཱ་ཡ་བེ་སཱཧཱ། ཀུ་བེ་རའི་ཕྱོགས་སུ་ཡཀྵ་བིདྱཱ་དྷ་རི་སཱཧཱ། ཀྲཾ་ཀི་རེ་སཱཧཱ། སྲིན་པོ་རྣམས་ཀྱིའོ། །མི་ཙི་མི་ཙི་སཱཧཱ། ཤ་ཟ་རྣམས་ཀྱིའོ། །གུ་ཨི་གུ་ཨི་སཱཧཱ། འབྱུང་པོ་རྣམས་ ཀྱིའོ༑ ༑དེ་ལྟར་ཀུན་ཏུ་གཏོར་མ་གཏོར་ལ་ལག་པ་བཀྲུས་ཏེ་ཉེ་རེག་བྱས་ལ་དེ་ནས་ནང་དུ་ཞུགས་ཏེ་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལ་བསྲེག་པར་བྱ་བའི་རྫས་གང་ཡང་རུང་སྟེ་ཅུང་ ཟད་ཅི་ཡོད་པ་དེ་དག་ཐམས་ཅད་འཕགས་པ་མི་གཡོ་བས་བསངས་ཏེ་གཡས་རོལ་དུ་གཞག་གོ་གཡོན་རོལ་དུ་ནི། མཆོད་ཡོན་གྱི་སྣོད་གཉིས་རྩྭ་ཀུ་ཤ་དང་སྤོས་ཆུས་སྦྱར་བ་བླུགས་ ཏེ་བཞག་ལ་གཅིག་ནི། འཕགས་པ་མི་གཡོ་བས་བཟླས་སོ། །གཅིག་ནི་རྡོ་རྗེ་མཆོག་གིས་བཟླས་སོ། །ཞུགས་ཐབ་ཀྱི་ཁོ་ར་ཁོར་ཡུག་ཏུ་རྩྭ་ཀུ་ཤ་བསྐོར་བའི་ཐབས་སུ་དགྲམ་མོ། ། བདག་རང་གར་འདུག་པའི་གཞིར་ཡང་རྩྭ་ཀུ་ཤ་བསྐོར་བའི་ཐབས་སུ་གདིང་ངོ། །ཤིང་ཨུ་དུམ་ཝ་ར་དང། ཨ་ཤཏྠའི་དགང་གཟར་དང། བླུགས་གཟར་དང། མར་བཞུས་པ་ཡང་ མདུན་དུ་གཞག་གོ་དེ་ནས་མེའི་ཐབ་ཁུང་ཙནྡན་གྱིས་བསྐུས་ཏེ་མེ་ཏོག་དཀར་པོ་དྲི་ཞིམ་པོའི་སིལ་མ་ཡང་བཀྲམ་ལ་བྲམ་ཟེའི་ཁྱིམ་ནས་མེ་བླངས་ལ་ཁྲོ་བོའི་རྒྱལ་པོས་བསང་གཏོར་ [300A]༄༅། །བྱས་ཏེ་ཤིང་བླག་ཤ་དང། ཨུ་དུམ་བ་རའི་བུད་ཤིང་ལ་རླུང་གཡབ་ཀྱིས་མེ་སྦར་རོ། །དེར་ཁ་བྱང་ཕྱོགས་སུ་བལྟས་ཏེ་འདུག་ལ་ལག་པ་གཉིས་བྱུག་སྤོས་ཀྱིས་ བསྐུས་ཏེ་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པ་བཅིངས་ལ་བདག་ཉིད་རྣམ་པར་སྣང་མཛད་ཆེན་པོའི་སྐུ་ཆུའི་དཀྱིལ་འཁོར་ལ་གནས་པ་ཇི་ལྟ་བ་བཞིན་དུ་ཕྱག་རྒྱ་དང། གསང་སྔགས་ ཀྱིས་བྱིན་གྱིས་བརླབ་བོ། །དེ་ནས་ཐབ་ཁུང་གི་ཞབས་སུ་ཆུའི་དཀྱིལ་འཁོར་བསམས་ལ། ཆུའི་དབུས་སུ་ཡི་གེ་སྔ་མ་བཞིན་དུ་བཞག་པ་ལས་མེའི་གཟུགས་སུ་གྱུར་པ་དུང་དང་ མེ་ཏོག་ཀུན་ད་དང། ཟླ་བའི་མདོག་དང་འདྲ་བ། ཐོར་ཚུགས་ཅན་མིག་གསུམ་པ། ལག་པ་བཞི་པ། ལག་ན་བགྲང་ཕྲེང་དང། གུནྡྷི་དང། བེ་ཅོན་ཐོགས་ཤིང་མི་འཇིགས་པ་སྦྱིན་ བ༑ གོས་དཀར་པོ་བགོས་པ། སྲད་བུ་དཀར་པོ་སེ་རལ་ཁར་ཐོགས་པ་སྙིང་གའི་སུམ་མདོའི་རིས་མཚན་ཅན། ཡི་གེ་རས་མཚན་པ། མེ་ལྕེ་དཀར་པོ་འཕྲོ་བ། ཡེ་ཤེས་ཀྱི་རང་ བཞིན་ཅན། དེ་ལྟ་བུའི་མེ་ལྷ་བསམས་ལ། འཕགས་པ་མི་གཡོ་བས་བསྔགས་པའི་ཆུ་སྔར་བཤམས་པས་མེ་ལ་བསྐོར་བའི་ཐབས་སུ་བསང་གཏོར་བྱའོ། །རྡོ་རྗེ་མཆོག་སྦྱིན་ གྱིས་ཀྱང་ལན་གསུམ་དུ་བྱའོ། །ན་མས་མནྟ་བུདྡྷ་ནཱཾ་མཾ་སཱཧཱ། རྡོ་རྗེ་མཆོག་སྦྱིན་གྱིའོ། །དེ་ནས་མེ་ལ་རང་གི་གསང་སྔགས་ཀྱི་བྱུག་སྤོས་དང། མེ་ཏོག་ལ་སོགས་པ་དབུལ་ལོ། །དེ་ [300B]བས་བཟུང་ལ་མར་གྱི་དགང་བླུགས་གསུམ་སྦྱིན་ནོ། །དེ་ནས་ཤིང་ཨུ་དུམ་བ་རའམ། ཨ་ཤཏྠའི་རྩེ་མོའི་ཡམ་ཤིང་ རྩེ་གཉིས་མར་ལ་སྨྱུགས་པ་བདུན་བསྲེག་གོ་དེ་ནས་ཡང་མར་གྱི་གང་བླུགས་གསུམ་བྱིན་ལ་བསང་གཏོར་ཡང་སྔ་མ་བཞིན་དུ་བྱའོ་།ན་མས་མནྟ་བུད་དྷཱ་ནཾ། ཨོཾ་བར་དཱ་ག་ན་ཡེ་ཤཱནྟིཾ་ ཀུ་རུ་སཱཧཱ། དེ་བཞིན་དུ་ལྷ་ཐམས་ཅད་ལ་ཡང་སོ་སོར་སྦྱིན་སྲེག་བྱས་ལ་བསང་གཏོར་བྱའོ། །ན་མས་མནྟ་བུདྡྷཱ་ནཱཾ། ཧཱུཾ་ཨ་མཧཱ་ཤཱནྟི་ག་ཏ། ཤཱནྟི་ཀ་ར་པྲ་ཤཱ་མ་དྷརྨ་ནིར་ཛ་ཏ། ཨ་བྷཱ་བ་ སྭ་བྷཱ་བ་དྷརྨ་ས་མནྟ་པྲཱབྷ། ཨ་མུ་ག་སྱ་སསྟི་ཤཱནྟིཾ་བཾ་ཀུ་རུ་སཱཧཱ། ཞི་བའི་གསང་སྔགས་སོ། །དེ་ནས་སངས་རྒྱས་ཐམས་ཅད་དྲན་པར་བྱས་ལ་བདག་ཉིད་ཀྱིས་ནང་རྣམ་པར་དག་ པས་ཇི་ལྟ་བ་བཞིན་དུ་བྱང་ཆུབ་ཀྱི་སེམས་བསྒོམ་མོ། །དེ་ནས་ཟླ་བའི་དཀྱིལ་འཁོར་ལ་རང་གི་རིག་སྔགས་བཞག་སྟེ་རང་གི་ལྷའི་ཕྱག་རྒྱ་བཅིངས་ལ་རང་གི་ལྷའི་གཟུགས་སུ་བསྒོམ་ མོ༑ ༑དེ་ནས་ཡང་སྔ་མ་བཞིན་དུ་དགང་བླུགས་གསུམ་ལ་སོགས་པ་ཕུལ་ཏེ་བསྐོར་བའི་ཐབས་སུ་བསང་གཏོར་ཡང་བྱས་ལ་བདག་གི་རྒྱུད་ལས་བྱུང་བའི་རྫས་རྣམས་ཇི་སྲིད་མི་ སྐྱོ་བའི་བར་དུ་སྦྱིན་སྲེག་བྱའོ། །སྐྱོ་བར་གྱུར་ན་རྫོགས་པའི་སངས་རྒྱས་ཀྱི་སྐུར་བལྟས་ཏེ་ཡང་བྱང་ཆུབ་ཀྱི་སེམས་བསྒོམ་མོ་།དེ་ནས་མཆོད་ཡོན་ཕུལ་ལ་ལྷ་རྣམས་ལ་ཕྱག་བྱས་ [301A]༄༅། །ཏེ་སླར་གཤེགས་སུ་གསོལ་ལོ། །ལྷ་རྣམས་སླར་གཤེགས་སུ་གསོལ་ནས་ཕྱག་རྒྱའི་ཚོགས་རྣམས་གོས་གསར་པས་གཡོགས་ལ་ཕྱི་དེ་ཉིན་ཡང་སྔ་ མ་བཞིན་དུ་ལྷ་རྣམས་སོ་སོའི་དཀྱིལ་འཁོར་ལ་གནས་པར་བསམས་ཏེ་ཆོ་གའི་རིམ་པ་དེ་ཉིད་ནམ་ཞི་བར་གྱུར་གྱི་བར་དུ་བྱའོ། །གང་ཞིག་ཆོ་ག་འདི་ཡིས་སུ། །ཆོ་ག་ཤེས་པའི་ སྔགས་བསྒྲུབས་པས། །ལེ་ལོ་མེད་པར་ཞི་བྱས་ན། །ཞི་བ་མྱུར་དུ་ཐོབ་པར་འགྱུར། །ཟླ་བ་ཕྱེད་ཀྱི་ཁམས་རིས་གཅིག་ངེས་པ་ཉིད་དུ་ཞི་བར་འགྱུར། །རྒྱལ་པོ་ལ་ནི་ཞག་བཅུ་ གཉིས༑ ༑ཡུལ་ཕྱོགས་སུ་ནི་ཞག་བཅུས་སོ། །དེ་ལ་ཞི་བའི་ཆོ་གའི་ལས་བྱེད་པས་ཆོ་ག་འདི་ལྟར་སྤྱད་པར་བྱའོ། །གོས་དཀར་བགོས་ཤིང་གཙང་ལ་ཞི། །བྱང་ཆུབ་སེམས་ལ་རབ་ ཏུ་གཞོལ། །ཀུ་ཤ་བཏིང་བའི་སྟན་ལ་ཉལ། །དེ་ལས་བྱས་པའི་གསང་བྱེད་ཐོགས། །ནས་བཙོས་པའང་འོ་མ་འཐུང། །ཡིད་ཀྱིས་སྦྱིན་སྲེག་བྱེད་ལ་འཇུག་དུས་གསུམ་སྦྱིན་ སྲེག་བཟླས་བརྗོད་ཀྱིས། །ཞི་བའི་ཆོ་ག་སྤྱད་པར་བྱའོ། །ཞལ་བསིལ་རྡོ་རྗེ་མཆོག་སྦྱིན་གྱིས། །བསང་གཏོར་མི་གཡོ་མགོན་གྱིས་སོ་།འདི་ནི་རེ་ཞིག་མདོར་བསྡུས་ན། །སྦྱིན་སྲེག་ཆོ་གར་ བསྒྲགས་པ་ཡིན། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་བ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། ཞི་བའི་སྦྱིན་སྲེག་གི་ཆོ་ག་རིམ་པར་ཕྱེ་བའོ། །སྐལ་པ་ཆེན་ [301B] །ཤིན་ཏུ་རྒྱས་བྱེད་སྦྱིན་སྲེག་ཀྱང། །མ་ཡེངས་ཡིད་ཀྱིས་མཉན་པར་གྱིས། །སྔོན་གྱི་སྔགས་ལ་མཁས་པ་ཡིས་།སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར། །ཕན་པར་འདོད་ པས་བཤད་པར་བྱ། །དེ་བས་རྣམ་པ་ཐམས་ཅད་དུ། །རྒྱས་པའི་ཆོ་ག་སྤྱད་པར་བྱ། །གྲོང་ངམ་ཡང་ན་ལྗོངས་དག་གི། ཤར་གྱི་ཕྱོགས་སུ་གནས་བཅས་ནས། །སྔ་མ་བཞིན་དུ་ངེས་པ་ཡི། །ས་ གཞི་ལེགས་པར་བརྟག་པར་བྱ། །རི་ཡི་རྩེའམ་ཕྱུགས་ལྷས་སམ་།མཆོད་རྟེན་རིང་བསྲེལ་ཅན་དག་ཏུ། །རྒྱས་པའི་ལས་ནི་སྒྲུབ་བྱེད་པའི། །དཀྱིལ་འཁོར་ཤེས་རབ་ཅན་གྱིས་བྲི། །མཁས་ པས་ལས་ཀྱི་ཆོ་ག་ཡིས། །ས་ནི་ལེགས་པར་བརྐོས་ནས་སུ། །དབུས་སུ་རིན་ཆེན་བཞག་པ་ནི། །སྨན་དང་འབྲུ་རྣམས་བཅས་པའོ། །དེར་ཡང་ས་ནི་སེར་པོ་ཡིས། །ས་གཞི་ལེགས་ པར་དགང་བར་བྱ། །མཉམ་ཞིང་ལེགས་པར་བཅགས་ནས་སུ། །དེ་ཡི་འོག་ཏུ་དཀྱིལ་འཁོར་བྲི། །འདིར་ཡང་སྔགས་པ་མཁས་པས་རྡོ་རྗེ་མཆོག་སྦྱིན་རང་གི་དཀྱིལ་འཁོར་ལ་གནས་ པས་དེའི་གསང་སྔགས་དང་ཕྱག་རྒྱས་བདག་བྱིན་གྱིས་བརླབས་ལ་འཕགས་པ་མི་གཡོ་བས་མཚམས་གཅད་པ་དང། ཡོངས་སུ་གཟུང་བར་བྱའོ། །ཟླ་བ་ཡར་ངོའི་ཚེས་གསུམ་ མམ༑ ལྔའམ། བདུན་ནམ། ཡང་ན་ཟླ་བ་ཉ་ལ་ཡང་རུང་སྟེ། གཟའ་བ་བཟང་པོ་གཟའ་ལྷག་གམ། ཕུར་བུའམ། རྒྱུ་སྐར་གྲོ་ཞིན་དང་མོན་གྲུ་དང། སྣྲོན་དང། སྣར་མ་ལ་ [302A]༄༅། །བདག་ཉིད་རྣམ་པར་སྣང་མཛད་ཆེན་པོར་བྱིན་གྱིས་བརླབས་ཏེ་སྲད་བུ་སེར་པོ་བླངས་ལ་གྲངས་དང་ཚད་སྔར་བསྟན་པ་བཞིན་དུ་དཀྱིལ་འཁོར་གྱི་ཐིག་ གདབ་བོ། །དེ་ནས་དཀྱིལ་འཁོར་བསྐོར་ཏེ་ནང་དུ་ཞུགས་ལ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླགས་ལ་ཕྱག་བྱས་ཏེ་ཡང་རྣམ་པར་སྣང་མཛད་དུ་བདག་ བྱིན་གྱིས་བརླབས་ཏེ་ཚོན་རྩི་སེར་པོ་བླངས་ལ། དེར་ནི་ཡི་གེ་ཀ་བཞག་པ། །དེ་ཚེ་ཐུབ་པ་གསེར་ཐུབ་ནི། །གསེར་གྱི་ཁ་དོག་འབར་དང་བཅས། །ཏིང་འཛིན་གནས་ཤིང་སྡིག་ བཅོམ་པའོ། །དེ་ནས་དཀྱིལ་འཁོར་གྲུ་བཞི་རྟ་བབས་ཅན་དུ་བྲིལ་ནུབ་ཕྱོགས་ཀྱི་སྒོ་རྟག་ཏུ་དབྱེའོ། །ཕྱི་རོལ་ཏུ་རི་མོ་གྲུ་བཞི་པ་གསུམ་གྱིས་བསྐོར་ལ་དཀྱིལ་འཁོར་དུ་ལྷ་རྣམས་ དགོད་པ་སྔ་མ་བཞིན་དུ་བྱའོ། །དེ་ལ་ཁྱད་པར་ནི། འདི་ཡོད་དོ་།འཕགས་པ་ནམ་མཁའི་སྙིང་པོའི་གནས་སུ་ཀུན་ཏུ་བཟང་པོ་རིན་པོ་ཆེའི་རྒྱལ་མཚན་གྱི་ཕྱག་རྒྱ་ཡི་གེ་ས་དང་ བཅས་པར་གཞག་གོ་ས། མཛོད་སྤུའི་གནས་སུ་ནི། འཕགས་པ་ཛམྦྷ་ལ་ཤིང་ཏོག་པའི་ཛ་པུ་རིའི་ཕྱག་རྒྱ་དང། ཡི་གེ་ཛ་བདུད་རྩིའི་མཚན་ཉིད་ཅན་དང་བཅས་པར་གཞག་གོ་ ཛཾ༑ འཕགས་མ་ཁྲོ་གཉེར་ཅན་གྱི་གནས་སུ་གྲགས་ལྡན་མ་མེ་ཏོག་པྲི་ཡང་ཀུའི་ཕྱག་རྒྱ་ཡི་གེ་ཡ་དང་བཅས་པར་གཞག་གོ་ཡ་འཕགས་མ་གོས་དཀར་མོ་ཅན་གྱི་གནས་སུ་ [302B] དཔལ་ཆེན་མོ་འཕགས་མ་དཀར་མོ་ཞེས་བྱ་བ་པདྨའི་ཕྱག་རྒྱ་དང་ཡི་གེའི་འབྲུར་གཞག་གོ་ཤྲིའི། འཕགས་པ་གནོད་མཛེས་ཀྱི་གནས་སུ་ནི། དཔུང་བཟང་རྡོ་རྗེའི་ཕྱག་རྒྱ་དང་ཡི་ གེའི་འབྲུར་གཞག་གོ་ཧཱུཾ། བདུད་རྩིའི་ཐབ་སྦྱོར་གནས་སུ་ནི། རྡོ་རྗེའི་སྡེ་སྟེ། རྡོ་རྗེའི་ཕྱག་རྒྱ་དང་ཡི་གེའི་འབྲུར་གཞག་གོ་།ས། གནས་གཙང་མ་བ་རྣམས་ཀྱིས་གནས་སུ་ནི། བརྒྱ་ བྱིན་དང་འཇིག་རྟེན་སྐྱོང་བ་བཞི་དགོད་དོ། །དེ་ནས་ཕྱི་རོལ་གྱི་མ་མོ་གཉིས་ཀྱི་ནང་ལོགས་ཁོ་ར་ཁོར་ཡུག་དང་གྲ་ཐམས་ཅད་དུ་རྡོ་རྗེ་བྲིའོ། །དེ་ནས་དཀྱིལ་འཁོར་གྱི་གཡས་ལོགས་ འཁོར་སའི་ནང་དུ་མེའི་ཐབ་ཁུང་བྱ་བ་ནི། གྲུ་བཞི་ལྷམ་པ་ཁ་རན་ཅན། །རྒྱར་ནི་ཁྲུ་དོའི་ཚད་དུ་བྱ། །རྡོ་རྗེའི་མཚན་མ་རྣམས་ཀྱིས་བསྐོར། །ཟབས་སུ་ཁྲུ་གང་ཙམ་གྱི་ཚད། །ཁ་རན་ མཐོ་གང་ཚད་དུ་བྱ། །འཇིམ་པ་སེར་པོའི་སྐྱང་ནུལ་བསྐུ་།པདྨའི་ཕྱག་རྒྱ་མཛུབ་གང་བ། །འཕང་དུ་སོར་བཞིའི་ཚད་དུ་བྱ། །དུས་གསུམ་དུ་བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་བསྐུའོ་།དེ་ནས་ སྔ་མ་བཞིན་དུ་དཀྱིལ་འཁོར་གྱི་བདག་པོའི་ལྷ་ལ་སོགས་པ་རྣམ་པ་དང་མཚན་མ་ཇི་ལྟ་བ་བཞིན་དུ་བསམས་ཏེ་བྱུག་སྤོས་དང་མེ་ཏོག་ལ་སོགས་པས་མཆོད་པ་བྱའོ། །དེ་ལ་ཁྱད་པར་ནི་ འདི་ཡོད་དེ། གང་གི་ཚེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གནས་སུ་བཞུགས་སུ་གསོལ་པ་དང། བྱུག་སྤོས་དང། མེ་ཏོག་ལ་སོགས་པས་མཆོད་པ་དེའི་ཚེ་བདག་ཉིད་རྡོ་རྗེ་མཆོག་ [303A]༄༅། །སྦྱིན་དུ་བྱིན་གྱིས་བརླབས་ཏེ་བྱའོ། །འདིར་བྱུག་སྤོས་དང་མེ་ཏོག་ལ་སོགས་པའི་ཁྱད་པར་བཤད་པར་བྱ་སྟེ། གུར་གུམ་ག་པུར་བསྲེས་པ་ནི། །རྒྱས་པ་དག་ལ་བྱུག་ སྤོས་མཆོག་དྲི་ཞིམ་ཁ་དོག་སེར་པོ་དང། །དེ་མ་རྙེད་ན་སྦྱར་བར་བྱ། །མེ་ཏོག་ཙམ་པ་རབ་ཏུ་བཟང། །ཡུ་ཏི་སྣ་མ་སེར་པོ་དང་།དེ་ལས་གཞན་པའང་དྲི་ཞིམ་པ། །སེར་པོ་དག་ནི་དབུལ་ བར་བྱ༑ ༑གུར་གུམ་ཨ་ག་རུ་དང་སྦྱར། །ཤ་ཁ་ར་དང་སྦྱར་བ་དག་རྒྱས་པའི་ལས་རྣམས་འགྲུབ་པའི་ཕྱིར། །བདུག་སྤོས་མཁས་པས་དབུལ་བར་བྱ། །གུ་གུལ་དང་ནི་ཙནྡན་ཡང། ། མར་དང་སྦྱར་བ་བདུག་སྤོས་མཆོག་གནྡྷ་ར་ས་གུར་གུམ་བསྲེས་།བདུག་སྤོས་སྔགས་ལ་མཁས་པས་དབུལ། །མར་མེ་སྣོད་ནི་གསེར་གྱི་བཟང། །ཡང་ན་ཁམ་པ་སེར་པོའང་རུང།། མཁས་པས་རས་ནི་སེར་པོ་ཡི། །མེ་མར་སྙིང་པོ་སེར་པོ་དབུལ། །སྤོས་ཀྱི་འབྲུ་མར་བཟང་པོ་ཡིས། །དེ་ཡི་སྣུམ་ནི་དྲི་ཞིམ་བྱ། །ཡང་ན་ཏིལ་གྱི་འབྲུ་མར་གྱིས། །མར་མེ་གཙང་མ་དབུལ་ བར་བྱ༑ ༑འབྲས་ཆན་སེར་པོ་སྲན་ཚོད་ཙམ། །མར་དང་བཅས་པ་ཤིན་ཏུ་བཟང། །ཚོད་མ་རྣམས་ཀྱང་སེར་པོར་བྱ། །ཤིང་ཏོག་བག་ཚོས་དེ་བཞིན་ནོ། །སྤོས་ཆུ་མེ་ཏོག་སེར་པོ་དང། །དེ་ བཞིན་འབྲས་དང་དུར་བའི་རྩྭ། །སྣོད་ཀྱང་སེར་པོར་བླུགས་པ་དག་།རྒྱས་པ་ལ་ནི་མཆོད་ཡོན་ཤིས། །དེ་ལྟར་མཆོད་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ། དེ་ནས་རྡོ་རྗེ་མཆོག་སྦྱིན་དུ་བདག་ [303B]མ་སྦྱིན་ནོ། །དེ་ནས་ཉེ་རེག་བྱས་ཏེ་ནང་དུ་ཞུགས་ལ་སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ཏེ་མེའི་ཐབ་ཁུང་གི་དྲུང་དུ་བསྲེག་པར་བྱ་ བ་ལ་སོགས་པ་སྔགས་ཀྱི་གསང་བ་རྣམས་སྔ་མ་བཞིན་དུ་བཞག་ལས་ལ་རྩྭ་ཀུ་ཤ་བཏིང་བའི་སྟེང་དུ་པདྨའི་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ་བདག་ཉིད་རྣམ་པར་སྣང་མཛད་ཆེན་པོའི་ སྐུར་བསམས་ཏེ་ཁང་པའི་ནང་བྱུག་སྤོས་སེར་པོས་ཞུགས་ཐབས་བསྐུས་ཏེ་མེ་ཏོག་སེར་པོའི་སིལ་མ་ཡང་བཀྲམ་ལ་རྩྭ་ཀུ་ཤ་བཏིང་སྟེ་རྒྱལ་རིགས་ཀྱི་ཁྱིམ་མམ། རྒྱལ་པོའི་ཕོ་བྲང་ ནས་མེ་བླངས་ལ་བསང་གཏོར་བྱས་ཏེ་ཤིང་བླག་ཤ་དང། ཨུ་དུམ་པ་རས་མེ་སྦར་ལ་དེ་ནས་མེའི་ཐབ་ཁུང་གི་ཞབས་སུ་དབང་ཆེན་གྱི་དཀྱིལ་འཁོར་བསམས་ཏེ། དེར་ཡི་གེ་ཡ་ ཀླད་ཀོར་དང་བཅས་པར་པདྨ་ལ་གནས་པ་བསམ་མོ། །ཡཾ། ཡི་གེ་ར་ལས་ཐབ་ཁུང་གི་ནང་ནས་མེ་བྱུང་བར་བསམ་པ་ནི། གསེར་གྱི་ཁ་དོག་ལྟ་བུའི་ཐོར་ཚུགས་ཅན། མིག་གསུམ་ པ༑ གདོང་བཞི་པ། ལག་ན་བགྲང་ཕྲེང་དང། གུནྡྷ་ཐོགས་ཤིང་མཆོག་སྦྱིན་པ། གོས་སེར་པོ་བགོས་པ། སྲད་བུ་སེར་པོ་སེ་རལ་ཁར་ཐོགས་པ། སོར་རིས་གསུམ་གྱིས་བྱུགས་ པ༑ སུམ་མདོའི་རིས་མཚན་ཅན། ཡི་གེ་རས་མཚན་པ། གསེར་གྱི་ཁ་དོག་འདྲ་བ། མེ་ལྕེ་འབར་བ་ཀུན་ཏུ་འཕྲོ་བ། མཐུ་ཆེན་པོ་དང་ལྡན་པ། གསང་སྔགས་ཀྱི་རྒྱལ་པོའི་འོད་ [304A]༄༅། །ཟེར་ལས་བྱུང་བ་དེ་ལྟ་བུའི་མེ་བསམས་ཏེ། དེ་ནས་བསང་གཏོར་བྱ་བ་དང། ཁ་བཀྲུ་བ་དང། མཆོད་ཡོན་དབུལ་བ་བྱས་ལ་བྱུག་སྤོས་དང། མེ་ཏོག་ལ་སོགས་པ་ རང་གི་སྔགས་ཀྱིས་སྦྱིན་ནོ། །ན་མས་མནྟ་བུདྡྷཱ་ནཱཾ། ཨགྣེ་ཡེ་སཱཧཱ། དེ་ནས་འོ་ཐུག་སྤྲད་རྩེ་དང་མར་ལ་སོགས་པར་སྦྱར་བའམ། ཏིལ་ནག་པོ་མར་དང་སྦྱར་བའི་སྲེག་བླུགས་ གསུམ་བྱིན་ཏེ། དེ་ནས་ཤིང་བིལ་བའི་དགང་གཟར་དང་བླུགས་གཟར་གྱིས་མར་གྱི་དགང་བླུགས་བདུན་སྦྱིན་ནོ། །དེ་ནས་ཤིང་བླག་ཤའམ། ཨུ་དུམ་བ་རའི་དབུས་ཀྱི་ཆ་ལས་ བྱུང་བའི་ཡཾ་སྲེག་ཤིང་སྦོམས་སུ་ཆང་བ་གང་ལ་སྲིད་དུ་ཁྲུ་གང་བ་མར་ལ་མྱུགས་པའི་སྦྱིན་སྲེག་གསུམ་བྱིན་ལ། ཡང་དགང་བླུགས་གསུམ་སྦྱིན་ནོ། །དེ་ནས་སྔ་མ་བཞིན་དུ་ ལྷའི་གཟུགས་རྣམས་བསམས་ཏེ་སྙིང་པོ་དེ་དང་དེས་སྲེག་བླུགས་གསུམ་དབུལ་ལོ། །དེ་ནས་སངས་རྒྱས་ཐམས་ཅད་བསམས་ཏེ་བྱང་ཆུབ་ཀྱི་སེམས་བསྒོམས་ལ་བདག་གི་ལྷའི་ གཟུགས་སུ་བསམས་ཏེ་སྔ་མ་བཞིན་དུ་སྲེག་བླུགས་གསུམ་ཕུལ་ནས་བདག་གི་དངོས་གྲུབ་སྒྲུབ་པ་ལས་བཤད་པའི་རྫས་ལས་སྦྱིན་སྲེག་བྱའོ་།ཐོག་མར་ཨོཾ་ཞེས་བརྗོད་ལ་ མཇུག་ཏུ་གྲགས་པ་དང། དཔལ་དང། ལོངས་སྤྱོད་དང། དགེ་བ་དང་ནོར་ལ་སཱཧཱ་ཞེས་བྱ་བ་སྦྱར་རོ། །ཡང་ན་བདག་གིས་ཇི་ལྟར་བསམ་པའི་དངོས་གྲུབ་ཀྱི་རྫས་ལ་སཱཧཱ་ཞེས་ [304B] །དེ་ལྟར་དེ་ཇི་ལྟ་བ་བཞིན་དུ་སྦྱིན་སྲེག་བྱས་ནས་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་རིམ་པ་དེ་ཉིད་སྔ་མ་བཞིན་དུ་བྱའོ། །འདིར་ཡང་སྒྲུབ་པ་པོས་ཆོ་ག་སྤྱད་ པ་ནི། གོས་ནི་སེར་པོ་བགོ་བར་བྱ། །གཙང་བྱེད་སེར་པོ་གཙང་མ་ཐོགས། །སེམས་ནི་བརྟན་ཞིང་མཐུ་ཡང་ཆེ། །ཤིན་ཏུ་མི་སྨྲ་སེར་སྣ་མེད། །བྱང་ཆུབ་སེམས་ལ་རྟག་ཏུ་དགའ། །དུས་ གསུམ་ཆོ་ག་ཐོག་མར་བྱེད། །ནས་ཆན་བཙོས་པའོ་མ་འཐུང། །རྒྱས་པའི་ལས་ནི་བརྩམ་པར་བྱ། །གང་གིས་དེ་ལྟར་རྒྱས་པ་ཡི། །ལས་ནི་ལེགས་པར་བརྩམས་པ་ནི། །དེ་ཡིས་ཡིད་ལ་ གང་བསམས་པའི། །རྒྱས་པ་མྱུར་དུ་འགྲུབ་པར་འགྱུར། །རལ་གྲི་འཁོར་ལོ་རྡོ་རྗེ་དང། །ལྡོང་རོས་མིག་བསྐུ་གི་ཝང་དང། །ཡིད་བཞིན་ནོར་བུ་བུམ་པ་གོས། །ནོར་གྱི་ཆར་འབབ་ལྷམ་དག་ དང། །གདུགས་དང་ཤིང་རྟ་བོ་ཞན་པ་དང། །དེ་བཞིན་ཁང་པ་བརྩེགས་པ་དང། །པདྨ་བུམ་པ་མདུང་རྩེ་གསུམ། །བགྲང་ཕྲེང་བེ་ཅོན་གུནྡྷེ་དང། །པི་ཝང་མདུང་ཐུང་མདའ་ཡང་རུང། །ལྷུང་བཟེད་ དང་ནི་གསེག་ཤང་དང། །ཡང་ན་རྫས་ནི་གང་འདོད་པ། །དཀྱིལ་འཁོར་འདིར་ནི་བསྒྲུབ་པར་བྱ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པའི་བྱིན་གྱིས་ རློབ་པ་ལས། རྒྱས་པའི་ལས་ཀྱི་སྦྱིན་སྲེག་གི་ཆོ་ག་རིམ་པར་ཕྱེ་བའོ།། །།དེ་ནས་གཞན་ཡང་སྦྱིན་སྲེག་འདི། །དབང་གི་ལས་ནི་རབ་སྒྲུབ་པ། །འཇིག་རྟེན་སྒྲོན་མ་མཛད་པ་ཡིས།། [305A]༄༅། །བརྩེ་བར་གྱུར་པའི་ཐུགས་ཀྱིས་གསུངས། །དེ་ནི་མ་ལུས་བཤད་པར་བྱའི། །འབྱོར་བར་འདོད་པས་ང་ལ་ཉོན། །ཐོག་མར་ས་གཞི་བརྟག་པ་ནི། །གྲོང་ངམ་ཡང་ ན་ལྗོངས་དག་གི་མེ་ཡི་ཕྱོགས་སུ་གནས་བཅས་ཏེ། །འགྲོ་བ་མེད་པའི་ཁང་སྟོང་ངམ། །ཤིང་གཅིག་དྲུང་ངམ་དུར་ཁྲོད་དམ། །ཡང་ན་བདེ་བྱེད་གནས་སུའམ། །མ་མོའི་གནས་ སམ་ཕུག་ཀྱང་རུང། །སྔགས་པས་དཀྱིལ་འཁོར་བྲི་བ་ནི། །མར་གྱི་ངོ་ཡི་ཚེས་དགུ་ལ། །དབང་གི་ལས་ནི་བརྩམ་པར་བྱ། །གཟའ་ནི་ཉི་མའམ་མིག་དམར་ལ། །སྒྱུ་སྐར་རྒྱལ་དང་ སྨིན་དྲུག་དང། །མཆུ་དང་ས་ག་དག་ལ་ནི། །མཁས་པས་དཀྱིལ་འཁོར་བྲི་བར་བྱ། །དེ་ལ་དང་པོར་སྔགས་པས་བདག་ཕྱག་ན་རྡོ་རྗེར་བྱིན་གྱིས་བརླབས་ལ་ས་ཁ་དོག་དམར་པོ་ལ་སྦྱང་ བ་དང། ཡོངས་སུ་གཟུང་བ་ལ་སོགས་པ་བྱས་ཏེ། དེ་ནས་བདག་ཉིད་རྣམ་པར་སྣང་མཛད་ཆེན་པོར་བྱིན་གྱིས་བརླབས་ལ། འཕགས་པ་མི་གཡོ་བས་བཟླས་པའི་སྲད་བུ་ལེ་བརྒན་དུ་ བཙོས་པ་བླངས་ཏེ་དཀྱིལ་འཁོར་གྱི་ཐིག་གདབ་པ་ནི། གྲུ་གསུམ་པ་ལ་སྒོ་ཤར་ཕྱོགས་སུ་གཏོད་པ། སྒོ་ཁྱུད་དང། རྟ་བབས་དང། མུ་རན་གྱི་ཆ་ལེགས་པར་ཕྱེ་སྟེ། དེ་ནས་ ཚོན་རྩི་བླང་བ་ནི། །དམར་པོ་ཤིན་ཏུ་བཟང་པོ་ལ། །ཡི་གེ་འབར་བ་གཞག་པ་ནི། །ར་ཡི་ཡི་གེ་ཀླད་དང་བཅས། །ཉི་མ་འཆར་བ་འདྲ་བ་སྟེ། །ཤིན་ཏུ་གདུལ་དགའ་རྒྱལ་བའི་མཆོག་ [305B] །སངས་རྒྱས་ཐམས་ཅད་དྲན་བྱས་ཏེ། །དཀྱིལ་འཁོར་ཀུན་ཏུ་བྲི་བར་ནི། །གྲུ་གསུམ་ཡང་ན་གྲུ་ལྔའམ། །ཡང་ན་བདུན་ནམ་དགུ་ཡང་རུང། །གསང་སྔགས་དངོས་ གྲུབ་རྗེས་མཐུན་པར། །རྣམ་པ་གསུམ་དུ་དབྱེ་བར་བྱ། །ལྷ་རྣམས་དགོད་པ་སྔ་མ་བཞིན། །མཁས་པས་རིགས་ཀྱི་བདག་པོས་བྱས། །ལྷག་མ་རྣམས་ནི་ཅི་རིགས་པར། །མཁས་པ་ཡིས་ནི་དགོད་ པར་བྱ། །དེ་ལ་ནམ་མཁའི་སྙིང་པོས་གནས་སུ་སྐྲ་ཅན་དང་ཉེ་སྐྲ་ཅན་གཉིས་བེ་ཅོན་དང་ཞགས་པའི་ཕྱག་རྒྱར་གཞག་གོ་གནོད་མཛེས་ཀྱི་གནས་སུ་ནི་རྡོ་རྗེ་ལྕགས་ཀྱུ་མདའི་ཕྱག་རྒྱར་གཞག་ གོ་སྤྱི་བོ་སྐྱེས་ཀྱང་མདའི་ཕྱག་རྒྱར་གཞག་གོ་ཕྱི་རོལ་ཏུ་ནི་ཕྱག་བརྙན་མ་གཞི་ཞགས་པའི་ཕྱག་རྒྱར་བྲིའོ། །དེ་ནས་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་བྱའོ། །བྱུག་སྤོས་དང་མེ་ཏོག་ལ་ སོགས་པ་ཡང་དམར་པོ་དབུལ་ལོ། །མེའི་ཐབས་ཁུང་ཡང་སྔ་མའི་གནས་སུ་བྱ་སྟེ། སྲིད་དུ་སོར་ཉི་ཤུའི་ཚད་ལ། ཁ་རན་སོར་གཉིས་པ་ཁ་ཕར་བལྟ་བར་བྱའོ། །ཟབས་སུ་མཐོ་ཆུང་ངུ་གང་ ལ་དབུས་སུ་རྡོ་རྗེ་སོར་བརྒྱད་པས་དམར་པོས་བསྐུས་པ་བྱའོ། །མེའི་ཐབ་ཁུང་དེ་ནི་གྲུ་གསུམ་ལ་ཟུར་གསུམ་དུ་བྱའོ། །དེ་ནས་བདག་ཕྱག་ན་རྡོ་རྗེར་བྱིན་གྱིས་བརླབས་ལ་ཕྱི་རོལ་ཏུ་གཏོར་མ་ སྦྱིན་ནོ། །དེ་ནས་བཙོ་བླག་མཁན་གྱི་ཁྱིམ་ནས་མེ་བླངས་ལ་སྔ་མ་བཞིན་དུ་བསང་གཏོར་བྱ་སྟེ། སེང་ལྡེང་ཤིང་ངམ། ཨ་ཤོ་ཀའམ། ཤིང་ཀཱ་ར་བའི་རའི་མེ་བུས་ལ་དེ་བཞིན་དུ་ [306A]༄༅། །བདག་ཉིད་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ཏེ་མེའི་ཐབ་ཁུང་གི་ཞབས་སུ་མེའི་དཀྱིལ་འཁོར་བསམས་ལ་ཡི་གེར་གཞག་གོ་ཡི་གེར་དེ་ཡང་འབར་ བའི་ཕྲེང་བ་འཕྲོ་བ་ལས་མེའི་གཟུགས་སུ་གྱུར་པར་བསམས་པ་ནི་ཉི་མ་འཆར་བ་འདྲ་བ། གདུལ་དཀའ་བ། མིག་གསུམ་པ། ཐོར་ཚུགས་ཅན། དབུ་སྐྲ་ཁམ་པ། ལག་པ་ བཞི་པ༑ ལག་ན་བེ་ཅོན་དང། ཞགས་པ་དང། བགྲང་ཕྲེང། གུནྡྷེ་ཐོགས་པ། གོས་དམར་པོ་གྱོན་ཞིང་སྲད་བུ་དམར་པོ་སེ་རལ་ཁར་ཐོགས་པ། ཡི་གེ་རས་མཚན་པ། མེ་ལྕེ་ འབར་བ་དམར་པོའི་འོད་འཕྲོ་བ་དེ་ལྟ་བུའི་མེ་བསམས་ཏེ་བསང་གཏོར་བྱས་ལ་མཆོད་ཡོན་ཕུལ་ཏེ་རང་གི་གསང་སྔགས་ཀྱིས་བྱུག་སྤོས་དང་མེ་ཏོག་ལ་སོགས་པ་སྦྱིན་ལ། དེ་ནས་ ཤིང་ཀཱ་ར་བའི་རའི་ཡམ་སྲེག་ཤིང་ཡུངས་མར་དང་ཙནྡན་དམར་པོ་ལ་མྱུགས་པའི་སྦྱིན་སྲེག་བདུན་སྦྱིན་ནོ། །དེ་ནས་དཀྱིལ་འཁོར་དུ་བཀོད་པའི་ལྷ་རྣམས་ལ་སྲེག་བླུགས་བདུན་ ཕུལ་ཏེ་སྔ་མ་བཞིན་དུ་བདག་གི་ལྷའི་གཟུགས་བསམས་ལ་གཞག་སྟེ་དེ་བཞིན་དུ་སྲེག་བླུགས་ཕུལ་ལ་ཆོ་ག་ལས་བྱུང་བའི་རྫས་རྣམས་སྦྱིན་སྲེག་བྱའོ། །མཇུག་ཏུའང་བྱང་ཆུབ་ ཀྱི་སེམས་སྒོམ་པ་ལ་སོགས་པའི་ཆོ་ག་དེ་བཞིན་དུ་བྱའོ། །ཆོ་ག་འདི་ཡང་དཀྱིལ་འཁོར་གྱི་ཡོ་བྱད་ཐམས་ཅད་ཁ་དོག་དམར་པོར་བྱའོ། །མེའི་གནས་ཀྱང་དུས་གསུམ་དུ་ཙནྡན་ [306B] །དཔལ་ལྡན་གོས་ནི་དམར་པོ་བགོས། །བྱུག་སྤོས་ཕྲེང་བ་དམར་པོས་བརྒྱན་།སྲད་བུ་དམར་པོའི་སེ་རལ་ཐོགས། །བྱང་ཆུབ་ སེམས་ཀྱི་བྱེ་བྲག་ཤེས། །ཟས་སུ་སྲན་ཆུང་ཅི་ཚེ་ཟ། །ཡང་ན་ཟས་སུ་ཤིང་ཏོག་ཟ། །དགའ་ཞིང་འཛུམ་ཚུལ་མི་སྨྲ་ཐུབ། །སེམས་དང་སེམས་ནི་རྗེས་སུ་སྦྱོར། །རྟག་ཏུ་བཟླས་དང་ སྦྱིན་སྲེག་བྱེད། །ལྷ་ཡི་གཟུགས་ནི་སེམས་པ་ཡི། །མི་ཡིས་དབང་དུ་བྱ་བ་ཡི། །དངོས་གྲུབ་མ་ལུས་བརྩམ་པར་བྱ། །གང་ཞིག་ཆོ་ག་འདི་ཡིས་སུ། །ཆོ་ག་ཤེས་པས་ལས་ བརྩམས་ན། །གཟི་བརྗིད་ཅན་ནམ་དེ་ཡི་བུ། །ཟླ་བ་གཅིག་གིས་དབང་དུ་འགྱུར། །སྦྱིན་སྲེག་ཟླ་བ་གཉིས་བྱས་ན། །ཕྱག་བརྙན་ཕོ་མོས་གནོད་སྦྱིན་མ། །དེ་བཞིན་ས་འོག་བུ་མོ་དག་སྔགས་ པས་མྱུར་དུ་ཁུགས་པར་འགྱུར། །འདི་ནི་རེ་ཞིག་མདོར་བསྡུས་ཏེ་།དབང་གི་སྦྱིན་སྲེག་བསྒྲགས་པ་ཡིན། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་ པའི་བྱིན་གྱིས་རློབ་པ་ལས། དབང་དུ་བྱ་བའི་སྦྱིན་སྲེག་རིམ་པར་ཕྱེ་བའོ།། །།ད་ནི་དྲག་ཤུལ་སྤྱོད་པ་ཡི། །ཆོ་ག་མ་ལུས་བཤད་པར་བྱ། །གནོད་སྦྱིན་ལྟོ་འཕྱེ་ཡི་དྭགས་ གཏུམ༑ ༑ལྷ་མིན་དྲི་ཟ་མིའམ་ཅི། །སེམས་ཅན་རྣམས་ལ་གནོད་བྱེད་དང། །དེ་བཞིན་བགེགས་དང་ལོག་འདྲེན་དང། །འབྱུང་པོ་མ་མོ་སྲིན་པོ་དང། །མཁའ་འགྲོ་དང་ནི་ལུས་སྲུལ་ [307A]༄༅། །དང། །མི་ཡང་རྒྱགས་དྲེགས་མཐུ་ལྡན་ཞིང། །དྲག་པོའི་ལས་བྱེད་སྡང་བའང་རུང། །དེ་དག་གདུལ་ཕྱིར་སྔགས་ཤེས་པས་།དྲག་ཤུལ་ལས་ནི་བརྩམ་པར་ བྱ༑ ༑ཉེས་པ་ཆུང་ངུ་དག་ལ་ནི། །དྲག་པོའི་ཆོ་ག་མི་བརྩམ་མོ། །གྲོང་གི་ལྷོ་ཡི་ཕྱོགས་སུ་ནི། །བརྟུལ་བས་ས་གཞི་ནག་པོ་ལ་།དུར་ཁྲོད་དབེན་པའམ་དགོན་པའམ། །སྐྱེད་མོས་ཚལ་ རྙིང་ཞི་གནས་སུ། །མར་གྱི་ངོ་ཡི་ཚེས་བརྒྱད་དམ། །ཡང་ན་ཚེས་ནི་བཅུ་བཞི་ལ། །གཟའ་ནི་སྤེན་པ་མིག་དམར་དང། །རྒྱུ་སྐར་རླུང་ལས་བྱུང་བ་དང། །མེ་བཞི་དང་ནི་ནག་པ་དང།། ཐ་སྐར་དང་ནི་དེ་བཞིན་དབོ། །ནབ་སོ་དང་ནི་ས་རི་དང། །རྒྱུ་སྐར་དེ་དག་དྲག་པོ་སྟེ། །དེ་དག་གང་ཡང་རུང་བ་ལ། །སྔགས་པ་ཁྲོས་པ་གཤིན་རྗེའི་བཞིན། །དཀྱིལ་འཁོར་འཇིགས་ པ་བྲི་བ་ནི། །དགྲ་ཡི་སྲོག་ནི་གཅོད་བྱེད་པའི། །སྔགས་པ་བདག་ཉིད་རང་གི་རྒྱས། །རྡོ་རྗེ་སེམས་དཔར་བྱིན་བརླབས་ཏེ། །སྔགས་ལ་འཇིགས་པ་མེད་པ་ཡིས། །ས་གཞི་སྔ་མ་བཞིན་ དུ་སྦྱང། །དེ་ནས་མི་གཡོ་མཐུ་ཆེན་གྱིས། །ཡོངས་སུ་བཟུང་ལ་སོགས་བྱས་ནས། །རང་གི་ཡི་གེ་ཕྱག་རྒྱ་ཡིས། །དེ་ནས་རྣམ་སྣང་མཛད་དུ་བྱ། །བུ་མོ་གཞོན་ནུས་བཀལ་བ་ ཡི༑ ༑སྲད་བུ་སྔོན་པོ་དེར་བླངས་ནས། །དཀྱིལ་འཁོར་ནན་ཏན་ཐིག་གདབ་པ། །གྲུ་གསུམ་ཕྱི་རོལ་ཟླུམ་པོར་བྱ། །ཁྲུ་བཞི་ཁྲུ་ལྔ་ཁྲུ་བརྒྱད་དམ། །དེ་བཞིན་བཅུ་གཉིས་ [307B] །ཇི་ལྟར་ལས་ཀྱི་རྗེས་མཐུན་པར། །མཁས་པས་ཚད་ནི་བརྟག་པར་བྱ། །དེ་ནས་དུར་ཁྲོད་ཐལ་བའམ། །མཁས་པས་ཚོན་རྩི་ནག་པོ་ལ། །ཡི་གེ་ཧ་ནི་དེར་གཞག་ལ།། མེ་ལྕེ་འབར་བའི་ཕྲེང་བ་འཕྲོ། །དུས་མཐའི་མེ་ལྟར་འཇིགས་པའི་གཟུགས། །དབྱར་གྱི་ཆར་སྤྲིན་འདྲ་བའི་མདོག་ཁ་ནི་མཆེ་བ་གཙིགས་པ་ལ། །ལག་ན་རྡོ་རྗེ་ཅོད་པན་ ཅན༑ ༑བདུད་ཀྱི་སྡེ་ནི་ཐམས་ཅད་དང། །སྡང་བ་ཐམས་ཅད་བསྡིགས་བྱེད་པ། །ཚོན་ལ་མཁས་པས་ཚོན་དེ་ལ། །དེ་འདྲའི་ཡི་གེ་བཞག་ནས་ནི། །ཤེས་རབ་ཅན་གྱིས་དཀྱིལ་འཁོར་ བྲི༑ ༑བ་དན་མང་པོའི་མཚན་མས་མཚན། །རྟ་བབས་དང་ནི་སྒོ་ཁྱུད་བཅས། །སྒོ་ཡི་ཆ་ནི་ལེགས་པར་ཕྱེ། །ལྷ་ཡི་གཙོ་བོར་བཞག་པ་ནི། །སྔ་མ་བཞིན་དུ་བརྟག་པར་བྱ། །བྱང་ཕྱོགས་ སྒོ་ནི་ཕྱེ་ནས་སུ། །ལྷག་མའི་སྒོ་རྣམས་གཅད་པར་བྱ། །དེ་ལ་འཕགས་པ་ནམ་མཁའི་སྙིང་པོའི་གནས་སུ་ཁྲོ་བོའི་རྒྱལ་བ་གཤིན་རྗེའི་གཤེད་གསལ་ཤིང་གི་ཕྱག་རྒྱར་བྲིའོ། ། མཛོད་སྤུའི་གནས་སུ་ཁྲོ་བོའི་རྒྱལ་པོ་འཕགས་པ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་རྡོ་རྗེ་དང་དགྲ་སྟའི་ཕྱག་རྒྱར་བྲིའོ་།མཐུ་ཆེན་ཐོབ་དང། འཕགས་མ་ཁྲོ་གཉེར་ཅན་ དང། འཕགས་མ་སྒྲོལ་མའི་གནས་རྣམས་སུ་དོན་ཡོད་ཞགས་པ་དང་རལ་པ་གཅིག་མ་དང། རྟ་མགྲིན་རྣམས་ཞགས་པ་དང། དགྲ་སྟ་དང། རྡོ་རྗེ་བེ་ཅོན་གྱི་ཕྱག་རྒྱ་ [308A]༄༅། །རྣམས་སུ་གོ་རིམ་བཞིན་དུ་གཞག་པར་བྱའོ། །གནོད་མཛེས་ཀྱི་གནས་སུ་ཁྲོ་ཟླ་གཙོ་བོའི་རྡོ་རྗེའི་ཕྱག་རྒྱར་གཞག་གོ་།འཕགས་པ་མི་ གཡོ་བ་ཡང་བེ་ཅོན་གྱི་ཕྱག་རྒྱར་གཞག་གོ་སྒོ་དྲུང་དུ་ནི་གདུལ་དཀའ་བ་དང། མངོན་དུ་ཕྱོགས་པ་གཉིས་བེ་ཅོན་གྱི་ཕྱག་རྒྱར་གཞག་གོ་གནས་གཙང་མ་ བ་རྣམས་ཀྱི་གནས་སུ་གཤིན་རྗེའི་འཆི་བདག་དང། དུས་མཚན་མོ་དང་ལྷན་ཅིག་ཏུ་གཞག་གོ་བདེན་བྲལ་ཡང་རལ་གྲིའི་ཕྱག་རྒྱར་གཞག་གོ་འཁོར་ སའི་དབུས་སུ་མེའི་ཐབ་ཁུང་སྒོ་ལ་ཕྱོགས་པར་བྱའོ། །དཀྱིལ་འཁོར་གྱི་ཕྱི་རོལ་ཁོར་ཁོར་ཡུག་ཏུ་བ་དན་རྣམས་བྲིའོ། །མེའི་ཐབ་ཁུང་ནི། དབང་གི་ ལས་ཀྱི་མེའི་ཐབ་ཁུང་བཞིན་དུ་བྱ་སྟེ། བྱེ་བྲག་ཏུ་ནི་ཕྱི་རོལ་གྱི་མུ་རན་ཟླུམ་པོར་བྱས་ལ་བ་དན་མང་པོས་མཚན་པར་བྱའོ་།དཀྱིལ་འཁོར་གྱི་ལྷ་རྣམས་ སྔ་མ་བཞིན་དུ་སོ་སོའི་གཟུགས་བསམས་ཏེ་མཆོད་པའི་ཆོ་ག་བྱའོ་།དེ་ནས་ལྷ་རྣམས་ཇི་ལྟ་བ་བཞིན་དུ་མཆོད་ནས་དེ་ནས་བདག་ཕྱག་ན་རྡོ་རྗེར་བྱིན་ གྱིས་བརླབས་ལ་ཕྱི་རོལ་ཏུ་ཕྱོགས་ཀྱི་གཏོར་མ་སྔ་མ་བཞིན་དུ་སྦྱིན་ནོ། །དེ་ལ་བྱུག་སྤོས་ལ་སོགས་པའི་ཁྱད་པར་ནི། ཙནྡན་དམར་པོ་དང། དུ་རུ་སྐ་དང་ [308B] །མེ་ཏོག་ཨུཏྤ་ལ་མཐིང་ག་དང། ཨ་བ་རཱ་ཛི་ཏ་མཐིང་གའམ། གཞན་ཡང་མེ་ཏོག་སྔོན་པོ་རྣམས་དབུལ་ལོ། །བདུག་ སྤོས་ནི། སྲ་རྩི་བོག་བུ་རམ་དང་སྦྱར་བ་དབུལ་ལོ། །མར་མེ་ནི་ཡུངས་ཀར་མར་ཚ་བ་སྙིང་པོ་སྔོན་པོ་ཅན་མར་མེའི་སྣོད་ནག་པོའི་ནང་དུ་དབུལ་ལོ། །བཤོས་ནི་ཀྲི་ས་ར་དང། གཞན་ཡང་ ཚ་བ་དང། ཁ་བ་ལ་སོགས་པའི་བཟའ་བ་དང། ཚོད་མ་ཁ་དོག་ནག་པོ་རྣམས་དབུལ་ལོ། །སྲན་ཆན་དང། ཀྲི་སར་དང། ཤ་དང་ཉ་ཤ་བཙོས་པ་དང། རྗེན་པ་རྣམས་ཕྱོགས་ཀྱི་གཏོར་མར་ སྦྱིན་ནོ༑ ༑གཏོར་མའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ནས་གདོལ་པའི་ཁྱིམ་མམ། དུར་ཁྲོད་ནས་མེ་བླངས་ཏེ་ཁྲོ་བོའི་རྒྱལ་པོས་བསང་གཏོར་བྱས་ལ་དུར་ཁྲོད་ཀྱི་ཤིང་ངམ་ཤིང་བལ་ཏ་ ཀའམ། བ་རུ་རའི་ཤིང་གིས་མེ་བུས་ལ་རྣམ་པར་སྣང་མཇེད་ཆེན་པོར་བདག་བྱིན་གྱིས་བརླབས་ཏེ་མེའི་ཐབ་ཁུང་གི་ཞབས་སུ་རླུང་གི་དཀྱིལ་འཁོར་བསམས་ལ་དེར་ཡི་གེ་ཧཱུཾ་གཞག་གོ་ཡི་ གེ་ཧཱུཾ་དེ་ལས་མེའི་གཟུགས་སུ་གྱུར་པར་བསམས་པ་ནི། ཁ་དོག་ནག་པོ་ཤིན་ཏུ་མི་བཟད་པ། མིག་གསུམ་པ། གདོང་བཞི་པ། མི་གཡོ་བ་དུད་ཁའོ། །བལྟ་དཀའ་བ་ཁམ་པ་ཐོར་ ཚུགས་དུད་ཀ་ཅན། ཆར་སྤྲིན་སྔོན་པོ་ལྟ་བུའི་མདངས་ཅན། གསུས་པོ་ཆེ་གོས་སྔོན་པོ་གྱོན་པ། སྲད་བུ་སྔོན་པོའི་སེ་རལ་ཁར་ཐོགས་པ། ཁ་ནས་ [309A]༄༅། །མཆེ་བ་བཞི་གཙིགས་པ། ཁྲོ་བ་དང་བཅས་ཤིང་ཁ་གདངས་པ། ལག་ན་རལ་གྲི་དང། ཞགས་པ་དང། བེ་ཅོན་དང་གུནྡྷེ་ཐོགས་པ། སྙིང་ག་ན་ སུམ་མདོའི་རིས་མཚན་ཅན། ཡི་གེ་རས་མཚན་པ། གདོང་ཁྲོ་གཉེར་བསྙེར་བ་དང། ཧཱུཾ་དང་བཅས་པ་འབར་བ་ནག་ཅིང་རྩུབ་པ་དང་ཟངས་ལྟ་བུའི་འོད་འཕྲོ་བའི་འཕྲེང་བ་ཅན་ འཇིགས་པའི་དུས་མངོན་དུ་བྱུང་བ་བཞིན་དུ་འདུག་པ་དེ་ལྟ་བུའི་མེ་བསམས་ནས་བསང་གཏོར་བྱས་ཏེ་བྱུག་སྤོས་ལ་སོགས་པ་རང་གི་རིག་སྔགས་ཀྱིས་དབུལ་ལོ། །ཨོཾ་ཨགྣེ་ ཡེ་ཛཱ་ཧི་ཏྲ་ཏྲ་ཧཱུཾ་ཕཊ། དེ་ནས་ཡུངས་མར་ཚ་བ་དང་སྦྱར་བའི་ཀྲི་ས་རའི་སྲེག་བླུགས་གསུམ་བྱིན་ལ་དུག་དང། ཁྲག་དང་སྐེ་ཚེའི་སྲེག་བླུགས་བདུན་སྦྱིན་ནོ། །ཡང་ན་ཤིང་ བ་ལ་ཏ་ཀ་དང། བ་རུ་རའི་ཤིང་གི་ཡམ་ཤིང་རྩེ་མོ་རྣོན་པོར་གཞོགས་པ་ཡུངས་མར་ཚ་བ་དང། སྐེ་ཚེས་བྱུགས་པ་སྦྱིན་ནོ། །དེ་ནས་དཀྱིལ་འཁོར་གྱི་བདག་པོ་ལ་སོགས་པའི་ལྷ་ རྣམས་སྔ་མ་བཞིན་དུ་བསམས་ཏེ་རྫས་དེ་དག་ཉིད་ལས་རང་གི་རིག་པས་སྲེག་བླུགས་དབུལ་ལོ། །དེ་ནས་རང་གི་ལྷ་རྣམས་སྔ་མ་བཞིན་དུ་བསམས་ཏེ་བཞག་ལ། རང་གི་རིག་ པ་ལས་བྱུང་བའི་རྫས་ཇི་ལྟ་བ་བཞིན་དུ་མཛུབ་མོ་དང་མཐེ་བོས་བཟུང་སྟེ་ཁྲོ་བོ་དང་བཅས་པར་གསང་སྔགས་ཟློས་ཤིང་ཕཌ་དང་བཅས་པར་ཇི་སྲིད་འདོད་པ་དེ་སྲིད་དུ་སྲེག་བླུགས་ [309B] །དེ་ནས་སྔ་མ་བཞིན་དུ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་སོགས་པས་ངལ་བསོ་བར་བྱའོ། །སྔགས་པ་གང་ཞིག་འདི་ལྟ་བུའི། །རབ་ཏུ་དྲག་པོའི་ལས་བྱེད་པ། །དེ་ནི་སུམ་ཅུ་ རྩ་གསུམ་གྱི། །གནས་ཀྱང་རྩྭ་མཆོག་བཞིན་དུ་སྲེག་འདིར་ཡང་ཆོ་ག་འདི་ལྟར་བྱའོ། །དཔལ་ལྡན་གོས་ནི་སྔོན་པོ་བགོས། །བྱུག་སྤོས་ཕྲེང་བ་སྔོན་པོས་བརྒྱན། །སྲད་བུ་སྔོན་ པོའི་སེ་རལ་ཐོགས། །བྱང་ཆུབ་སེམས་ལ་རབ་ཏུ་གཞོལ། །ཚ་དང་ཁ་དང་བསྐ་བ་དང། །ཀྲི་ས་ར་ཡི་ཁ་ཟས་ཟ། །ལྷ་རྣམས་དགོད་པའི་དོན་ལ་མཁས། །གཙང་ཞིང་མཆོག་ཏུ་ ཚུལ་ཁྲིམས་ལྡན། །སྤྲོ་བ་ཆེ་ཞིང་དཔའ་སྙིང་ཅན། །ཁྲོས་པ་འཇིག་རྟེན་མཐར་བྱེད་བཞིན། །ལྷོ་ཕྱོགས་ཁ་བལྟས་མི་སྨྲ་ཞིང་།འདུག་པའི་ཐབས་ནི་ཙོག་པུར་འདུག་སྦྱིན་ སྲེག་བཟླས་ལ་རྟག་ཏུ་འབད། །སྲུང་དང་བསྐྱབ་པ་དག་ལ་མཁས་།མཚན་མོ་སྦྱིན་སྲེག་བྱེད་པ་ཡིས། །དྲག་ཤུལ་སྤྱོད་པ་བརྩམ་པར་བྱ། །རྣམ་པར་སྣང་མཛད་ཆེན་པོ་ མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། དྲག་ཤུལ་སྤྱད་པའི་སྦྱིན་སྲེག་གི་ཆོ་ག་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ་སྟོང་པ་ཉིད་གཉིས་སུ་མེད་པའི་སྤྱོད་ཡུལ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་སྙིང་པོ་ [310A]༄༅། །རྣམ་པར་མི་རྟོག་པའི་ཡེ་ཤེས་འཐོབ་པའི་རྒྱུ་སྤྲོས་པ་ཐམས་ཅད་དང་བྲལ་པ། གསལ་ཞིང་དག་པ། ཡིད་ཀྱིས་བསྒྲུབས་པ་ཡོངས་སུ་ རྫོགས་པར་བྱེད་པ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཆོས་བཤད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་སྤྱན་རས་གཟིགས་ ཀྱི་དབང་ཕྱུག་དེའི་ཚེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་སྨྲས་པ། གསང་བ་ པའི་བདག་པོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་སྟོང་པ་ཉིད་ཀྱི་རྗེས་སུ་ཞུགས་པ། གསང་སྔགས་ཐམས་ཅད་ཀྱི་དངོས་གྲུབ་སྩོལ་བ། གནས་མེད་ པ༑ མཚན་ཉིད་མེད་པ། ངོ་བོ་ཉིད་མེད་པ། མཚན་གྱི་གཞི་དང་མཚན་ཉིད་ལས་འདས་པ། ཐེག་པ་ཆེན་པོ་ཐོབ་པར་བྱེད་པ། བདུད་རྩི་སྦྱིན་པ་དེ་སྔགས་ཀྱི་ཚུལ་ ལ་རྣམ་པར་གནས་པའི་རྗེས་སུ་ཞུགས་པ་རྣམས་ཀྱིས་ཇི་ལྟར་ཐོབ་པར་འགྱུར། དེ་སྐད་ཅེས་སྨྲས་པ་དང། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་གསང་བ་སྟོན་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞལ་དུ་བལྟས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ [310B]ཆེན་པོ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དེ་བདག་ལ་འདྲི་ཞིང་མཆིས་ན། བཅོམ་ལྡན་ འདས༑ འགྲོ་བ་ལ་ཕན་པར་བྱེད་པ། ཐེག་པ་ཆེན་པོ་ཐོབ་པར་བྱེད་པ། མཚན་ཉིད་མེད་ཅིང་གཉིས་སུ་མེད་པའི་སྤྱོད་ཡུལ། གསང་སྔགས་ཐམས་ཅད་ཀྱི་ཚུལ་གྱི་ དངོས་གྲུབ་སྩོལ་བ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ངོ་བོ་ཉིད། ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་ཞུགས་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་འབྱུང་བར་ བྱེད་པ༑ སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་སྤྱོད་ཡུལ་གྱི་ཆོས་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐེག་པ་གསུམ་ཡོངས་སུ་རྫོགས་པར་མཛད་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མཛད་པ། རྣམ་པར་ རྟོག་པ་ཐམས་ཅད་ཀྱི་རྒྱ་མཚོ་ལས་སྒྲོལ་བ། སེམས་ཅན་ཐམས་ཅད་ལ་དགོངས་པ། གསང་སྔགས་ཐམས་ཅད་ཀྱི་དངོས་གྲུབ་སྩོལ་བ་བགེགས་ཐམས་ཅད་སྐྲག་ པར་མཛད་པ། འབྱུང་པོ་ཐམས་ཅད་འགུགས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྙིང་པོ་བསམ་གྱིས་མི་ཁྱབ་པ། གཟུགས་མེད་པ། སྒྲ་མེད་པ། དྲི་མེད་པ། རོ་ [311A]༄༅། །མེད་པ༑ རེག་མེད་པ། གནས་མེད་པ། ཡིད་མེད་པ། རྣམ་པར་ཤེས་པ་མེད་པ། ཡི་གེ་མེད་པ། སྤྱོད་ཡུལ་མེད་པ། བརྗོད་དུ་མེད་པ་སྦྲོས་པ་མེད་པ་ མ་འདྲེས་པས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཆོས་གང་རྒྱུ་ལས་བྱུང་བ་རྣམས། །དེའི་རྒྱུའང་དེ་བཞིན་གཤེགས་པས་ གསུངས། །དེ་རྣམས་ཀྱི་ནི་འགོག་པའང་གསུངས། །དེ་སྐད་གསུངས་པ་དགེ་སྦྱོང་མཆོག་གཞན་དབང་ཡོད་པ་མ་ཡིན་ཞིང། །ཡོངས་སུ་གྲུབ་པའང་གཞན་ཡིན་ ནོ༑ ༑གཉིས་པོའང་ཡོད་པ་མ་ཡིན་ཏེ། །རྣམ་ཤེས་བརྒྱད་པོ་དེ་ཉིད་མཚན། །དེ་ནས་འཁོར་མང་པོ་འདུས་པ་དེ་རྣམས་སོ་སོའི་ཡེ་ཤེས་མངོན་པར་འདུས་བྱས་པའི་རྫུ་ འཕྲུལ་གྱི་མཐུས་བསམ་པ་ཐ་དད་པ་དང། བློ་གྲོས་ཐ་དད་པས་ཚིགས་སུ་བཅད་པ་གཉིས་གསུངས་པའི་དོན་ཇི་ལྟར་རྗེས་སུ་མཐུན་པར་ཁོང་དུ་ཆུད་ནས་བྱང་ཆུབ་ སེམས་དཔའ་དེ་རྣམས་ཀྱིས་བཅོམ་ལྡན་འདས། ལེགས་སོ་ལེགས་སོ་ཞེས་གསོལ་ནས་ལེགས་པར་ཕུལ་ལོ། །གསང་སྔགས་ཚུལ་ལ་ལེགས་གནས་པ། །རྫོགས་ སངས་རྒྱས་ཀྱིས་བསྔགས་པ་ཡིས། །ཡང་དག་ཉིད་ནི་སྒོམ་བྱེད་དོ་།དེ་དག་སངས་རྒྱས་ཉིད་དུ་འགྱུར། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ [311B]རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརླབས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རྣམ་ པར་རྟོག་པ་ལས་འདས་པའི། །མ་འདྲེས་སེམས་ནི་ཉིད་ཀྱིས་ཀྱང་།བཟླས་པས་དངོས་གྲུབ་ཐོབ་འགྱུར་ན། །ཆོས་ཀྱི་འདུས་བྱས་ཅི་ཞིག་སྨོས། །རྟ་དང་འདྲ་བའི་སེམས་ དེ་ནི༑ ༑མཉམ་པར་བཞག་པས་བཏུལ་ནས་སུ། །བྱམས་དང་སྙིང་རྗེ་བརྟན་བྱས་ན། །དངོས་གྲུབ་བརྟན་པ་འཕྲལ་དུ་འཐོབ། །ནམ་ཞིག་ཆོས་རྣམས་མ་སྐྱེས་པ། །དེ་ཡི་ས་ བོན་ཨ་ཡི་མཆོག་རྒྱལ་བ་དམ་པ་རྣམས་ཀྱིས་གསུངས། །ཨོཾ་ནི་སྟོང་པ་ཉིད་ཅེས་བྱ། །ཡི་གེའི་ཕྱི་མོ་ཕྱི་མོ་ཀུན། །དེ་བཞིན་འདྲེན་པ་གཉིས་དང་ལྡན། །མི་འགྱུར་ ཡི་གེ་དང་ཡང་ལྡན། །དེ་བས་བསམ་པར་བྱ་བ་ཡིན། །ཨ་དང་ཨུ་ཞེས་པ་དང་ནི། །རྀ་དང་རཱྀ་དང་ཨོཾ་དུ་ལྡན། །ཨ་དང་ལྡན་པ་སྣང་བའི་མཆོག་འདི་ལས་ཐར་པ་འཐོབ་ ཅེས་གསུངས། །ཀ་ཡི་རིས་དང་ཙ་ཡི་རིས། །ཊ་ཡི་རིས་ཀྱང་དེ་བཞིན་གཞན། །ཏ་ཡི་རིས་དང་པ་ཡི་རིས། །མ་དང་ལྡན་པ་ལྔ་པའོ། །ཡ་ར་ལ་ཝ་ཤ་ལ་སོགས། །ཐམས་ ཅད་རྒྱལ་མཆོག་ཡོངས་སུ་རྫོགས། །དེ་དག་རྒྱ་ཆེན་དོན་གྱི་མཆོག་།རྣམ་པ་མང་པོའི་དོན་རྣམས་བྱེད། །ཨ་ནི་བྱང་ཆུབ་ཐོབ་པར་བྱེད། །ནི་ནི་དེ་བཞིན་དགུག་པར་ [312A]༄༅། །བྱེད༑ ༑ཨུ་ནི་གསོད་པ་འགྲུབ་པར་བྱེད། །རི་ནི་དབང་གི་ལས་བྱེད་པའོ། །ཨོ་ནི་སྲིན་པོ་གསོད་པར་བྱེད། །བི་ནི་འཆི་བ་ཡིན་པར་འདོད། །ཨོཾ་ནི་ཀླུ་ ཡི་སྙིང་པོ་ཡིན། །ཀུན་ཀྱང་གཞན་ན་ལྡན་ན་མཆོག་ཡི་གེ་མཐུ་ཅན་ཐམས་ཅད་ནི། །ར་དང་ཀླད་ཀོར་བཅས་གྱུར་ཅིང། །ཆོས་ཀྱི་དབྱིངས་དང་རྟག་ལྡན་པར། །བསམ་ གཏན་བཟླས་བྱས་དངོས་གྲུབ་འཐོབ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྦྱན་རས་ གཟིགས་དབང་ཕྱུག་ལ་སེམས་དཔའ་ཆེན་པོ། །ལེགས་སོ་ལེགས་སོ། །ས་བཅུ་རྟོགས་པར་ཁོང་དུ་ཆུད། །བདེ་གཤེགས་ཡང་དག་མི་ཟད་པ། །དེ་ཉིད་ཐམས་ཅད་ ཁྱོད་ཀྱིས་བཤད། །ལག་ན་རྡོ་རྗེས་སྨྲས་པ་ཡི། །རབ་ཏུ་གསང་བ་ཁྱོད་ཀྱིས་རྟོགས། །ཞེས་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་ བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །དཔའ་བོ་ཆོས་དབྱིངས་རང་བཞིན་ནི། །འཁོར་ལོས་བསྒྱུར་བ་རྒྱལ་བ་མཆོག་འཇིག་རྟེན་དཔའ་བོའི་ཕྱག་རྒྱ་དང། ། མི་སྐྱེ་བ་ཡི་ཡི་གེ་ཡིས། །དེ་བཞིན་བདག་ཉིད་བསམས་ནས་སུ། །བྱང་ཆུབ་སེམས་ཀྱིས་ཤིན་ཏུ་བསྡམས། །སྟོང་པ་གཉིས་སུ་མེད་སྦྱོར་བས་།ལས་རྣམས་ཐམས་ཅད་ [312B] །ཆོས་དབྱིངས་རྣམ་པར་དག་པའི་བདག་ས་བོན་ཡི་གེ་དང་ལྡན་པར། །དད་ཅིང་བཟླས་བརྗོད་མཉམ་བཞག་པས་།བསམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཁྲུས་ དང་བཤགས་ལ་སོགས་པ་དང། །རབ་ཏུ་དབེན་ལ་སོགས་པ་དང། །ཕྱག་རྒྱ་བགྲང་ཕྲེང་སེམས་པ་ཡི། །ཟློས་པའི་དངོས་གྲུབ་བརྟན་པ་འཐོབ། །ཆོས་ཀྱི་དབྱིངས་དང་ལྡན་འགྱུར་ བར༑ ༑སྔགས་འདི་རྣམས་ཀྱིས་བསྒྲུབས་ན་ནི། །འགྲོ་དང་མི་འགྲོའི་ཁམས་གསུམ་ན། །འགྲུབ་པར་མི་འགྱུར་དངོས་དེ་མེད། །གསང་བ་པའི་བདག་པོ། རང་གི་དཀྱིལ་འཁོར་ལ་ གནས་པའི་བཟླས་བརྗོད་བྱས་ལ་དབང་བསྐུར་བའི་ཆོ་ག་འདི་ལ་འཁོར་ལོས་སྒྱུར་བ་བཞག་པར་བཤད་དོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པ་བྱང་ཆུབ་པ་ རྣམ་པར་སྦྲུལ་པ་བྱིན་གྱིས་རློབ་པ་ལས། སྒོམ་པའི་ཡི་གེ་དགོད་པ་དབང་བསྐུར་བ་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་སེམས་ཀྱིས་ལས་འདས་པ་ཉིད་ཀྱིས་མངོན་པར་སངས་རྒྱས་པ་དེ་བྱང་ཆུབ་སེམས་དཔའ་ རྣམས་ལ་ཐབས་སྣ་ཚོགས་ཀྱིས་བསམ་པ་དང་མོས་པ་ཇི་ལྟ་བ་བཞིན་དུ་བཤད་ལགས་ཀྱི། ཡང་བཤད་དུ་གསོལ། དེ་ལ་ཐོག་མར་ཆོ་ག་འདིས་སྡིག་པ་སོ་སོར་བཤགས་ [313A]༄༅། །པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་བདག་ལ་ དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་ཐོག་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་ཚེ་བདག་གི་སྡིག་པ་མི་དགེ་བའི་ལས་བགྱིས་པ་དང། བགྱིད་ དུ་སྩལ་པ་དང། བགྱིད་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྦྱན་སྔར་སོ་སོར་བཤགས་སོ། །དེ་ལྟར་ལན་ གཉིས་ལན་གསུམ་དུ་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་གསུམ་ལ་སྐྱབས་སུ་འགྲོ་བ་གཟུང་བར་བྱའོ། །སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སངས་ རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞི་བ་བླ་ན་མེད་པ་སོ་སོར་རང་གིས་རིག་པ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཞིའི་ བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་ལྟར་ལན་གཉིས་དེ་ལྟར་ལན་གསུམ་དུ་བྱའོ། །དེ་ནས་བདག་གི་ [313B] སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་ཀྱི་ སྙིང་པོ་ལ་མཆིས་ཀྱི་བར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དུས་ཐམས་ཅད་དུ་ཡོང་ཡེ་དབུལ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ་བདག་བཞེས་སུ་གསོལ། དེ་ལྟར་ལན་གཉིས་དེ་ལྟར་ལན་གསུམ་དུ་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་གསང་ སྔགས་བརྗོད་པར་བྱའོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཨ་ས་མེ་ཏྲི་ས་མ་ཡེ་སཱཧཱ། དེ་ནས་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབ་བོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། དྷ་རྨ་དྷཱ་ཏུ་སྭ་བྷ་བ་ཨཱཏྨ་ ཀོཉྷཾ༑ དེ་ནས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་བོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། བཛྲ་ཨཱཏྨ་ཀོཉཧཾ། དེ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་དངོས་པོ་ཐམས་ཅད་ དང་བྲལ་བ་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། གཟུང་བ་དང། འཛིན་པ་རྣམ་པར་སྤངས་པ། ཆོས་བདག་མེད་པ་མཉམ་པའི་ཕྱིར་རང་གི་སེམས་ཐོག་མ་ནས་མ་སྐྱེས་ [314A]༄༅། །པ༑ སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ པ་དེ་བཞིན་དུ་བདག་གིས་ཀྱང་སེམས་བསྐྱེད་དོ། །དེ་ལྟར་ལན་གཉིས་དེ་ལྟར་ལན་གསུམ་དུ་བྱའོ། །དེ་ནས་གང་བའི་ཕྱག་རྒྱ་སྤྱི་བོར་བཅིངས་ལ་དེ་བཞིན་གཤེགས་ པའི་འཁོར་ཐམས་ཅད་དུ་སྤོས་དང་མེ་ཏོག་ལ་སོགས་པའི་སྦྲིན་བསམས་ཏེ་རིག་སྔགས་ཀྱི་རྒྱལ་མོ་འདི་ལན་གསུམ་བརྗོད་པར་བྱའོ། །ན་མཿ་ས་མནྟ་བུདྡྷཱ་ནཱཾ། ཨ་བཧི་སྨ་ར་ཡེ་ སྔ་ར་ཎ་ཧི་མཱཾ་ག་ག་ན་ཁཾ། དྷ་རྨཱ་དྷཱ་ཏུ་ཨཱ་ཀཱ་ཤ་ས་མ་ཏཱ་ཡ། སརྦ་ཏ་ཐཱ་ག་ཏ་པ་རི་ཤོ་དྷ་ན་མཎྜཱ་ལ། མ་མ་པྲ་ཎི་དཧི་པུ་ནྱ་ཛྙཱ་ན་པ་ལེ་ན། སརྦ་ཏ་ཐཱ་ག་ཏ་བ་ལ་ན། དྷརྨ་དྷཱ་ཏུ་ཨ་དྷིཥྛཱ་ ན་བ་ལེ་ན་ཙ་སཱ་ཧཱ། གང་པའི་ཕྱག་རྒྱ་ནི། སྦྱི་བོར་པདྨ་ཁ་བྱེ་བ་འདྲ་བར་བྱ་བ་གང་ཡིན་པ་དེ་ནི། གང་བའི་ཕྱག་རྒྱའི་མཚན་ཉིད་ཡིན་ནོ། །བཟླས་བརྗོད་ཀྱི་ཆོ་ག་རིམ་པར་ཕྱེ་ པའོ༑༑ །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱད་པ་རྣམ་པར་རོལ་པ་བསྟན་ནས་ཡང་ཡུལ་བསམ་གྱིས་མི་ཁྱབ་ པ་བསྟན་པར་བཞེད་པས་དབུའི་གཙུག་ནས་ཆོས་ཀྱི་མཛོད་ཅེས་བྱ་བ་སེམས་ཅན་གྱི་ཁམས་མཐའ་ཡས་པའི་སེམས་ཐིབས་པོ་སྣང་བར་བྱེད་པའི་འོད་ཟེར་གྱི་དྲ་བ་བྱུང་ངོ།། [314B] དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པ་རྒྱ་ཆེན་པོ་རྣམ་པར་རོལ་པས་ནམ་མཁའི་དབྱིངས་རྒྱ་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་ཕོ་ བྲང་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་བསྐོར་བ་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་སྣང་བར་བྱས་ཏེ། སེམས་ཅན་གྱི་ ཁམས་མ་ལུས་པ་ཡོངས་སུ་བསྐྱབས་པ་ལ་སྦྱར་ནས་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་ཀྱི་འགྲོ་བར་སྐྱེས་པ་རྣམས་ཀྱང་ཚིམ་པར་བྱས་ཏེ་ལྷ་དང་མིའི་གནས་ རྣམས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་སྟུག་པོ་བཀོད་པའི་ཁོངས་སུ་གཏོགས་པར་བྱིན་གྱིས་བརླབས་ནས་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་ཡང་དེ་བཞིན་གཤེགས་ པའི་བསོད་ནམས་ཀྱི་སྟོབས་བསམ་གྱིས་མི་ཁྱབ་པའི་བྱིན་གྱི་རླབས་པ་རྒྱུ་མཐུན་པས་བྱིན་དུ་བརླབས་སོ། །ཆོས་ཀྱི་དབྱིངས་ཀྱི་དགོས་པ་མ་རྫོགས་པས་སྙིང་རྗེ་ཆེན་ པོའི་སྙིང་པོ་འབྱུང་བའི་མཛོད་ཅེས་བྱ་བ་སེམས་ཅན་གྱི་ཁམས་མ་ངེས་པ་ཡོངས་སུ་སྐྱོབ་པའི་སྙིང་པོ་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ ཞུགས་སོ། །སྙོམས་པར་ཞུགས་ནས་ཀྱང་ཕྱག་ན་རྡོ་རྗེ་ལ་སོགས་པ་རྡོ་རྗེ་འཛིན་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་དང་མཉམ་པ་སྙེད་ལ་བཀའ་སྩལ་པ། རིགས་ཀྱི་ [315A]༄༅། །བུ་དག་སེམས་ཅན་གྱི་ཁམས་མ་ངེས་པ་ཡོངས་སུ་སྐྱོབ་པའི་སྙིང་པོའི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་འབྱུང་བ་ཞེས་བྱ་བའི་དཀྱིལ་ འཁོར་རྒྱས་པ་གང་ལ་བརྟེན་ན། བྱང་ཆུབ་སེམས་དཔའ་རྣམས་ཚེགས་ཆུང་དུས་དེ་བཞིན་གཤེགས་པའི་ས་ཐོབ་པར་གྱུར་ཅིང་ཆོས་ཀྱི་དབྱིངས་བསམ་གྱིས་མི་ ཁྱབ་པ་ཡང་མངོན་སུམ་དུ་བྱེད་པར་འགྱུར་བ་ཡོད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང། ཕྱག་ན་རྡོ་རྗེ་ལ་སོགས་པ་རྡོ་རྗེ་འཛིན་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ དང་མཉམ་པ་དེ་དག་གིས་མགྲིན་གཅིག་ཏུ་ཚིག་སྨྲས་པ། བཅོམ་ལྡན་འདས། གང་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་དཀྱིལ་འཁོར་ ཆེན་པོ་བཀོད་པའི་བྱིན་གྱིས་བརླབས་པ་བཤད་པ་དེའི་དུས་ལ་བབ་ཅིང་བདེ་བར་གཤེགས་པ་དེའི་ཚོད་ལ་བབ་སྟེ་ལེགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་རྗེ། ཆོས་ཀྱི་ དབང་ཕྱུག་ཆོས་ཀྱི་བདག་པོ་ཐར་བྱེད་པ་དང་བྲལ་བ། ཡེ་ཤེས་ཆེན་པོ་མངའ་བ། སྟོན་པ་ས་བཅུའི་དབང་ཕྱུག་གཅིག་པུ། དོན་གྲུབ་པ། ཚིག་གྲུབ་པ། སྲིད་པའི་མཐའ་ ལས་རྒལ་པ། དེ་ཁོ་ན་ཉིད་མཁྱེན་པ། སྨན་པའི་རྒྱལ་པོ་ཆེན་པོ། །འགག་པ་མེད་པ། ཆད་པ་མེད་པ། མཐའ་གཉིས་རྣམ་པར་སྤངས་པ། དེ་བཞིན་ཉིད་དང་ཡང་དག་པའི་ [315B] སྐྱོང་བ་གནས་གསུམ་དུ་གྱུར་པ། གླིང་དུ་གྱུར་པ། མྱ་ངན་ལས་འདས་པ། ཞི་བར་གྱུར་པ། གྲོལ་བ་ཐར་པ། རིམས་ནད་ མེད་པ༑ རྡུལ་དང་བྲལ་བ། རྙོག་པ་དང་བྲལ་བ། སྨྲ་བ་དང་ཀུན་ཏུ་སྨྲ་བ་མེད་པ། དངོས་པོ་ཐམས་ཅད་རྣམ་པར་འཛིན་པར་མཛད་པ་བཤད་དུ་གསོལ། འདི་ལྟར་རྡོ་རྗེ་འཛིན་ དེ་དག་ཐམས་ཅད་རྟག་ཏུ་ཡིད་ལ་རབ་ཏུ་དགའ་བར་གྱུར་པས་མཚན་ལེགས་པར་བསྒྲགས་པ་བྱས་ནས་རྣམ་པར་འདྲེན་པ་ལ་གསོལ་བ་བཏབ་བོ། །དེ་དག་གིས་གསོལ་ བ་བཏབ་པ་མཁྱེན་ནས་དཔའ་བོ་ཆེན་པོ། །ཐམས་ཅད་མཁྱེན་པ། རིམས་ནད་དང་བྲལ་བས་སྙིང་རྗེ་ཆེན་པོའི་འབྱུང་པའི་དཀྱིལ་འཁོར་ཡང་བཤད་པར་བྱའོ། །ཞེས་བཀའ་ སྩལ་ཏོ༑ ༑དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས། དཀྱིལ་འཁོར་འདིའི་མིང་ཅི་ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་ རྡོ་རྗེ་དཀྱིལ་འཁོར་འདིའི་མིང་ནི། སངས་རྒྱས་མེད་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་འབྱུང་བ་སྟོན་པའོ། །དེ་ནས་ཡང་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་ [316A]༄༅། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རྣམས་ནམ་མཁའི་དབྱིངས་ཁྱབ་པར་གནས་སོ། །ཞེས་མ་གསུངས་སམ། ནམ་མཁའ་ལ་ནི། སྐྱེ་བའང་མ་མཆིས། འགག་པའང་མ་མཆིས་སོ། ། བཅོམ་ལྡན་འདས། དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ལ་ཡང་སྐྱེ་བ་ཡང་མ་མཆིས། འགག་པ་ཡང་མ་མཆིས་ན། བཅོམ་ལྡན་འདས། དེ་ཅིའི་སླད་དུ་འདི་ ནི༑ སངས་རྒྱས་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སངས་རྒྱས་འབྱུང་བའོ། །ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་གསང་བ་པའི་ བདག་པོ། གང་གི་ཚེ་སྦྲུལ་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་འཇིག་རྟེན་གྱི་ཁམས་དེ་དག་ཏུ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་ བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་དཀྱིལ་འཁོར་ཆེན་པོ་བཀོད་པ་བྱིན་གྱིས་བརླབས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ་སྐད་ཅེས་ བཀའ་སྩལ་པ་དང། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ངོ་མཚར་ཆེའོ། །གང་ན་སེམས་ཅན་ [316B] ཞེ་སྡང་དང། གཏི་མུག་དང། གཡོ་དང་སྒྱུ་དང། ཐེ་ཚོམ་གྱི་བསམ་པ་ཅན། མོས་པ་ཐ་དད་པ་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་ པར་བགྱིད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བཅོམ་ལྡན་འདས་ཤིན་ཏུ་དཀའ་བ་བགྱིད་པར་རིག་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ༑ ལག་ན་རྡོ་རྗེ། རིགས་ཀྱི་བུ་དེ་དག་ནི། སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན་གྱི། རིགས་ཀྱི་བུ་དེ་དག་གིས་ནི་སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་ བསྐྲུན་པར་རིག་པར་བྱའོ། །ཆོས་སྣང་བའི་སྒོའི་ཚུལ་གསུམ་ལས་ཀྱང་འབྱུང་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེའི་ཚུལ་གྱི་སྒོ་སྣང་བའི་ཚུལ་དང། ཆོས་ཟབ་ མོའི་ཚུལ་གྱི་སྒོའི་སྣང་བའི་ཚུལ་དང། དེ་བཞིན་གཤེགས་པ་ལ་མཆོད་པ་དང་བཀུར་སྟི་བྱེད་པའི་ཚུལ་གྱི་སྒོ་འདི་གསུམ་དང་ལྡན་པར་རིག་པར་བྱའོ། །དེ་ནས་ཡང་ བཅོམ་ལྡན་འདས་ཀྱིས་བྱམས་པ་ཆེན་པོ་དང་ཐུགས་རྗེ་ཆེན་པོའི་སྤྱན་གཉིས་ཀྱིས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོ་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ གཟིགས་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ་ལག་ན་རྡོ་རྗེ། སློབ་དཔོན་གྱི་མཚན་ཉིད་ཉོན་ཅིག་དེ་ལ་རེ་ཞིག་སློབ་དཔོན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ [317A]༄༅། །བྱང་ཆུབ་སེམས་དཔའི་བསླབ་པ་ལ་སྤྱོད་པ། བྱང་ཆུབ་སེམས་དཔའི་སྡོམ་པས་བསྡམས་པ། སྙིང་རྗེ་ཅན། དད་པ་ཆེ་བ་ཆོས་ཟབ་མོ་ལ་གནས་པ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་མཁས་པ། སྒྱུ་རྩལ་རྣམས་ལ་མཁས་ཤིང་ནུས་པ། གཙང་ཞིང་བག་ཡོད་པ། གསང་སྔགས་སྤྱད་པ་དང་ཕྱག་རྒྱ་དང་དཀྱིལ་འཁོར་གྱི་ལས་ རྣམས་བསླབས་པ། དཀྱིལ་འཁོར་བྲི་བའི་ལས་བྱ་བ་ལ་བླ་མ་ལས་ལུང་ཐོབ་པ། སངས་རྒྱས་ཆོས་དང་དགེ་འདུན་ལ། །གང་ཞིག་ཡིད་གཉིས་མེད་གྱུར་ཅིང། །སེམས་ཅན་ ཁམས་ནི་མ་ལུས་པ། །ཡོངས་སུ་བསྐྱབ་པའི་ཕྱིར་བརྩོན་པ། །མཁས་པ་དེས་ནི་སངས་རྒྱས་ཀྱི། །དཀྱིལ་འཁོར་དག་ནི་བྲི་བར་རིགས་།མཚན་རྣམས་ཐམས་ཅད་ཡོངས་ རྫོགས་བརྟན། །ཤེས་རབ་རྣོ་ལ་དཔའ་སྙིང་ཅན། །བདག་གམ་སློབ་མ་རྣམས་ཀྱིའང་རུང། །བགེགས་ནི་ཞི་བར་བྱེད་པར་ནུས། །ཡང་དག་བདེན་པའི་དོན་རྟོགས་ལ། །གང་ གིས་མོས་པ་རྒྱ་ཆེ་ཞིང། །བཟོད་དང་ལྡན་ལ་ང་རྒྱལ་མེད་།རླབས་པོ་ཆེ་ཡི་ལས་བྱེད་ཅིང། །དེ་ནི་རླབས་པོ་ཆེ་ལ་དད་།བྱང་ཆུབ་སེམས་དཔའ་སྐྱོབ་པ་དང། །སངས་རྒྱས་ རྣམས་ཀྱི་སྨོན་ལམ་དག་ཐོས་ནས་ཕྱི་ཕྱིར་དགའ་བ་དང། །རྟག་ཏུ་མགུ་བར་འགྱུར་བ་དང། །གསང་སྔགས་སྤྱོད་ལ་བརྩོན་པ་དང་།བཟླས་བརྗོད་བྱེད་ལ་གང་འབད་དང།། [317B] །འཇིག་རྟེན་ཆོས་ལ་མི་ལྟ་ཞིང། །སྔགས་ལ་གཞོལ་པའི་སྔགས་པ་ནི། །ཡོན་ཏན་དེ་ལ་སོགས་ལྡན་ན། །སློབ་དཔོན་སྟོན་པས་བཀུར་བ་ཡིན།། ཡང་ན་ཆོས་རྣམས་ཐམས་ཅད་ནི། །རྣམ་པར་དབེན་ལ་གང་གནས་པ་།དེར་ཡང་སངས་རྒྱས་ཐམས་ཅད་ཀྱི། །སངས་རྒྱས་འབྱུང་བ་སྟོན་པར་འོས། །ཡང་ན་རྫོགས་པའི་སངས་རྒྱས་ ཀྱིས༑ ༑སྔགས་པའི་དམ་ཚིག་གསུམ་ཤེས་པས། །ཉེས་པ་ཐམས་ཅད་རྣམ་སྤངས་པ། །དེ་ལ་གནས་པའི་སྔགས་པ་ནི། །ཡོན་ཏན་ཀུན་དང་མི་ལྡན་ཡང། །དེ་ལ་དཀྱིལ་འཁོར་འབྲི་ བར་འོས༑ ༑དེ་ལྟར་ཡོན་ཏན་ཀུན་ལྡན་ན། །འཇིག་རྟེན་པ་ཡི་དཀྱིལ་འཁོར་དང། །འཇིག་རྟེན་འདས་པ་ཐམས་ཅད་ཀྱང། །ལས་ཀྱི་ཆོ་ག་མཐོང་བས་བྱ། །དེ་ལ་སློབ་དཔོན་ལ་གཞན་ གྱིས་བསྐུལ་ན་སློབ་མ་དོན་དུ་གཉེར་བ་ཤེས་ཤིང་དེ་ལ་དད་པར་ཤེས་ན། དེ་ལྟར་ཤེས་ན་སློབ་དཔོན་དེས། །ས་གཞི་ལེགས་པར་བརྟག་པར་བྱ། །མཚོ་དང་ཀུན་དགའ་སྐྱེད་མོས་ ཚལ༑ ༑རྫིང་བུ་རྣམས་ཀྱིས་ཀུན་བརྒྱན་པའམ། །འབྲས་བུ་མེ་ཏོག་དང་ལྡན་པའི། །ལྗོན་ཤིང་སྡོང་བུ་དེ་བཞིན་ཏེ། །གྲེལ་བ་དམ་པ་ཉམས་དགའ་བ། །འབྲས་བུ་མེ་ཏོག་ལྡན་པ་དང། ། དང་མོ་ཁྲུང་ཁྲུང་རྨ་བྱ་དང། །ས་ར་ནེ་ཙོ་ཤ་རི་རྣམས་།གང་གི་ཡུལ་ན་ཡོད་པ་ཡི། །ཡུལ་དེར་ནན་ཏན་བསྐྱེད་དེ་བསྙེན། །མེ་ཏོག་འབྲས་བུ་ལྡན་རི་དང། །གནས་ཤིང་ཡིད་འོང་ [318A]༄༅། །ཆུ་ཡི་གནས། །འབབ་ཆུའི་ཆུ་ནི་ཞིམ་པ་དང། །ཆུ་གླིང་གཡས་ནས་འཁོར་བ་ཅན། །དེར་ནི་སྔགས་པ་བློ་ལྡན་གྱིས་།དཀྱིལ་འཁོར་ལོངས་སྤྱོད་འཕེལ་བར་ བྲི༑ ༑ཡུལ་ནི་ཤིན་ཏུ་སྨུམ་པ་དང། །གཙུག་ལག་ཁང་དང་ཁང་པ་དང། །ལྷ་ཡི་གནས་དང་ཕྱུགས་ལྷས་དང། །ཤིང་གཅིག་ལམ་གྱི་བཞི་མདོར་ཡང། །ཞི་བའི་ལས་ལ་ ཞི་བ་ཡི། །དཀྱིལ་འཁོར་ཤེས་རབ་ཅན་གྱིས་བྲི། །ཁང་པ་སྟོང་པའམ་དུར་ཁྲོད་དམ། །སྣུམ་མེད་རྩུབ་པའི་ལས་ཅན་དང། ངན་ཅིང་གཏུམ་ལ་འཇིགས་པ་ཅན། །དེ་བཞིན་ ཐིབས་པོ་འཇིགས་འཇིགས་ལྟ། །དེ་ལ་སོགས་པའི་གནས་རྣམས་སུ། །དྲག་པོའི་ལས་ཀྱི་དཀྱིལ་འཁོར་བྲི། །དྲག་པོར་དྲག་པོའི་ལས་རྣམས་བྱ་།ཞི་བར་ཞི་བའི་ལས་ བྱའོ༑ ༑རྒྱས་པར་རྒྱས་པ་ཉིད་ཡིན་ཏེ། །ཆོ་ག་དེ་ནི་རྒྱས་པ་ལའོ། །ཡང་ན་ཡིད་ནི་གང་དག་ཏུ། །ངེས་པར་དགའ་བ་སྐྱེ་འགྱུར་བ། །ཡུལ་དེར་དཀྱིལ་འཁོར་བྲི་བ་ཡིས། ། ལས་ནི་ལེགས་པར་བྱ་བར་འོས། །གང་གི་སེམས་ནི་རྣམ་དག་ཅིང། །ཐེ་ཚོམ་ལ་སོགས་རྣམ་སྤངས་པ། །དེ་ལ་ལས་རྣམས་ཐམས་ཅད་ནི་།འགྲུབ་པར་འགྱུར་བ་དོགས་ པ་མེད༑ ༑རྣམ་པར་རྟོག་པ་སྤངས་པ་ཡི། །རྣམ་པར་མི་རྟོག་བྱང་ཆུབ་ཡིན། །དེ་ཡང་རྣམ་རྟོག་སྤངས་པ་ཡིས། །ཐོབ་པར་འགྱུར་གྱི་གཞན་གྱིས་མིན། །དེ་བས་རྣམ་པ་ [318B] །བློ་ལྡན་ཡིད་གཉིས་སྤངས་ནས་སུ། །འཇིག་རྟེན་ཀུན་ལ་ཕན་འདོད་པས། །ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲི། །ཡུལ་མེད་དུས་ཀྱང་ཡོད་མ་ཡིན། །བྱ་བ་མེད་ ཅིང་བྱེད་པའང་མེད། །ཆོས་རྣམས་དག་ནི་ཐམས་ཅད་ལ། །ཆོས་ཉིད་འབའ་ཞིག་ཡོད་མ་ཡིན། །བྱིས་པ་མི་ཤེས་པས་བསྒྲིབས་པ། །རྒྱུ་དང་རྐྱེན་གྱིས་བརྒྱལ་བས་ན། །སྟོང་པའི་ ཆོས་ནི་མ་རྟོགས་པས། །རྟག་ཏུ་བདུད་ཀྱི་དབང་དུ་འགྱུར། །དེ་ལྟར་ཡེ་ཤེས་དབང་གྱུར་པ། །སྟོན་པ་སྦྲོས་པ་མེད་རྟོགས་པས། །རྣམ་རྟོག་ཐམས་ཅད་སྤངས་པ་ཡི། །མཉམ་ པ་མེད་པའི་ཆོས་བཤད་དོ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སངས་རྒྱས་ཐམས་ཅད་ཀྱི་རྒྱན་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་པ་དང་སྨིན་མཚམས་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྒྱན་ཅེས་བྱ་བའི་འོད་ཟེར་བྱུང་ངོ། །བྱུང་ནས་ཀྱང་ཀུན་ཏུ་སྣང་ བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་འདི་སྣང་བར་བྱས་ནས་ཀྱང་གང་གི་རྣམ་པ་དང་ཡོན་ཏན་གྱི་མཐའ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཡང་རྟོགས་པར་མི་ནུས་པ་ལྷའི་སྒོ་ ཁྱུད་ཀྱིས་རབ་ཏུ་བརྒྱན་པ། དེ་བཞིན་གཤེགས་པའི་རྣམ་པར་སྨིན་པ་ལས་གྱུར་པ། མེ་ཏོག་གི་གཞིའི་སྙིང་པོ་བཀོད་པའི་རྒྱན་འདི་ཐམས་ཅད་ལག་མཐིལ་བཞིན་དུ་མཉམ་ [319A]༄༅། །པར་གྱུར་ཏོ། །དེ་ལྟར་དེ་བཞིན་གཤེགས་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་བྱིན་གྱིས་བརླབས་ནས་འོད་ཟེར་དེ་དག་གསང་བ་པའི་བདག་པོ་ ཕྱག་ན་རྡོ་རྗེའི་སྦྱི་བོར་མི་སྣང་བར་གྱུར་ཏོ། །འོད་ཟེར་དེ་དག་མི་སྣང་བར་གྱུར་མ་ཐག་ཏུ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དཀྱིལ་འཁོར་ཆེན་པོ་བཀོད་པའི་བྱིན་གྱིས་རློབ་པ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང། བཅོམ་ ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ། དཀྱིལ་འཁོར་ཆེན་པོ་བཀོད་པ་བྱིན་གྱིས་རློབ་པ་ཉོན་ཅིག་བཅོམ་ལྡན་ འདས༑ དེ་ལྟར་བགྱིའོ། །ཞེས་ནས་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ལ་སླར་མཉམ་པ་དང། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ། དེ་ ལ་ཇི་སྐད་དུ་བསྒྲགས་པའི་གནས་རྣམས་སུ་དཀྱིལ་འཁོར་གྱི་ཚད་ཁྲུ་གང་ཡན་ཆད་དཔག་ཚད་གཅིག་མན་ཆད་དུ་བྱའོ། །དཔག་ཚད་གཅིག་པས་ལྷག་པར་ནི། མི་བྱའོ།། དེ་ལ་ས་གཞི་མཉམ་ལ་འཇམ། །བྱུག་སྤོས་དག་གིས་ལེགས་པར་བསྐུས་།ཡང་ན་འཇིམ་པ་གཙང་མ་ཡིས། །སྔགས་པས་ནན་ཏན་བསྐུ་བར་བྱ་།དེ་ནས་ཕུར་བུ་ [319B]བརྒྱ་རྩ་བརྒྱད་དུ་བཏབ་སྟེ་གྲ་བཞིར་མཉམ་པར་བཏབ་ན། དཀྱིལ་འཁོར་ཀུན་ཏུ་ཅིས་ཀྱང་མི་ཚུགས་པར་ བྱིན་གྱིས་བརླབས་པར་འགྱུར་རོ། །ན་མཿ་ས་མནྟ་བཛྲཱ་ཎཱཾ་ཧཾ་ཀོ་ཊ་ཡ་ས་མེ་མ་ཧཱ་ཙཎྜ་ལི་ཧཱུཾ་ཕཊ། དེ་ནས་སྟ་གོན་དུ་གནས་པ་བྱས་ལ་ཕྱི་དེ་ཉིན་དཀྱིལ་འཁོར་གྱི་ཡོ་བྱད་ རྣམས་བསགས་ལ་ལས་ཐམས་ཅད་བྱེད་པའི་གསང་སྔགས་སམ། འཕགས་པ་མོ་གཡོ་བས་སྲུང་བ་བྱས་ཏེ་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་གཞག་གོ་ཡང་ན་བདག་གིས་ བྱིན་གྱིས་བརླབས་ལ་གཞག་གོ་དེ་ནས་ཕྱི་དེ་ཉིན་སློབ་མ་དད་པ་ཆེ་བ། གཙང་སྦྲ་ཆེ་བ། ཆོས་ལ་འབད་པ། ཆོ་རིགས་བཙུན་པ་མོས་པ་རྒྱ་ཆེ་བ། གཅིག་གམ་གཉིས་སམ་གསུམ་ མམ༑ ཇི་སྙེད་འདོད་པ་རྣམས་གཟུང་ངོ། །ལས་ཐམས་ཅད་བྱེད་པའམ་འཕགས་པ་མི་གཡོ་བའམ། མི་བཟོད་པའི་གསང་སྔགས་ཀྱིས་བུ་མོས་བཀལ་བའི་སྐུད་པའམ་སྐུད་པ་ གཞན་ལ་བཏབ་པ་དང། ཡང་ན་རྩ་ཀུ་ཤ་ལ་མདུད་པ་གསུམ་བོར་པ་ཡང་རུང་སྟེ། དེ་ནས་སྔགས་ཀྱིས་བསྔགས་པ་ནི། །བརྒྱ་འམ་ཡང་ན་ལྷག་ཀྱང་རུང། །སློབ་མ་རྣམས་ཀྱིས་ལས་ འགྲུབ་ཕྱིར། །དབུང་བ་གཡོན་ལ་བཅིང་བར་བྱ། །ཨུ་དུམ་བ་རའི་སོ་ཤིང་ནི། །མེ་ཏོག་དྲི་ལ་སོགས་པས་བསྐུས། །ཤིན་ཏུ་བཟང་པོས་སྲུང་བ་བྱ། །སོར་བརྒྱད་པ་ལ་རྩེ་གཅིག་གཤིབས།། [320A]༄༅། །དགེ་བ་ཡིད་དུ་འོང་བ་དག་དེ་ནས་མཁས་པས་སྦྱིན་པར་བྱ། །ཤར་རམ་བྱང་དུ་ཁ་བལྟས་ཏེ། །སོ་ཤིང་དག་ནི་བཅའ་བར་བྱ། །དེ་ནས་བློ་ལྡན་མི་ལྟོས་ཤིང། ། དཔྱད་པ་མེད་པར་དོར་བར་བྱ། །གང་དུ་ལྟུང་བར་གྱུར་པ་ལས། །དེ་བཞིན་དེར་ནི་གྲུབ་པར་འགྱུར། །ཤེས་རབ་ཕ་རོལ་ཕྱིན་ལ་སོགས་།མདོ་སྡེའི་ཆོས་ནི་མཉན་དུ་གཞུག་སློབ་ མ་སྐྱོ་བར་བྱ་བའི་ཕྱིར། །ཆོས་ཀྱི་གཏམ་ནི་བཟང་པོ་བྱ། །གལ་ཏེ་རྨི་ལམ་བཟང་པོའམ། །ངན་པ་དག་ནི་མཐོང་གྱུར་ན། །བདག་གི་སྐལ་པ་བརྟག་པའི་ཕྱིར། །བླ་མ་ལ་ནི་དེ་དག་ བསྙད༑ ༑མཆོད་རྟེན་ཀུན་དགའ་གཙུག་ལག་ཁང། །གླེགས་བམ་དང་ནི་ལྷ་རྣམས་དང། །ཡིད་བཞིན་ནོར་བུ་རིན་ཆེན་གོས། །ཡང་ན་མེ་ཏོག་འབྲས་བུ་རྙེད། །རལ་གྲི་འཁོར་ལོ་བི་ ཝང་དང། །གྲུབ་པའི་རྫས་ནི་སྣ་ཚོགས་རྣམས། །གང་གིས་རྨི་ལམ་ཐོབ་གྱུར་ན། །དེ་ཡིས་དངོས་གྲུབ་ཡིད་བཞིན་འགྱུར། །ཉི་ཟླ་མེ་དང་ཚོད་དག་གམ། །དེ་བཞིན་རྒྱ་མཚོ་རྒལ་ བ་དང། །གླང་པོ་ཆེ་དང་རྟ་ཡང་རུང། །དེ་ནི་དངོས་གྲུབ་ཐོབ་མི་དཀའ། །དེ་ལ་སོགས་པའི་རྨི་ལམ་ནི། །བཟང་པོས་དངོས་གྲུབ་དམ་པ་བརྟག་རྨི་ལམ་ངན་པ་མི་བཟད་པ། །འཇིགས་ པ་མཐོང་ན་མི་འགྲུབ་བོ། །བོང་བུ་རྔ་མོ་ཁྱི་དང་བྱ། །སྟག་དང་བྱི་ལ་ཝ་རྣམས་དང། །མི་ནི་འབྲུ་མར་ལུས་བསྐུས་དང། །གཅེར་བུ་རྩུབ་ལ་མི་སྡུག་པ། །དེ་ལ་སོགས་པའི་རྨི་ངན་ [320B] ༑བློ་དང་ལྡན་པས་སྤང་བར་བྱ། །ཡང་ན་དངོས་རྣམས་རྨི་ལམ་དང། །དྲི་ཟའི་གྲོང་ཁྱེར་བཞིན་ཤེས་ནས། །བློ་དང་ལྡན་པས་རྨི་ལམ་རྣམས། །སྙིང་པོ་མེད་པར་བཤད་པར་བྱ་།དེ་ནས་ བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ འདི་ལྟ་བུའི་ཆོས་རྣམས་ལ་དང་པོ་ནས་བློ་བརྟན་པར་འགྱུར་པ་འདིའི་རྒྱུ་ནི། གང་ལགས། རྐྱེན་ནི། གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟར་རིགས་ཀྱི་བུ་ དེ་དག་ནི། སྙིང་རྗེ་ཆེན་པོ་དང་ལྡན་པས་ཆོས་ཐམས་ཅད་ཤིན་ཏུ་མྱ་ངན་འདས་པར་མཐོང་ཞིང་སོ་སོའི་སྐྱེ་བོའི་ཚོགས་རྣམས་ཀྱི་མཚན་ཉིད་ཀྱང་ཕྱིན་ཅི་ལོག་ཏུ་ཤེས་ནས་མཚན་ ཉིད་དང་བྲལ་བ་ཞིག་ཏུ་ཤེས་ཏེ། དེ་བས་ན་དེ་དག་ཆོས་ཐམས་ཅད་ལ་བློ་བརྟན་ཞིང་ངེས་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་ བ་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ། དཀྱིལ་འཁོར་ཆེན་པོ་བཀོད་པའི་བྱིན་གྱིས་བརླབས་པ་ཉོན་ ཅིག་དེ་ལ་དང་པོར་སློབ་དཔོན་གྱིས་གཙང་སྦྲ་བྱས་ཏེ་བདེན་བྲལ་གྱི་ཕྱོགས་སུ་གནས་ལ་དཀྱིལ་འཁོར་གྱི་ས་ལ་རྣམ་པར་དབྱེ་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ [321A]༄༅། །ཐམས་ཅད་ལ་ཕྱག་བྱས་ཏེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡང་དྲན་པར་བྱས་ཏེ་མཐའ་ཡས་པ། རྒྱ་ཆེ་བ། རབ་འབྱམས་བཀོད་པའི་བྱིན་གྱིས་བརླབས་ ལ་བལྟའོ། །བལྟས་ནས་ཀྱང་བདག་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ། ཚོན་སྣ་ལྔ་ཡི་སྲད་བུའམ། །ཡང་ན་མཁས་བས་བློས་ཀྱང་རུང། །ལྷ་ཡི་གནས་རྣམས་ངེས་པ་ནི། ། ཤེས་རབ་ཅན་གྱིས་རྣམ་པར་དབྱེ། །ཀུན་ཏུ་གྲུ་བཞི་ལྷམ་པ་ལ་།སྒོ་བཞི་རྟ་བབས་དང་ཡང་བཅས། །སྒོ་ཁྱུད་རབ་འབྱམས་རྒྱ་ཆེ་ལྡན། །རྣམ་པར་དག་པ་སེམས་ཀྱིས་བྲིས། །རིན་ ཆེན་ལྔ་ཡི་ཕྱེ་མ་འམ། །ཡང་ན་སཱ་ལུའི་ཕྱེ་མའང་རུང་།ཡང་ན་སྤོས་སམ་ཐལ་བས་ཀྱང། །དཀྱིལ་འཁོར་སྔགས་པས་བྲི་བར་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །ནུབ་ཀྱི་སྒོ་ནི་ དབྱེ་བར་བྱ། །དེ་ནས་རིག་སྔགས་རྒྱལ་མོ་ནི། །མི་བཟད་སྲུང་བ་ཆེན་མོ་འམ། །ཡང་ན་མི་གཡོ་དྲན་པར་བྱ། །རྫོགས་པའི་སངས་རྒྱས་དྲན་བྱས་ནས། །བདེན་བྲལ་གྱི་ནི་ཕྱོགས་ སུ་འགྲོ། །དེ་ནས་སྲད་བུ་བྲེས་ནས་སུ། །བསྐོར་བ་བྱས་ཏེ་སླར་ལོག་ན། །དེ་ནས་བློ་དང་ལྡན་པ་ནི། །བྱང་དང་ནུབ་ཀྱི་ཕྱོགས་སུ་འགྲོ། །དེར་ཡང་ཤར་དུ་ཁ་བལྟས་ནས། །ཤར་ གྱི་ཕྱོགས་སུ་སྲད་བུ་བྲེས། །དེ་ལྟར་སྲད་བུའི་ཚུལ་ཤེས་པས་།རྟག་པར་ཐོག་མ་ཉིད་དུ་བྱ། །དེ་ནས་དབུས་སུ་འདུག་ནས་ནི། །མགོན་པོ་ངན་སོང་ཀུན་སྤོང་དང། །མི་མཆོག་ [321B] །དེ་བཞིན་སྒྲིབ་པ་ཀུན་སེལ་དང་།ཐུབ་པ་མེ་ཏོག་ཀུན་རྒྱས་དང། །རྒྱལ་བ་རྣམ་པར་སྣང་མཛད་དང། །ཐུབ་ཆེན་བདུད་ལས་རྒྱལ་བ་དང། །དེ་བཞིན་མི་འཁྲུགས་ ཞེས་བྱ་དང། །སངས་རྒྱས་རྔ་ཡི་སྒྲ་དབྱངས་ཅན། །དེ་བཞིན་གཤེགས་པ་རྗེས་དྲན་ནས། །དེར་ཡང་དཀའ་ཐུབ་ཅན་གྱིས་ནི། །ནན་ཏན་བསྐྱེད་དེ་ཆ་གསུམ་བརྟག་དེ་ལྟར་ལས་ལ་མཁས་ པ་ཡིས༑ ༑ས་ནི་ལེགས་པར་བརྟགས་ནས་སུ། །བྱང་ཆུབ་སེམས་དཔའ་བློ་ཅན་དང། །སངས་རྒྱས་རྣམས་ཀྱི་ཡུམ་ཡང་བཀླག་ཡང་ན་ཟབ་མོའི་མདོ་སྡེ་གཞན། །ས་རྣམས་གཏན་ལ་འབེབས་ པ་བཀླག་བཀླགས་ནས་བློ་དང་ལྡན་པ་ཡིས། །ཀུན་ཏུ་བདུག་སྤོས་བསྐོར་ནས་སུ། །རྒྱལ་བ་མཆོག་གི་སྲས་རྣམས་དང། །སངས་རྒྱས་རྣམས་ལ་ཕྱག་བྱས་ནས། །སངས་རྒྱས་རྣམས་ཀྱི་སྐུ་གཟུགས་སམ་།ཕྱག་ རྒྱ་མཁས་པས་བྲི་བར་བྱ། །ཡང་ན་གཞན་ནི་གང་ཡང་རུང། །དེ་དག་ཐམས་ཅད་བྲི་བར་བྱ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ ལ་བཀའ་སྩལ་པ། གསང་བ་པའི་བདག་པོ། སྦྱོར་བ་གང་དང་ལྡན་ན། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཚེགས་ཆུང་ངུས་ སེམས་ཅན་གྱི་ཁམས་མཐའ་ཡས་པ་ཡང་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བར་འགྱུར་བ་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་ཚུལ་སྒྲུབ་པའི་སྦྱོར་བ་ཡོད་དོ། །དེ་སྐད་ཅེས་བཀའ་ [322A]༄༅། །སྩལ་པ་དང། ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྒྲུབ་པའི་ཚིག་གང་དང་ལྡན་ན། བྱང་ཆུབ་སེམས་དཔའ་ གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཆོ་ག་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་ཅིང་དེ་བཞིན་གཤེགས་པ་རྣམས་ཀྱང་མཉེས་པར་བགྱིད་ བའི་སྒྲུབ་པའི་ཚིག་དེ་དག་བཤད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་ཆེན་པོ་བྱིན་གྱི་རླབས་སྒྲུབ་ པའི་གཞི་རྒྱ་ཆེན་པོས་བྱིན་དུ་བརླབས་ནས་སྦྱོར་བ་བཟང་པོ་བཤད་དོ། །གསང་བ་བའི་བདག་པོ། །དེ་ལ་འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་གྱི་ཚད་དཔག་ཚད་གཅིག་ཙམ་ བྲི་བར་བྱ་སྟེ། གནས་ཙནྡན་བཟང་པོ་སྦྲུལ་གྱི་སྙིང་པོ་དམ་པ་ལས་བྱས་པའི་ཁང་པ་དྲིལ་བུ་དང་རིན་པོ་ཆེའི་བླ་རེ་ཆེན་པོ་བྲེས་པ། ལྷའི་ཨ་ག་རུའི་བདུག་སྤོས་ཀྱིས་བདུགས་ པ༑ ཛམྦུ་ནཱ་དའི་གསེར་གྱི་སྲད་བུས་བསྐོར་བ། རིན་པོ་ཆེ་སྣ་ཚོགས་ཀྱི་དྲིལ་བུ་གཡེར་ཁའི་དྲ་བས་སྟེང་བརྒྱན་པ། རྔ་སྒྲ་སྙན་པ་སྣ་ཚོགས་ཀྱི་སྒྲ་གྲགས་པ། ཕྱོགས་བཞིན་རྟ་ བབས་བཟང་པོ་མུ་ཏིག་གི་ཕྲེང་བ་བཏགས་པ། ཚོན་སྣ་ཚོགས་ཀྱི་རས་བཏིང་བ། བཀོད་པ་དང་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། རིན་པོ་ཆེའི་སྒྲོན་མ་སྣ་ཚོགས་ཀྱིས་ཀྱང་རྣམ་པར་ [322B] །དེ་ནས་དེ་བཞིན་གཤེགས་པ་འདུས་པའི་ནང་ན་འདུག་བཞིན་དུ་བདག་ཉིད་ཆོས་ཀྱི་དབྱིངས་རྣམ་པར་དག་པའམ་དེའི་རྣམ་པ་ལ་དམིགས་པར་བྱིན་གྱིས་ བརླབས་ལ། དེའི་ཆོས་འབྱུང་བའི་ཕྱག་རྒྱའམ་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། སྟོང་པའི་ངོ་བོ་ཉིད་ཀྱི་རྗེས་སུ་སོང་བ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྡོམ་པ་དང་བྱང་ ཆུབ་ཀྱི་སེམས་འཛིན་དུ་གཞུག་གོ་དེ་ནས་བླ་ན་མེད་པའི་ཡེ་ཤེས་ཀྱི་མིག་རྣམ་པར་དག་པར་བྱ་བའི་ཕྱིར་དམ་ཚིག་བསྟན་པར་བྱའོ་།དེ་ལ་ནང་གི་དཀྱིལ་འཁོར་གྱི་ཕྱག་རྒྱ་ནི། འདི་ རྣམས་ཡིན་ནོ། །ཤར་ཕྱོགས་སུ་སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱ་གྲུ་གསུམ་པ་པདྨའི་སྟེང་ན་འདུག་པར་བྲིའོ། །དེའི་གསང་སྔགས་ནི། འདིའོ། །ན་མཿ་ས་མནྟ་བུདྡྷཱ་བོ་དཧི་སཏཱ་ནཱཾ། ཨ་ སརྦ་ཏྲ་ཎ་ཀི་སཱཧཱ། བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་རྒྱ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་བྲིའོ། །དེའི་གསང་ སྔགས་ནི། ན་མས་མནྟ་བུདྡྷ་བོ་དཧི་སཏཱ་ནཱཾ། ས་མནྟ་ཨ་མྲྀ་ཏེ་ཛྭ་ལ་སཱཧཱ། དེའི་འོག་ཏུ་ཀུན་ཏུ་བཟང་པོའི་ཕྱག་རྒྱ་རལ་གྲི་དང་གནས་ཀྱི་དཀྱིལ་འཁོར་ཆུང་ངུ་བྲིའོ། །གསང་སྔགས་ནི་ ན་མཿ་ས་མནྟ་བུདྡྷཱ་བོ་དཧི་སཏཱ་ནཱཾ། བཛྲ་རཱ་ཛ་མཱ་ལ་སཱཧཱ། སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱའི་གཡོན་ལོགས་སུ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བྲིའོ། །དེའི་འོག་ཏུ་བཅོམ་ལྡན་འདས་ [323A]༄༅། །ཤཱཀྱ་ཐུབ་པའི་ཕྱག་རྒྱ་ལྷུང་བཟེད་དང་ཆོས་གོས་བྲིའོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་ནམ་མཁའི་སྤྱན་གྱི་ཕྱག་རྒྱ་སྤྱན་གྱི་གཙུག་ཏོར་འདྲ་བ་ པདྨའི་སྟེང་ན་འདུག་པར་བྲིའོ། །བཅོམ་ལྡན་འདས་མའི་འོག་ལོགས་སུ་རྡོ་རྗེ་མཆོག་སྦྱིན་གྱི་ཕྱག་རྒྱ་ཨུཏྤ་ལའི་སྟེང་དུ་རྡོ་རྗེ་བཞག་པ་བྲིའོ། །འཕགས་པ་ཀུན་ཏུ་བཟང་པོའི་ བྱང་ཕྱོགས་སུ་བྱམས་པའི་ཕྱག་རྒྱ་གུནྡྷེ་བྲིའོ། །བཅོམ་ལྡན་འདས་ཀྱི་ནུབ་ཕྱོགས་སུ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱ་པདྨ་བྲིའོ། །བཅོམ་ལྡན་འདས་ཀྱི་བྱང་ཕྱོགས་སུ་ མཐའ་ཡས་པར་འཕྲོ་བ་རྒྱ་ཆེན་པོ་མི་གཡོ་བ་རྒྱལ་པོའི་ཕྱག་རྒྱ་བྲིའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷོ་ཕྱོགས་སུ་རྡོ་རྗེ་འཛིན་ཐམས་ཅད་ཀྱི་ཕྱག་རྒྱ་བྲིའོ། །དེ་ནས་ཕྱི་རོལ་གྱི་ དཀྱིལ་འཁོར་ཆ་གསུམ་དུ་བྱས་པ་ལ་འཁོར་སའི་སྣམ་བུ་བོར་ཏེ་ཤར་ཕྱོགས་སུ་ཕོ་ཉའི་ཚོགས་ཐམས་ཅད་ཀྱི་ཕྱག་རྒྱ་བྲིའོ། །དེ་དག་གི་ཤར་ལྷོའི་མཚམས་སུ་ཕོ་ཉ་མོ་ཐམས་ ཅད་ཀྱི་ཕྱག་རྒྱ་བྲི་སྟེ། ཕོ་ཉ་མོ་རྣམས་ཀྱི་ཕྱག་རྒྱ་ནི་ལྕགས་ཀྱུའོ། །ཚོགས་རྣམས་ཀྱི་ཕྱག་རྒྱ་ནི། ཞགས་པའོ། །ལྷོ་དང་བྱང་གི་ངོས་གཉིས་སུ་བྲན་ཕོ་དང། བྲན་མོ་རྣམས་ཀྱི་ ཕྱག་རྒྱ་བྲི་སྟེ། དེ་ལ་བྲན་ཕོ་རྣམས་ཀྱི་ཕྱག་རྒྱ་ནི། རལ་གྲིའོ། །བྲན་མོ་རྣམས་ཀྱི་ཕྱག་རྒྱ་ནི། ཁངྒ་རི་དང་རྡོ་རྗེའི་ཁབ་བྲིའོ། །དེ་ནས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ [323B]བཀླགས་ནས་ལངས་ལ་དཀྱིལ་འཁོར་བསྐོར་བར་བྱས་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་ཀྱང་བྱས་ལ་སློབ་མ་བྱང་ཆུབ་ཏུ་སེམས་བསྐྱེད་པ། གཅེང་ སྦྲ་ཅན༑ ཡི་དམ་ལ་བརྟན་པ། སྡོམ་པ་བཟུང་བ། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་བསམ་པ་ཅན། སྙིང་རྗེ་ཆེ་བ། གདོང་རས་ཀྱིས་གཡོགས་པ་ལག་པ་མི་གཏོང་བ་དེ་ལ་ སེམས་རྩེ་གཅིག་ཏུ་དམིགས་པ་རྣམས་དཀྱིལ་འཁོར་བསྐོར་བར་བྱས་ཏེ་དཀྱིལ་འཁོར་གཉིས་པའི་སྒོ་ཁར་འགྲེང་ལ་གང་བའི་ཕྱག་རྒྱའམ། ཆོས་འབྱུང་བའི་ཕྱག་རྒྱའམ། དམ་ ཚིག་གི་ཕྱག་རྒྱ་བཅིངས་ཏེ་དམ་ཚིག་བརྗོད་ལ་དཀྱིལ་འཁོར་དུ་གཟུད་དོ། །དེ་ནས་མེ་ཏོག་འདོར་དུ་གཞུག་གོ་མེ་ཏོག་གར་བབས་པ་དེའི་ལྷ་ཡིན་ནོ། །དེ་ལྟར་དམ་ཚིག་བརྟན་ བར་བྱས་ཏེ་སློབ་དཔོན་ལ་སྟོན་པའི་འདུ་ཤེས་བསྐྱེད་དོ། །སློབ་དཔོན་གྱིས་ཀྱང་བུའི་འདུ་ཤེས་བསྐྱེད་པར་བྱའོ། །དེ་ནས་སེམས་ཀྱི་རྒྱུད་རབ་དང་འབྲིང་དང་ཐ་མ་ལ་བལྟས་ནས་ གསང་སྔགས་སྤྱད་པ་ལ་འཇུག་པའི་རྣལ་འབྱོར་གྱི་ཆོ་ག་སྦྱིན་ནོ། །དེ་ལྟར་བྱས་ན། དཀྱིལ་འཁོར་ཆེན་པོ་བཀོད་པ་འདིར་དམ་ཚིག་མཐོང་བར་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་ཀྱང་རུང་མ་ཞུགས་ཀྱང་རུང་སྟེ་དམ་ཚིག་ཏུ་ཞུགས་པར་འགྱུར་རོ། །དེ་ལྟར་དཀྱིལ་འཁོར་ཆེན་པོར་བྱིན་གྱིས་བརླབས་ཤིང་ [324A]༄༅། །སྡིག་པ་ཐམས་ཅད་དང་བྲལ་བ། དེ་བཞིན་གཤེགས་པའི་རིགས་ལས་བྱུང་བ། སེམས་ཅན་གྱི་ཁམས་མཐའ་ཡས་པ་ཡོངས་སུ་བསྐྱབ་པ་ཡིད་ལ་བྱེད་ པ་དེས་གསང་སྔགས་སྤྱད་པའི་རྣལ་འབྱོར་གྱི་ཆོ་ག་རྗེས་སུ་དྲན་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་གནས་ན་འཁོད་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བྱམས་པ་ཆེན་པོ་དང་ཐུགས་རྗེ་ཆེན་པོའི་སྤྱན་གཉིས་ཀྱིས་གཟིགས་ནས་ཞལ་ཅུང་ཟད་འཛུམ་ཞིང་དེ་བཞིན་གཤེགས་པའི་ སོ་སོ་ཡང་དག་པར་རིག་པ་ལ་འཇུག་པའི་ཚུལ་གྱིས་བླ་ན་མེད་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་བསྟན་པར་བཞེད་པས་གཙུག་ཏོར་ཆེན་པོའི་དཀྱིལ་ནས་སྲིད་པའི་ རྒྱ་མཚོ་ཐམས་ཅད་ལས་བསྒྲལ་བར་ཡི་དམ་བཅས་པ་ཞེས་བྱ་བའི་བཞད་པ་ཆེན་པོ་མཛད་དོ། །ཐམས་ཅད་དུའང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་འབྱུང་བ་ཞེས་བྱ་ བའི་འོད་ཟེར་བྱུང་ངོ། །འོད་ཟེར་དེ་བྱུང་ནས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ནམ་མཁའི་དབྱིངས་ཀྱིས་ཀླས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ འཁོར་གྱི་དཀྱིལ་འཁོར་ན་འཁོད་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། སྣང་བར་བྱས། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་ཡུལ་ནི། བསྟན། སེམས་ [324B] བལྟས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མཐའ་ཡས་པ་ནི། དམིགས་པར་བྱས་ནམ་མཁའ་དང་མཉམ་པར་གྱུར་པའི་ཆོས་མཉམ་ པ་ཉིད་རྣམ་པར་བསྟན་པ། ཆོས་ཀྱི་དབྱིངས་ཀྱིས་རྣམ་པར་རོལ་པའི་སོགས་རྣམ་པར་རོལ་ནས་དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་ལས་མངོན་ པར་གྲུབ་པ། དེ་བཞིན་གཤེགས་པའི་དགོངས་པ་ལས་མངོན་པར་གྲུབ་པ། མོས་པའི་རླུང་གི་དཀྱིལ་འཁོར་གྱིས་སངས་རྒྱས་ཀྱི་ཞིང་བཀོད་པ་རྣམ་པ་བཅུས་རབ་ཏུ་བརྒྱན་ནས་ནམ་ མཁའི་ངོས་ལ་བཀོད་པ་ཆེན་པོའི་དཀྱིལ་འཁོར་གྱི་བྱིན་གྱི་རླབས་བཤམ་པར་བྱས་ཏེ་གནས་པར་གྱུར་ཏོ། །འོད་ཟེར་ཆེན་པོ་དེ་དག་དེ་ལྟར་གནས་པར་གྱུར་མ་ཐག་ཏུ་གསང་བ་པའི་ བདག་པོ་ཕྱག་ན་རྡོ་རྗེའི་སེམས་ལ་སེམས་ཀྱི་རྟོག་པ་འདི་ལྟ་བུ་བྱུང་བར་གྱུར་ཏོ། །དེ་བཞིན་གཤེགས་པའི་དགོངས་པ་ལས་བྱུང་བའི་འོད་ཟེར་རྣམ་པར་བཀོད་པ་སྣང་བ་སྔོན་མ་ བྱུང་བ་འདི་དག་བཀོད་པ་རྣམ་པ་སྣ་ཚོགས་ཀྱིས་ནམ་མཁའི་ངོས་ནི། ཁེབས་པར་བྱས། །དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་ཆེན་པོ་རྣམས་ནི། བསྟན་ནས་དེ་བཞིན་གཤེགས་ པའི་ཞལ་དུ་མི་སྣང་བར་གྱུར་པ་ནི། ངོ་མཚར་ཆེའོ། །དེ་བས་ན་ངེས་པར་དེང་བཅོམ་ལྡན་འདས་སོ་སོ་ཡང་དག་པར་རིག་པ་ཆེན་པོ་མངོན་པར་སྒྲུབ་པའི་ནུབ་རྣམ་པར་དག་པས་མཉམ་ [325A]༄༅། །པ་ཉིད་ལ་འཇུག་པ་རྣམ་པར་དག་པའི་གཞི་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་རོལ་པའི་ཆོས་ཀྱི་རྣམ་གྲངས་བཤད་པར་བཞེད་དོ། །དེའི་ཕྱིར་བཅོམ་ ལྡན་འདས་ལ་བདག་ཞུའོ་སྙམ་མོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས། བཅོམ་ལྡན་འདས་ཀྱིས་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ནས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ བདག་རྟག་ཏུ་ཞམ་འབྲིང་ན་མཆིས་མཆིས་ན། བཅོམ་ལྡན་འདས་ཀྱིས་འདི་ལྟར་བཞད་པ་ཆེན་པོ་སྔར་མཛད་ནས་དབུའི་གཙུག་ཏོར་གྱི་དཀྱིལ་ནས་འོད་ཟེར་ངོ་མཚར་དུ་གྱུར་ པ་བདག་གིས་སྔོན་མ་མཐོང་བ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་སྙེད་བྱུང་ནས་འོད་ཟེར་དེ་རྣམས་ཀྱིས་ཀྱང་འཇིག་རྟེན་གྱི་ཁམས་ནམ་མཁའི་དབྱིངས་ཀྱིས་མཐས་ཀླས་ པ་སྣང་བར་བགྱིས་པ་ངོ་མཚར་ཆེའོ། །དེ་ལ་བདག་ཉིད་འདི་སྙམ་དུ་གྱུར་ཏེ། དེང་བཅོམ་ལྡན་འདས་བདག་ཅག་ལ་སོ་སོ་ཡང་དག་པར་རིག་པ་ཆེན་པོ་ལ་འཇུག་པའི་ཚུལ་སྒྲུབ་ པ་རྣམ་པར་དག་པའི་གཞི་ཆོས་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བཤད་པར་བཞེད་པ་ནི། བདག་ཅག་གིས་ [325B] །བཅོམ་ལྡན་འདས། དེ་བས་ན། བདག་ལག་ལ་ཐུགས་བརྩེ་བའི་སླད་དུ་སོ་སོ་ཡང་དག་པར་རིག་པ་ཆེན་པོ་ལ་འཇུག་པའི་ཚུལ་སྒྲུབ་པ་རྣམ་པར་ དག་པའི་གཞི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པའི་ཆོས་ཀྱི་རྣམ་གྲངས་བཤད་ན་དེ་ནི། དུས་སླད་མའི་འགྲོ་བ་རྣམས་ལ་སྣང་ བ་བགྱིས་པར་འགྱུར་ཏེ་ལེགས་ཀྱི། བཤད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། གསང་བ་པའི་བདག་པོ། ལེགས་སོ་ལེགས་སོ། །ཁྱོད་དོན་འདི་འདྲི་བར་སེམས་པ་དེ་ཡང་ལེགས་སོ། །གསང་བ་པའི་བདག་པོ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ ཤིག་དང་ངས་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་སྒྲུབ་པའི་ཚུལ་རྣམ་པར་དག་པས་མཉམ་པ་ཉིད་ལ་འཇུག་པ་རྣམ་པར་དག་པའི་ གཞི་ཆོས་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བཤད་པར་བྱའོ། །བཅོམ་ལྡན་འདས། དེ་ལྟར་བགྱིའོ། །ཞེས་གསོལ་ ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ལ་ཉན་པ་དང། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་།གསང་བ་པའི་བདག་པོ། སྟོང་པ་ཉིད་ཀྱི་ [326A]༄༅། །གཞི་ནི། མངོན་པར་རྫོགས་པར་བྱང་ཆུབ་པའི་གཞིའོ་།ནམ་མཁའ་དང་མཉམ་པའི་གཞི་ནི། མངོན་པར་རྫོགས་པར་བྱང་ཆུབ་པའི་གཞིའོ། །མཚན་ཉིད་ མེད་པའི་གཞི་ནི། མངོན་པར་རྫོགས་པར་བྱང་ཆུབ་པའི་གཞིའོ་།དེ་བཞིན་གཤེགས་པའི་གཞི་ནི། མངོན་པར་རྫོགས་པར་བྱང་ཆུབ་པའི་གཞིའོ། །དེ་ལྟར་མངོན་པར་བྱང་ ཆུབ་པའི་གཞི་འདི་དག་བྱང་ཆུབ་སེམས་དཔས་བསྒོམ་པར་བྱའོ་།གསང་བ་པའི་བདག་པོ། འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོ་སོ་ཡང་དག་པར་རིག་པ་ལ་ འཇུག་པ་སྒྲུབ་པའི་ཚུལ་རྣམ་པར་དག་པས་མཉམ་པ་ཉིད་ལ་འཇུག་པའི་གཞི་ཆོས་ཀྱི་རྣམ་གྲངས་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཆོས་ཀྱི་དབྱིངས་ རྒྱ་ཆེན་པོ་རབ་འབྱམས་མཐའ་ཡས་པ་བྱིན་གྱིས་བརླབས་ནས་ནམ་མཁའ་དྲི་མ་མེད་པའི་རྒྱལ་པོ་རྣམ་པར་སྨིན་པ་ནམ་མཁའ་ལྟར་རྒྱ་ཆེ་ཞིང་མཐའ་ཡས་པ་ཞེས་བྱ་བའི་ཏིང་ ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་སྣང་བ་ཡུལ་བསམ་གྱིས་མི་ཁྱབ་པ་རབ་འབྱམས་ སྟོན་པ་ཞེས་བྱ་བའི་འོད་ཟེར་ཆེན་པོ་དབུའི་གཙུག་ནས་བྱུང་ངོ་།བྱུང་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་མཐུན་པར་བསྟན་ཏེ། བཅོམ་ལྡན་འདས་རྣམ་པར་ [326B]གྱི་ཁམས་རྣམ་པ་བཅུར་སྣང་བ་ཆེན་པོས་གསལ་བར་བྱས་ཏེ་སྟེང་གི་ནམ་མཁའ་ལ་གནས་ནས་དམ་ཚིག་ཆེན་པོ་གསུམ་གྱིས་སྣང་ བས་འཇིག་རྟེན་གྱི་ཁམས་ནམ་མཁའི་དབྱིངས་ཀྱི་མཐས་ཀླས་པ་སྣང་བར་བྱས་ནས་སེམས་ཅན་གྱི་ཁམས་རྣམས་ལ་དམ་ཚིག་ཆེན་པོ་གསུམ་གྱི་མྱུ་གུ་སྐྱེ་བར་བྱིན་གྱིས་བརླབས་ཏེ་འོད་ཟེར་ དེ་དག་ནམ་མཁའ་ལ་ལྷགས་ནས་ཕྱག་ན་རྡོ་རྗེའི་སྤྱི་བོར་ལྷུང་ངོ། །འོད་ཟེར་དེ་དག་ཕྱག་ན་རྡོ་རྗེའི་སྤྱི་བོར་ལྷུང་མ་ཐག་ཏུ་དེ་ནས་དེའི་མོད་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་དེ་བཞིན་ གཤེགས་པའི་ཡུལ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཆེན་པོ་ཐོབ་པར་གྱུར་ཏེ། དེ་ཐོབ་པས་དེ་བཞིན་གཤེགས་པའི་ས་ལ་གཉིས་སུ་མེད་པར་གནས་པར་གྱུར་ཏོ། །དེ་ནས་གསང་བ་པའི་ བདག་པོ་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དགའ་བས་སྙིང་ཚིམ་པར་གྱུར་ནས་མིག་གཉིས་མི་འཛུམ་པར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཡུད་ཙམ་ཞིག་ བལྟས་ཏེ་བཞིན་ཅུང་ཟད་འཛུམ་ཞིང་བཅོམ་ལྡན་འདས་ལ་ཡིད་ཀྱིས་ཞུས་པ། ཇི་ལྟར་དེ་བཞིན་གཤེགས་པ་ལགས། །ཇི་ལྟར་རྒྱལ་བ་དམ་པ་ལགས། །ཇི་ལྟར་བྱང་ཆུབ་སེམས་དཔའ་ ལགས༑ ༑ཇི་ལྟར་སངས་རྒྱས་ཞེས་ཀྱང་བགྱི། །མགོན་པོ་བདག་གི་ཐེ་ཚོམ་འདི། །ཐུབ་པ་ཆེན་པོས་བསལ་དུ་གསོལ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །ཐེ་ཚོམ་ཡིད་ [327A]༄༅། །གཉིས་སྤངས་ནས་སུ། །སྤྱད་པའི་རྒྱལ་པོ་ཐེག་ཆེན་ལ་།རྒྱལ་བའི་སྲས་ནི་སྤྱོད་པར་འགྱུར། །དེ་སྐད་ཅེས་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་གསང་ བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་།གསང་བ་པའི་བདག་པོ། ཁྱོད་དོན་འདི་ལྟ་བུ་འདྲི་བ་དེ་ལེགས་སོ་ལེགས་སོ། །གསང་བ་པའི་བདག་པོ། ཆོས་ཀྱི་ ཚུལ་སྒྲུབ་པའི་གཞི་འདི་ལྟ་བུ་འདི་ཐོས་ནས་སྐྲག་པར་མི་འགྱུར་ཀུན་ཏུ་སྐྲག་པར་མི་འགྱུར་བའི་སེམས་ཅན་དེ་དག་ནི། དཀོན་ནོ་།གསང་བ་པའི་བདག་པོ། རིགས་ཀྱི་བུ་དེ་དག་ནི་ སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན་གྱི། སངས་རྒྱས་བརྒྱ་སྟོང་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྲུན་པ་ཡིན་པར་རིག་པར་བྱའོ། །གསང་བ་པའི་བདག་པོ། དེ་ལྟ་བས་ ན༑ བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་ཐོག་མ་ཉིད་དུ་ཐེག་པ་ཆེན་པོ་རྟོགས་པར་ཁོང་དུ་ཆུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་ གསང་བ་པའི་བདག་པོ། ཐེག་པ་ཆེན་པོ་རྟོགས་པར་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་ནི། ཚེགས་ཆུང་ངུས་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྒྲུབ་ པར་འགྱུར་རོ། །འདི་ལྟར་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་འདི་ནི། མངོན་པར་ཤེས་པ་ཆེན་པོ་ཡོངས་སུ་སྦྱོང་བ་ཡིན་ནོ། །དེ་ནས་ཡང་བཅོམ་ [327B]ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ། དེའི་ཕྱིར་རབ་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ ཁྱོད་ལ་བཤད་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ལ་ཉན་ཏོ། །དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ ཏོ༑ ༑ཆོས་རྣམས་ནམ་མཁའི་མཚན་ཉིད་དེ། །གཉིས་སུ་མེད་ཅིང་མཚན་ཉིད་གཅིག་གནས་ནི་རྣམ་པ་བཅུས་རྟོགས་པ། །དེ་ནི་རྫོགས་སངས་རྒྱས་ཞེས་བྱ། །འདུ་ཤེས་ཙམ་ཡང་སྤངས་གྱུར་ ཅིང། །རང་བཞིན་ཉིད་ཀྱང་བསྟན་དུ་མེད། །ཡེ་ཤེས་ཀྱིས་ནི་རང་རིག་པ། །དེ་ནི་དེ་བཞིན་གཤེགས་ཞེས་གསུངས། །བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །རྟོག་པ་ཐམས་ཅད་རྣམ་པར་སྤངས།། གང་ཞིག་དེ་ནི་རྟོགས་འདོད་པ། །དེ་ནི་བྱང་ཆུབ་སེམས་དཔའ་ཡིན་།ས་བཅུ་ཡོངས་སུ་རྫོགས་བྱས་ནས། །དབང་རྣམས་རྟོགས་པར་ཁོང་དུ་ཆུད། །ཆོས་རྣམས་སྟོང་པ་སྒྱུ་མ་བཞིན། །གང་ གིས་འདིར་ནི་ཀུན་རྟོགས་ཤིང། །འཇིག་རྟེན་གྱི་ནི་རྒྱུད་ཤེས་པ་།སངས་རྒྱས་ཞེས་ནི་དེ་ལ་བྱ། །གསང་བ་པའི་བདག་པོ། དེ་ལྟར་བྱང་ཆུབ་སེམས་དཔའི་སེམས་ཀྱི་གནས་སྐབས་རྣམ་ པར་གཞག་པ་ནི། དེ་དག་ཡིན་ནོ། །གསང་བ་པའི་བདག་པོ། རྣམ་གྲངས་དེས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་གི་སེམས་རྣམ་པར་གཞག་པ་སྒྲུབ་པ་ནི། མེད་པར་ [328A]༄༅། །རིག་པར་བྱའོ། །དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོས་ཀྱི་རྣམ་གྲངས་ལེགས་པར་ བཤད་པ་ནི། བཅོམ་ལྡན་འདས། ངོ་མཚར་ལགས་སོ། །བདེ་བར་གཤེགས་པ། ཤིན་ཏུ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས། རིགས་ཀྱི་བུ་དེ་དག་འགྲོ་བ་ལྔའི་འཁོར་བ་ན་ འཁོར་བའི་ཚེ་ངན་འགྲོ་ངན་སོང་གི་འཇིགས་པའམ། བདུད་ཀྱི་ལས་ཀྱི་འཇིགས་པའམ། མི་ཁོམ་པར་སྐྱེ་བའི་འཇིགས་པ་མ་མཆིས་པར་བདག་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ ཆུབ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་ལ་གནས་པ་ནི། འཇིག་རྟེན་དང་ལྷན་ཅིག་ཏུ་གནས་ཀྱང་འཇིག་རྟེན་ལས་འདས་པའི་ལམ་མི་གཏོང་ཞིང་སེམས་ཅན་ ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐབས་ཀྱིས་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཀྱང་སྟོན་ཏོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ལས་ཡོངས་སུ་ཉམས་པར་ཡང་མི་འགྱུར་རོ། །དེ་ནས་ ཡང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས། གསང་བ་ཆེན་པོ་སྙིང་པོའི་དཀྱིལ་འཁོར་བཤད་དུ་གསོལ། དེ་ནི་སྐྱེ་བོ་མང་ [328B] །དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་ བདག་པོ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་གསང་བའི་སྙིང་པོའི་དཀྱིལ་འཁོར་བཤད་པར་བྱའོ། །དེ་ཡང་རེ་ཞིག་སློབ་དཔོན་དམ་ཚིག་གསུམ་ རྣམ་པར་དབྱེ་བ་ལ་མཁས་ཤིང་བདག་ཀྱང་དམ་ཚིག་གསུམ་ལ་གནས་པ་ཡིན་ནོ། །གསང་བ་པའི་བདག་པོ། དེ་ལ་དམ་ཚིག་གསུམ་པོ་དེ་གང་ཞེ་ན། ཆོས་ཀྱི་ཁྱད་པར་གསུམ་སྟེ། ཆོས་ ཀྱི་ཁྱད་པར་གད་བ་དུས་གསུམ་དུ་གཏོགས་པའི་དུས་ན་སྒྲིབ་པ་མེད་པའི་ཚུལ་གྱིས་འཇུག་པ་དེ་ནི། དམ་ཚིག་གསུམ་ཞེས་བྱའོ། །གསང་བ་པའི་བདག་པོ། །ཆོས་ཀྱི་ཁྱད་པར་དེ་ཡང་ གང་ཞེ་ན། གསང་བ་པའི་བདག་པོ། སེམས་ནི། ཆོས་ཀྱི་ཁྱད་པར་སྟེ། གསང་བ་པའི་བདག་པོ། དེ་ལ་སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་མེད་པ་ཡོངས་སུ་ཤེས་པ་གང་ཡིན་པ་ དེ་ནི། རྫོགས་པའི་སངས་རྒྱས་མཐོང་བའོ། །འདི་ལ་ཆོས་ཀྱི་དབྱིངས་རྟོགས་པའི་རང་རིག་པའི་རྣམ་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་མཚན་ཉིད་ཡིན་ནོ། །གང་ལུས་ དང་ངག་དང་ཡིད་འཇུག་པ་དེ་ནི། རྫོགས་པའི་མཚན་ཉིད་ཡིན་ནོ་།གསང་བ་པའི་བདག་པོ། འདི་ནི། དམ་ཚིག་གསུམ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ [329A]༄༅། །མ་རྟོགས་ན། མུ་སྟེགས་ཅན་གཞན་དག་གིས་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བྱིས་པ་མི་ཤེས་ པས་བསྒྲིངས་པ། །ཚུལ་འདི་ཤེས་པར་མ་གྱུར་རྣམས། །སངས་རྒྱས་གཞན་དུ་ཚོལ་བར་བྱེད། །འདི་ན་གནས་པར་ཡོངས་མ་རྟོགས། །འཇིག་རྟེན་ཁམས་གཞན་གང་ནས་ ཀྱང། །སངས་རྒྱས་རྙེད་པར་ཡོང་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་བསྟན་ཏོ། །དེ་ལྟ་བས་ན་རྣལ་འབྱོར་པས། །རྟག་ཏུ་ཡིད་གཉིས་ སྤངས་ནས་ནི། །སེམས་ཀྱི་ཁྱད་པར་རྣམ་གསུམ་བརྟག་དེ་ནས་དམ་ཚིག་གསུམ་ཤེས་འགྱུར། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་དག་གསུངས་ནས་ གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ། དེ་ལ་སློབ་དཔོན་དམ་ཚིག་གསུམ་ཤེས་པར་བྱ་བ་ལ་མཁས་པས་བདག་ཉིད་ཆོས་ཀྱི་དབྱིངས་ སུ་མོས་པར་བྱས་ལ་དེ་ལ་དམིགས་པའི་སྤྱོད་པས་ས་གཞི་རྣམ་པར་སྦྱང་བར་བྱའོ། །དེ་ལྟར་དེས་ས་གཞི་རྣམས་སྦྱངས་ནས་ནམ་མཁའི་དབྱིངས་ལྟ་བུ་ལ་ཡང་དག་པར་ གཞོལ་བས་བདག་ནི། ཆོས་ཀྱི་དབྱིངས་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ཡུལ་ཡིན་ནོ་སྙམ་དུ་བདག་ཉིད་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབ་བོ། །དེ་ལྟར་བདག་ཉིད་བྱིན་ [329B]གཉིས་སུ་མེད་པའི་སྦྱོར་བས་བདག་གི་ལུས་དཀྱིལ་འཁོར་ཡིན་པའམ་དཀྱིལ་འཁོར་བདག་གི་ལུས་ཡིན་པར་བྱིན་གྱིས་ བརླབས་ཏེ། རང་གི་སེམས་ཀྱིས་བྱས་པའི་ཚོན་སྣ་ལྔའི་ཕྱེ་མ་དང། གཞན་ཡང་རུང་སྟེ་ཆོ་ག་སྔ་མས་རྣམ་པར་དབྱེ་བར་བྱའོ། །གསང་བ་པའི་བདག་པོ། དེ་ནས་སེམས་ཅན་ སྡུག་བསྔལ་བ་རྣམས་ཡོངས་སུ་བསྐྱབ་པའི་ཕྱིར་གསང་བའི་སྙིང་པོའི་དམ་ཚིག་ལ་འཇུག་པའི་ཆོ་ག་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱིན་གྱི་རླབས་ པ་གང་གིས་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་ཚེ་འདི་ཉིད་གཅིག་པུས་ཐོབ་ པར་འགྱུར་བ་དེ་ལྟ་བུའི་ཆོས་ཀྱི་བྱིན་གྱིས་བརླབ་པ་མཛད་དོ་།དེ་ནས་བཅོམ་ལྡན་འདས་ཀྱིས་བྱམས་པ་ཆེན་པོ་དང་ཐུགས་རྗེ་ཆེན་པོའི་སྤྱན་གཉིས་ཀྱིས་སེམས་ཅན་གྱི་ཁམས་ ལ་གཟིགས་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ། བྱིན་གྱིས་བརླབས་བསྒྲུབ་པའི་གཞི་གང་དག་གིས་དེ་བཞིན་གཤེགས་པ་ རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་དཀའ་བ་ཡང་བསོད་ནམས་མ་བྱས་པའི་སེམས་ཅན་རྣམས་ཀྱི་ཕ་རོལ་གྱི་རྒྱུད་ལ་ཡང་རབ་ཏུ་འཇོག་པར་འགྱུར་བ་ཆོས་ཀྱི་ [330A]༄༅། །དབྱིངས་ཀྱི་བྱིན་གྱི་བརླབ་ཀྱི་གཞི་ཉོན་ཅིག་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང། ཕྱག་ན་རྡོ་རྗེས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སངས་རྒྱས་བཅོམ་ལྡན་འདས་སྟོབས་བཅུའི་སྟོབས་དང་ལྡན་པ། མི་འཇིགས་པ་བཞིའི་ཁྱུ་མཆོག་སེངྒེའི་སྒྲ་སྒྲོག་པ་རྣམས་ ཀྱི་ཡེ་ཤེས་ལ་མངའ་བ་ངོ་མཚར་ཏོ། །བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་མཁས་པའི་རང་བཞིན་ཅན་སུ་ཞིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་འདྲ་ བའི་དོན་དུ་ནམ་མཁའི་དབྱིངས་ཀྱི་མཐས་ཀླས་པའི་བསྐལ་པར་ཡང་སེམས་ཅན་དམྱལ་བའི་སྡུག་བསྔལ་མི་བཟད་པ་ཡང་བཟོད་པར་མི་བགྱིད། བཅོམ་ལྡན་འདས། དེ་ལྟ་ བས་ན། རིགས་ཀྱི་བུ་མཁས་པ་འདི་ལ་སློབ་པར་འཚལ་བས་དེ་བཞིན་གཤེགས་པའི་རྗེས་སུ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། དེ་ལྟ་བས་ན། ལེགས་ལགས་ཀྱི། བདག་ ཅག་ལ་ཐུགས་བརྩེ་བའི་སླད་དུ་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱིས་བརླབ་ཀྱི་གཞི་དེ་དག་བཤད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་ པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ། ནམ་མཁའི་མཚན་ཉིད་དང་མཚུངས་པའི་ཕྱིར་ཆོས་ཐམས་ཅད་ནི། མཚན་ཉིད་གཅིག་པའོ། །ཆོས་ [330B]སྟོང་པ་ཉིད་ཀྱི་བྱིན་གྱིས་བརླབས་ཀྱི་མཚན་ཉིད་དོ། །གསང་བ་པའི་བདག་པོ། གང་དག་ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་ བ་སྤྱོད་པ་ན་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བསྒོམས་ཤིང་ལན་མང་དུ་བྱས་པའི་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱིས་བརླབ་ཀྱི་གཞི་ཡིན་ཏེ། གསང་བ་པའི་བདག་པོ། དེ་ལྟ་བས་ ན༑ དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི། དེ་ཡིན་ནོ། །རིགས་ཀྱི་བུ། ང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་ན་ཡང་འདི་དག་སེམས་སེམས་ པ་ལས་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཐོབ་པར་གྱུར་ཏོ། །སྒྲ་དབྱངས་མཐའ་ཡས་པ་སྒྲོག་པ་ཞེས་བྱ་བའི་གཟུངས་ཀྱི་སྒོ་དང་ བདུད་བཞི་ཕམ་པར་བྱེད་པའི་དབྱངས་ཞེས་བྱ་བའི་རིག་སྔགས་ཀྱི་རྒྱལ་མོ་གནས་མེད་པ། ནམ་མཁའ་སྤྱོད་ཡུལ། མཚན་ཉིད་མེད་པ་འགྲོ་བ་པོ་མེད་པ། བྱེད་པ་པོ་དང་ཚོར་བ་པོ་ མེད་པ། འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་ལས་འདས་པ་ཡང་ཐོབ་པར་གྱུར་ཏོ། །གསང་བ་པའི་བདག་པོ། དེ་ལ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་མཐའ་ཡས་ཤིང་རབ་འབྱམས་རྒྱ་ ཆེ་བ་བསྟན་པར་བྱ་བ་དེ་དག་གང་ཞེ་ན། ན་མསྟྲཻ་ཡ་དཧྭི་ཀཱ་ནཱཾ་བུདྡྷཱ་ག་ཏེ་པ་ཏིཥྛི་ཏེ་བྷྱོ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནེ་བྷྱ། མ་ཧཱ་ཀྲྀ་དེ་བྷྱ། ག་ག་ན་ཨ་མ་ལ་རཱུ་པ་དྷཱ་ར་ཎི་ཏ་ཐཱ་རཱུ་པ་བི་བྷ་བ་བི་ [331A]༄༅། །བྷ་རྗེ་ན༑ པ་ར་རཱུ་པ་དྷ་རེ་མ་ཧཱ་ཀྲྀ་པེ་བི་མ་ལེ་སརྦ་ག་ཏེ་བི་ཤོ་དྷ་ནི། དེ་ལ་འདི་ནི། རྡོ་རྗེའི་ཚིག་མཉམ་པ་མེད་པ་ཡིན་ནོ། །ཨ་མ་ཧཱ་བིསྨ་ཡེ་ཧཱུཾ་ཁཾ། ཕྱག་ན་ རྡོ་རྗེ༑ འདི་ནི། ནམ་མཁའ་ལྟར་དྲི་མ་མེད་པ་ཞེས་བྱ་བའི་རིག་སྔགས་ཀྱི་རྒྱལ་མོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་རློབ་པ། སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡུམ་ཡིན་ནོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་གང་ན་རིག་སྔགས་ཀྱི་རྒྱལ་མོ་འདི་མི་འཆད་ཅིང་མི་བརྗོད་པའི་སངས་རྒྱས་ ཀྱི་ཞིང་དེ་ངས་མ་མཐོང་ངོ། །གསང་བ་བའི་བདག་པོ། རྣམ་གྲངས་དེས་ཀྱང་འདི་ལྟར་གསང་བའི་སྙིང་པོའི་དཀྱིལ་འཁོར་དང། ཕྱག་རྒྱ་དང། དམ་ཚིག་འདི་ལ་འཇུག་པར་འདོད་ པའི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་རྒྱལ་པོ་འདི་ལ་མངོན་པར་བརྩོན་པར་བྱའོ། །དེ་ནས་གསང་བ་པའི་བདག་པོ་ཕྱག་ ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ གསང་སྔགས་ཀྱི་རང་བཞིན་ཇི་ལྟར་སྟོན། ཆོས་ཐམས་ཅད་ལ་ཐོབ་པའི་བར་དུ་ཇི་ལྟར་འགྱུར། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ [331B] །གསང་བ་པའི་བདག་པོ། འདི་ལ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་སློབ་ དཔོན་ལ་དབང་ནོད་པར་བྱའོ། །འདི་སྙམ་དུ་སློབ་དཔོན་འདི་ནི། བདག་གི་སྟོན་པ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་ལ་བསྐུལ་བའོ། །དེ་ནས་ ཐལ་མོ་སྦྱར་ཏེ་ཉེ་བར་སོང་ལ་གསོལ་བ་གདབ་བོ། །སློབ་དཔོན་གྱིས་ཀྱང་དེ་དོན་དུ་གཉེར་བར་ཤེས་ནས་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ཏེ་ཚིག་འདི་སྐད་ཅེས་སྨྲ་བར་བྱའོ། །རིགས་ ཀྱི་བུ༑ ལོངས། དེ་བཞིན་གཤེགས་པའི་སྤྱན་བླ་ན་མེད་པ་དེ་ཁྱོད་ལ་བསྟན་པར་བྱའོ། །དེ་ནས་ས་གཞི་ཡིད་དུ་འོང་བ་བརྟགས་ལ་ཆོ་ག་སྔ་མས་ས་གཞི་སྦྱངས་ཏེ་དཀྱིལ་འཁོར་ གྲུ་བཞི་པ་སྒོ་གཅིག་པ། ལྷ་རྣམ་པར་དབྱེ་བའི་གནས་ལེགས་པར་བརྟགས་པ། མཆོད་པའི་གནས་རྣམ་པ་སྣ་ཚོགས་བཀོད་པ་བསྒྲུབས་པ་སྤོས་ཆུ་དྲི་ཞིམ་པོས་བཀང་བའི་བུམ་ པ་དབུས་སུ་བཞག་པ་བྲིས་ལ་སློབ་མ་པདྨའི་སྟེང་ན་འདུག་པ་རང་གི་ལྷའི་གཟུགས་བདག་ཡིན་པར་དམིགས་པ་ལ་གནས་པ། ཡིད་བྱང་ཆུབ་ཀྱི་སེམས་སུ་གྱུར་པ། འགྲོ་བ་ མཐའ་དག་ཡོངས་སུ་བསྐྱབ་པའི་བསམ་པ་ཅན། དེ་བཞིན་གཤེགས་པའི་རིགས་སུ་འགྱུར་བར་འདོད་པ་དག་བུམ་པ་དེས་སྤྱི་བོ་ནས་དབང་བསྐུར་རོ། །འདི་སྐད་དུ་རིགས་ཀྱི་བུ་ [332A]༄༅། །ཁྱོད་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་སོ། །དེ་བཞིན་གཤེགས་པའི་སྤྱན་ཕྱེའོ། །ཞེས་སྨྲ་བར་བྱའོ། །གསང་བ་པའི་བདག་བོ། དེ་ལ་བྱང་ཆུབ་སེམས་ དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པ་རྣམས་ཀྱི་ལྷའི་གཟུགས་ནི། དེ་བཞིན་གཤེགས་པའི་སྐུ་ཇི་སྙེད་པའམ་སེམས་དཔའ་མཐའ་ཡས་པ་ ཐམས་ཅད་ཀྱི་ཆ་ལུགས་ཀྱི་བྱེ་བྲག་ཀྱང་རུང་སྟེ་གསང་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པ་ལས་འགྱུར་བར་རིག་པར་བྱའོ་།གསང་བ་པའི་བདག་པོ། གསང་སྔགས་ དང་ཕྱག་རྒྱས་བྱིན་གྱིས་བརླབས་པ་ཡང་ཅི་ལྟ་བུ་ཡིན་ཞེ་ན་གསང་བ་པའི་བདག་པོ། དེ་ལ་དབང་བསྐུར་བའི་ཚེ་སློབ་དཔོན་གྱིས་པདྨའི་ཕྱག་རྒྱས་གངན་[?]བཀྲ་ཞིང་བརྟན་པ་བསམ་ གྱིས་མི་ཁྱབ་པ། རྡོ་རྗེ་ལྟར་མི་ཤིགས་པ། ཡོངས་སུ་བརྟག་པ་ནི་གསེར་རམ། ཟངས་སམ། འཇིམ་པ་ལས་བྱས་པའམ། རི་མོར་བྲིས་པ་བཞག་སྟེ་བྱའོ། །དེའི་སྟེང་དུ་འདུག་པ་ ལ་ཆོས་ཐམས་ཅད་ལ་དབང་ཐོབ་པར་བྱ་བའི་ཕྱིར་སྤོས་ཆུ་དྲི་ཞིམ་པོས་བཀང་བའི་བུམ་པས་སྤྱི་བོ་ནས་དབང་བསྐུར་བར་བྱའོ་།སློབ་དཔོན་བདག་ཉིད་ཀྱང་ཇི་ལྟར་རྗེས་སུ་མཐུན་ པར་མོས་པར་བྱ་བའམ། དེའི་ཕྱག་རྒྱས་རྗེས་སུ་མཐུན་པའི་བྱ་བ་བྱའོ། །ཆོས་ཀྱི་དུང་གི་ཕྱག་རྒྱ་དང། གསང་སྔགས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་གསུང་གི་འཁོར་ལོའི་ [332B] །རལ་གྲིའི་ཕྱག་རྒྱ་དང་གསང་སྔགས་ཀྱིས་ནི། འཇིག་ཚོགས་ལ་ལྟ་བ་མཐའ་དག་གཞོམ་པར་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་ གཤེགས་པའི་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་གསང་སྔགས་ཀྱིས་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེའི་ཕྱག་རྒྱ་དང་གསང་སྔགས་ ཀྱིས་ནི༑ མི་ཤེས་པའི་གྲོང་ཁྱེར་གཞིག་པར་བྱིན་གྱིས་བརླབ་པར་བྱའོ། །གཙུག་ཏོར་གྱི་ཕྱག་རྒྱ་དང་གསང་སྔགས་ཀྱིས་ནི། གཙུག་ཏོར་བལྟར་མི་མཐོང་བ་བྱིན་གྱིས་བརླབ་ པར་བྱའོ། །མཛོད་སྤུའི་ཕྱག་རྒྱ་དང་གསང་སྔགས་ཀྱིས་ནི་།མཛོད་སྤུ་དང་ལྡན་པར་བྱིན་གྱིས་བརླབ་པར་བྱའོ། །ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱ་དང་གསང་སྔགས་ཀྱིས་ ནི༑ ཡན་ལག་ཐམས་ཅད་བྱིན་གྱིས་བརླབ་པར་བྱའོ། །གསང་བ་པའི་བདག་པོ། དེ་ལ་པདྨའི་ཕྱག་རྒྱ་འབྱུང་སྟེ། ལག་པ་གཉིས་གཅིག་ཏུ་སྦྱར་ལ་འཁྲིག་མ་ནས་བརྐྱང་སྟེ་སོར་མོ་ ཐམས་ཅད་གོ་མཉམ་པར་བརྐྱང་ངོ། །ཕྱག་རྒྱ་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གདན་ཡིན་ཏེ། དམ་པ་མཐུ་ཆེན་པོའོ། །གསང་སྔགས་འདི་ནི། ངོ་མཚར་ཆེ་བ་ ཐམས་ཅད་ཀྱི་སྒོ་སྟེ། ན་མས་མནྟ་བུདྡྷཱ་ནཱཾ། ག་ག་ནཱ་མ་ལ་པྲ་བྷཱ་བཛྲ་བྷྱེད་ཏྱ་ནཱ་མ་ཧཱ་ཀྲྀ་པཱཏྨ་ཀ། དེ་ལ་འདི་དག་ནི། རྡོ་རྗེའི་ཚིག་མཉམ་པ་མེད་པའོ། །ཨ་ཏི་བསྨི་ཡ་མཧཱ་ཀྲྀ་པཱཏྨ་ [333A]༄༅། །ཛཧཱུཾ། ལག་པ་གཉིས་བསྣོལ་ཏེ་རྒྱབ་སྦྱར་ལ་སོར་མོ་རྣམས་ཕན་ཚུན་བླས་པའི་ཚུལ་དུ་བསྣོལ་ཏེ་གཡོན་པའི་མཐེ་བོང་རྒྱབ་ཏུ་ལྡོག་ལ་གཡས་པའི་མཐེ་ བོས་སེན་མོ་ལ་སྦྱར་རོ། །རྒྱ་འདི་ཕྱག་རྒྱ་ཆེན་པོ་སྟེ། །ཚོ་ཀྱི་འཁོར་ལོ་ཞེས་སུ་བསྒྲགས། །འཇིག་རྟེན་མགོན་པོ་སྐྱོབ་རྣམས་ཀྱིས། །འཁོར་ལོ་དམ་པ་འདི་བསྐོར་རོ། །ན་མཿ་ ས་མནྟ་བུདྡྷ་ནཱཾ། ཏ་ཐཱ་གྟ་ཏ་ཨ་མྲྀ་ཏེ་བི་ཛ་ཡ་ཝ་རྞ་སརྦ་ཛ་ཡ་ག་ཐ་དྷ་ར་ཐ་ཀཱ་རི་མ་ཧཱ་ཀྲྀ་བེ་ཧཱུཾ་ཧཾ་ཏྲ་ཧཾ་མ་ཧཱ་ད་བཧུ་ཏེ་ཧཱུཾ། གསང་བའི་ཕྱག་རྒྱ་ལས་མཐེ་བོང་གཉིས་ལག་མཐིལ་དུ་བཅུག་ ལ་མཛུབ་མོ་གཉིས་ཀྱིས་རྩ་བ་དཀྲིས་ཏེ་ལྷག་མ་རྣམས་ནི་བཞག་ལ་བསྒྲེང་ངོ། །འཇིག་རྟེན་མགོན་པོ་སྐྱོབ་རྣམས་ཀྱིས། །ཕྱག་རྒྱ་སེམས་ཅན་ཐམས་ཅད་ཀྱི། །དོན་རྣམས་རྟག་ཏུ་ མྱུར་བྱེད་འདི། །ཆོས་ཀྱི་དུང་ཞེས་རྣམ་པར་བསྒྲགས། །ན་མས་མནྟ་བུདྡྷཱ་ནཱཾ། ཏྲྱད་དཧྭ་བྷ་ག་ཝ་ཏི་པྲ་ཏིཥྛི་ཏེ། ཨ་ནནྟ་རུ་ས་ར་བི་ནིར་གྷོ་ཥཾ། སརྦ་ཏ་ཐཱ་ག་ཏཱ་བཱཀ་པྲ་ས་ར་བིསྨ་ཡ་ཀ་ དྷ་ར་མ་ཧཱ་དྷ་ར་མ་ཧཱ་དྷ་ར་མ་ཥ་ཀ་སརྦ་སཏ་སནྟོ་ཤཱ་ནཱ་རཱ་མ་ཧཱ་མ་ཧཱ་ཧཱུཾ། གང་བའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བཀུག་སྟེ་མཐེ་བོའི་སེན་མོའི་སྟེང་དུ་རལ་གྲིའི་ཚུལ་དུ་ གཟུང་ངོ། །ཕྱག་རྒྱ་རབ་ཏུ་མཐུ་ཆེན་འདི། །རལ་གྲིའི་ཕྱག་རྒྱར་རྣམ་པར་གྲགས། །སེམས་ཅན་ཀུན་གྱི་འཇིག་ཚོགས་ལྟ། །ལྷན་ཅིག་སྐྱེས་པའང་གཅོད་པ་ཡིན། །ན་མས་མནྟ་ [333B] ཨ་མ་ཧཱ་ཁངྒ་པྲ་ཛྙཱ་ཏེ་ཛི་ཏ་ས་ད་ཀཱ་ཡ་དྲྀཥྚི་ཙྪིནྡ་ན་ཀཱ་ར། ཏ་ཐཱ་ག་ཏ་ཨ་དཧི་མུཀྟི་ནི་ར་ཛ་ཏ་བི་དཧུ་ཏ་སཾ་ཀལྤ་མ་ཧཱ་མ་ཧཱ་ཧཱུཾ་ཛཿ། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཕྱི་རོལ་དུ་བརྐྱང་ སྟེ་གུང་མོ་གཉིས་ཀྱི་ཚིགས་གསུམ་བར་ནས་གང་ཙམ་གྱིས་མ་རེག་པར་བཟུང་ལ་རྡོ་རྗེ་ལྟ་བུར་བྱས་ཏེ་མཐེ་བོང་དང་སྲིན་ལག་དང་མཐེ་ཆུང་རྣམས་ནང་དུ་གཞུག་གོ་སངས་རྒྱས་ འཇིག་རྟེན་མགོན་པོ་ཡིས། །ཕྱག་རྒྱ་རབ་ཏུ་བསྒྲགས་པ་འདི། །མི་ཤེས་གྲོང་ཁྱེར་འཇིག་པ་ཡི། །རྡོ་རྗེའི་ཕྱག་རྒྱར་རྣམ་པར་གྲགས། །དེའི་གསང་སྔགས་ནི། ན་མས་མནྟ་བུདྡྷཱ་ནཱཾ་ མ་ཧཱ་བིསྨ་ཡ་ཏེ་ཛོད་བྷ་བ་མ་ཧཱ་ཙཎྜ་དུར་ད་ན་ཏཱ་ཏྲ་བྷཉྫ་ཏཱ། རྡོ་རྗེའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་གུང་མོ་གཉིས་ཀྱི་ངོས་སུ་གཙུག་ཏོར་ལྟ་བུར་གཟུད་དོ། །འདི་ནི་གཙུག་ཏོར་ཕྱག་ རྒྱ་སྟེ༑ ༑འཇིག་རྟེན་མགོན་པོ་སྐྱོབ་པ་ཡིན། །གང་གིས་ཕྱག་རྒྱ་འདི་བཅིངས་པ། །དེ་ལ་འདི་ནི་གཙུག་ཏོར་འགྱུར། །དེ་ཡི་གསང་སྔགས་ནི། ན་མས་མནྟ་བུདྡྷཱ་ནཱཾ། སརྦ་བྷ་ཏྲ་ཨ་པྲ་ཏི་ཧ་ཏ་བྷ་ བ་ཏི་དྷརྨཱ་ཧཱ་པ་ལཾ་ནཱཾ། སརྦ་ཏ་ཐཱ་ག་ཏ་ནོ་དུ་དྷ་རྱ་བྷ་ཤ་ཡ། མ་ཧཱ་བུདྡྷཱ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྤུ་ར་མཧཱ་མ་ཧོཥྞཱི་ཥ་སཱཧཱ། ལག་པ་གཡས་པ་ཁུ་ཚུར་བཅངས་ལ་སྨིན་མཚམས་སུ་ གཟུད་དོ། །རྒྱ་འདི་རྒྱལ་བ་མཆོག་རྣམས་ཀྱི། །མཛོད་སྤུར་རྟག་ཏུ་རྣམ་པར་བསྒྲགས། །དེའི་གསང་སྔགས་ནི། ན་མས་མནྟོ་བུདྡྷཱ་ནཱཾ། ཨ་ཤི་ཁེན་དུ་བ་མ་པྲ་བྷ་སརྦ་སཏ་ཀཱེ་ཤ་སནྟ་པ་ [334A]༄༅། །བྲ་ཤཱ་མ་ན་ག་ར་མ་ཧཱ་ཏི་དྷཱ་ར། སརྦ་ཏ་ཐཱ་གྟ་ཏ་ཨ་ལཾ་ཀ་ར་མ་ཧཱ་པུ་རུ་ཥ་རཱུ་པ་དྷ་ར་ཀ་ཀོ་ཏི་ག་ཏ་སཱཧཱ། གསང་བ་པའི་བདག་པོ། བྱང་ཆུབ་སེམས་དཔའ་གསང་ སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་སངས་རྒྱས་ཀྱི་བྱ་བ་ལ་ཉེ་བར་གནས་པ་དེ་གང་ཡིན་པ་དེ་དག་ནི། གསང་སྔགས་དང་ཕྱག་རྒྱ་འདི་དག་ཡིན་ནོ། ། གསང་བ་པའི་བདག་པོ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའ་སྔགས་དང་ཕྱག་རྒྱ་འདི་དག་གིས་བྱིན་གྱིས་བརླབས་པ་རྣམས་ ནི༑ ཡིད་བཞིན་གྱི་ནོར་བུ་གཟུགས་སྣ་ཚོགས་པ་དང་འདྲ་བའི་ལུས་རྣམས་ཀྱིས་སེམས་ཅན་གྱི་ཁམས་རྣམས་སེམས་ཅན་གདུལ་བའི་དབང་གིས་ཇི་ལྟར་རྗེས་སུ་མཐུན་པའི་ ལུས་རྣམས་སྟོན་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ། གསང་བའི་ སྙིང་པོའི་དཀྱིལ་འཁོར་ལ་སྡོམ་པ་གང་དང་ལྡན་ན། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལུས་དང་ངག་དང་ཡིད་ བསྡམས་ཤིང་སྤྱོད་པར་འགྱུར་པའི་སྡོམ་པ་དང། བྱང་ཆུབ་ཀྱི་སེམས་ཡོད་དོ། །གསང་བ་པའི་བདག་པོ། དེ་ལ་སྡོམ་པ་གང་ཞེ་ན་བསྡམ་པ་ནི། སྡོམ་པ་སྟེ། ལུས་དང། ངག་དང་ [334B]སྡུག་བསྔལ་སེལ་བར་འགྱུར་བ་དེ་ནི། སྡོམ་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང། ཕྱག་ན་རྡོ་རྗེས་བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་སྔོམ་པ་ཇི་ལྟར་གཟུང་བར་བགྱི། དེ་སྐད་ ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་འདི་ལ་སློབ་དཔོན་གྱིས་ལྷ་སྤྱན་དྲང་པ་བྱས་ ལ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླགས་ཏེ་དཀྱིལ་འཁོར་ལ་ཕྱོགས་ཏེ་དེར་འདུག་ལ་སློབ་མ་རྣམས་ལ་བོས་ཏེ་དའི་སྐད་དུ། བུ་དུས་གསུམ་དུ་སྒྲིབ་པ་མེད་པར་ གནས་པ་དམ་ཚིག་ཆེན་པོ་ལ་འཇུག་པའི་སྡོམ་པ་ནོས་ཤིག་ཅེས་བསྒོ་བར་བྱའོ། །དེས་ཀྱང་ཐལ་མོ་སྦྱར་བུས་མོ་བཙུགས་ཏེ་འདི་སྐད་དུ་སློབ་དཔོན་དགོངས་སུ་གསོལ། བདག་མིང་ འདི་ཞེས་བགྱི་བ་དེ་དག་གི་དུས་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སློབ་དཔོན་གྱིས་བདག་ལ་དམ་ཚིག་ཆེན་པོ་ལ་འཇུག་པའི་སྡོམ་པ་བདག་ལ་སྩལ་དུ་ གསོལ༑ སྟོན་པའི་བཀའ་སྤྱི་བོས་ནོད་པར་འཚལ་ལོ། །ཞེས་སྨྲ་བར་བྱའོ། །དེ་ནས་སློབ་དཔོན་གྱིས་ཀྱང་འདི་སྐད་ཅེས་རིགས་ཀྱི་བུ་དགོངས་ཤིག་བླ་ན་མེད་པར་ཡང་དག་པར་རྫོགས་ [335A]༄༅། །པའི་བྱང་ཆུབ་འདོད་པ་ཁྱོད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ལྷག་པའི་བསམ་པས་བདག་གི་ལུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ རྣམས་ལ་དབུལ་བར་བྱའོ། །གསང་བ་པའི་བདག་པོ། འདི་ནི། དམ་ཚིག་ཆེན་པོ་ལ་འཇུག་པ་ཞེས་བྱ་བའི་སྡོམ་པ་ཡིན་ཏེ། སྡོམ་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ནི། ཚུལ་ཁྲིམས་བླ་ན་མེད་པ་ལ་རབ་ཏུ་གནས་པ་ཡིན་ནོ་།གསང་བ་པའི་བདག་པོ། དེ་ལྟ་བས་ན། གསང་ སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པའི་སྒོ་འདི་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་དམ་ཚིག་ཆེན་པོ་ལ་འཇུག་པ་འདི་ལ་མངོན་པར་བརྩོན་པར་བྱའོ། ། གསང་བ་པའི་བདག་པོ། བྱང་ཆུབ་སེམས་དཔའ་སེམས་གང་དང་ལྡན་ན། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་ཤིང་འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་བའི་སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་རབ་ཏུ་གནས་པར་འགྱུར་བའི་བྱང་ཆུབ་ཀྱི་སེམས་དེ་ཡང་ཉོན་ཅིག་དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ ཏོ༑ ༑བཅོམ་ལྡན་འདས། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་བྱང་ཆུབ་ཀྱི་སེམས་དེ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱི་གསང་བ་པའི་བདག་ [335B] །གསང་བ་པའི་བདག་པོ། དེ་ལ་བྱང་ཆུབ་གང་ཞེ་ན། བྱང་ཆུབ་ནི། ནམ་མཁའི་མཚན་ཉིད་དོ། །ནམ་མཁའ་ལ་ཡང་གཟུགས་མེད་ བསྟན་དུ་མེད། གཟུང་དུ་མེད་པའོ། །བྱང་ཆུབ་ཀྱི་མཚན་ཉིད་གང་ཡིན་པ་སེམས་ཀྱི་མཚན་ཉིད་ཀྱང་དེ་ཡིན་ནོ། །གསང་བ་པའི་བདག་པོ། དེ་ལྟ་བས་ན། སེམས་དང་ནམ་མཁའ་དང་ བྱང་ཆུབ་འདི་དག་ནི། གཉིས་སུ་མེད་དོ། །དེ་ལ་ཆོས་རྣམས་མཉམ་པ་ཉིད་དུ་རྟོགས་པ་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཡིན་ནོ། །དེ་ལ་མི་སྐྱེ་བའི་ཚུལ་དང། མི་དམིགས་པའི་ཚུལ་གྱིས་སེམས་སྐྱེ་བ་གང་ཡིན་པ་དེ་ནི། གསང་བ་པའི་བདག་པོ། བྱང་ཆུབ་སེམས་ཞེས་བྱའོ། །གསང་བ་པའི་བདག་པོ་ གཞན་ཡང་བྱང་ཆུབ་སེམས་དཔའ་གནས་ཀྱི་གཞི་ལྔས་བྱང་ཆུབ་མངོན་པར་རྟོགས་པར་འགྱུར་ཏེ། ལྔ་གང་ཞེ་ན། གསང་བ་པའི་བདག་པོ། འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ དངོས་པོ་ཐམས་ཅད་དང་བྲལ་བར་མངོན་པར་རྟོགས་པར་འགྱུར་རོ་།ཁ་ཅིག་ནི། ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། གཟུང་བ་དང། འཛིན་པ་རྣམ་པར་སྤངས་པ་སྟོང་པ་སྒྱུ་ མ་ལྟ་བུར་མངོན་པར་རྟོགས་པར་འགྱུར་རོ། །ཁ་ཅིག་ནི། ཆོས་ལ་དམིགས་པས་སོ། །གསང་བ་པའི་བདག་པོ། འོན་ཀྱང་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་ [336A]༄༅། །སེམས་དཔའི་སྤྱད་པ་སྤྱོད་པས་འདི་ལྟར་དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང་གཟུང་བ་དང། འཛིན་པ་རྣམ་པར་ སྤངས་པ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་རང་གི་སེམས་ཐོག་མ་ནས་མ་སྐྱེས་པ་སྟོང་བ་ཉིད་ཀྱི་ངོ་བོ་ཉིད་དུ་རྟོགས་པར་བྱའོ། །གསང་བ་པའི་བདག་པོ། དེ་ལ་དངོས་པོ་ ཐམས་ཅད་དང་བྲལ་བ་ཞེས་བྱ་བ་འདི་ནི། དེ་བཞིན་གཤེགས་པ་འདི་ལ་བདག་གམ། སེམས་ཅན་ནམ། སྐྱེ་བའི་ཤད་ལས་སྐྱེས་པ་ཡོད་པ་མ་ཡིན་གྱི། ཕུང་པོ་དང། ཁམས་ དང། སྐྱེ་མཆེད་ཙམ་དུ་ཟད་དོ། །ཞེས་འཇིག་རྟེན་པའི་ལམ་ཡོངས་སུ་སྤངས་པར་བསྟན་པ་ཡིན་ནོ། །ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། གཟུང་བ་དང། འཛིན་པ་རྣམ་ པར་སྤངས་པ་ཞེས་བྱ་བ་ནི། ཉན་ཐོས་ཀྱི་ལམ་མངོན་པར་རྟོགས་པ་ཡོངས་སུ་ཤེས་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་རྣམ་པར་ གཞག་པ་ཡིན་ནོ། །ཆོས་བདག་མེད་པ་མཉམ་པ་ཉིད་ཀྱིས་ནི། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་རང་གི་སེམས་ ཐོག་མ་ནས་མ་སྐྱེས་པར་མཐོང་ཞིང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་རྫས་མེད་པ་མཚན་ཉིད་མེད་པར་མངོན་པར་རྟོགས་པར་འགྱུར་རོ། །གསང་བ་པའི་བདག་པོ། འདི་ལྟ་བས་ན། བྱང་ [336B]ཅད་དང་བྲལ་བའི་སེམས་བསྐྱེད་བར་བྱའོ། །གསང་བ་པའི་བདག་པོ་རྣམ་གྲངས་འདིས་ཀྱང་འདི་ལྟར་ཐེག་པ་ཆེན་པོ་ལ་ ཡང་དག་པར་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གསང་སྔགས་སྤྱོད་པའི་ཚུལ་སྒྲུབ་པ་རྣམ་པར་ཐར་པའི་སྒོ་མ་གཏོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལ་ཕན་འདོགས་པ་མེད་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་བསྐལ་པ་དུ་མར་འབད་ཅིང་བརྩལ་ཏེ་གཏང་དཀའ་བ་རྣམས་ཀྱང་བྱས་པས་བྱང་ ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་ཚེ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཡང་དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་ཚེ་ཞེས་བྱ་བ་དེ་ནི། དེ་བཞིན་གཤེགས་པས་སྐྱེ་བ་ལ་ འདུ་ཤེས་སུ་བྱ་བར་ཟད་དེ། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་འདུ་ཤེས་དེ་ཡང་ཆོས་ཐམས་ཅད་གྱི་ངོ་བོ་ཉིད་ཁོང་དུ་ཆུད་པའི་ཏིང་ངེ་འཛིན་ཐོབ་པའི་སྔོན་རོལ་ཉིད་དུ་འགགས་ པའི་ཕྱིར་རོ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ་གསང་བ་པའི་བདག་པོ། དཀྱིལ་འཁོར་དང་ཕྱག་ [337A]༄༅། །རྒྱའི་དམ་ཚིག་འདི་ལ་འཇུག་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཆོས་འདི་ལྔ་ནི། རྒྱང་རིང་དུ་སྤང་བར་བྱའོ། །ལྔ་གང་ཞེ་ན། སེར་སྣ་དང། སེམས་ཅན་ལ་ གནོད་པ་དང། ཐེ་ཚོམ་དང། ལེ་ལོ་དང། གསང་སྔགས་ལ་སོགས་པ་ལ་མ་གུས་པ་སྟེ། གསང་བ་པའི་བདག་པོ། ཆོས་འདི་ལྔ་ནི། བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད་ལ་འཇིག་ རྟེན་ལས་འདས་པའི་ལམ་ལ་འཇུག་པར་འདོད་པ་རྣམས་ཀྱིས་རྒྱང་རིང་དུ་སྤང་པར་བྱའོ། །གསང་བ་པའི་བདག་པོ། ཆོས་འདི་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ ལ་བྱང་ཆུབ་ཀྱི་སྤྱད་པ་ཅུང་ཟད་ཀྱང་ཡོངས་སུ་རྫོགས་པར་ང་མི་སྨྲའོ། །གསང་བ་པའི་བདག་པོ། དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་རྣམས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ ཆུབ་ཀྱི་སེམས་ཀྱི་བར་དུ་གཅོད་པ་ཆེན་པོའོ། །དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་།བཅོམ་ལྡན་འདས། རིགས་ཀྱི་བུའམ་ རིགས་ཀྱི་བུ་མོ་གང་གསང་བའི་སྙིང་པོ་འདིའི་དམ་ཚིག་ལ་གནས་པར་གྱུར་པ་དེའི་བསོད་ནམས་ཅི་ཞིག་འཕེལ་བར་འགྱུར། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀར་སྩལ་ཏོ། །གསང་བ་པའི་བདག་པོ། ནམ་མཁའི་དབྱིངས་ཀྱི་མཐའ་ནི་རྟོགས་པར་ནུས་སམ། གསོལ་པ། བཅོམ་ [337B] ནམ་མཁའི་དབྱིངས་ཀྱི་ཚད་མ་མཆིས་པས་དེའི་ཚད་གཟུང་བར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའི་དབྱིངས་ཀྱི་མཐའ་ནི། རྟོགས་པར་ ནུས་ཀྱང་སྲིད་ཀྱི། གསང་བའི་སྙིང་པོའི་དཀྱིལ་འཁོར་དུ་དམ་ཚིག་མཐོང་བའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བསོད་ནམས་མངོན་པར་འདུ་བྱས་པ་གང་ཡིན་པའི་བསོད་ནམས་ དེའི་ཚད་ནི། རྟོགས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ། དཀྱིལ་འཁོར་འདི་ནི། སངས་རྒྱས་འབྱུང་བ་མཐོང་བའོ། །གསང་བ་པའི་བདག་པོ། དཀྱིལ་འཁོར་ ཞེས་བྱ་བ་ནི། སྙིང་པོ་གཙོ་བོ་ཐམས་ཅད་ཀྱི་མཐར་ཕྱིན་པ་སྟེ། དེའི་གོང་ན་དེ་བཞིན་གཤེགས་པའི་སྙིང་པོ་མེད་དོ། །དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ། གནས་སུ་གྱུར་ པ༑ སྐྱབས་སུ་གྱུར་པའོ། །གསང་བ་པའི་བདག་པོ། དེ་བས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དཀྱིལ་འཁོར་དང་ཕྱག་རྒྱ་དང་དམ་ཚིག་འདི་ལ་འཇུག་པར་འདོད་པས་དཀྱིལ་འཁོར་ དང་ཕྱག་རྒྱ་དང་དམ་ཚིག་ལ་འཇུག་པ་ཐོབ་པར་འགྱུར། གང་དག་དང་འཇིག་རྟེན་གྱི་ཁམས་མེ་མ་མུར་གྱིས་ཡོངས་སུ་གང་བ་ལ་ཡང་རྐང་པ་གཉིས་ཀྱིས་འབོགས་ཏེ་འགྲོ་བར་བྱའོ།། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དེ་རྣམས་ལ་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་དགེ་བའི་བཤེས་གཉེན་གྱི་ [338A]༄༅། །འདུ་ཤེས་དང། ཕའི་འདུ་ཤེས་དང། མའི་འདུ་ཤེས་བསྐྱེད་པར་བྱའོ། །གསང་བ་པའི་བདག་པོ། གང་ལ་བརྟེན་ནས་སེམས་ཅན་དམྱལ་བ་རྒྱུན་ཆད་པར་ འགྱུར་ཞིང་དུད་འགྲོའི་སྐྱེ་གནས་སུ་འགྲོ་བ་དང། གཤིན་རྗེའི་འཇིག་རྟེན་པའི་ཕུང་པོ་མེད་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་ དཔའི་སྤྱད་པ་སྤྱོད་པ་དེ་དག་ལ་ཇི་ལྟར་ལན་ལྡོན་པར་འགྱུར་བྱང་ཆུབ་སེམས་དཔའ་དེ་དག་མི་མཉམ་པ་དང་མཉམ་པ་ལ་གནས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ། ནམ་མཁའ་ལྟར་གནས་པ་མེད་པའི་སྤྱོད་ཡུལ་ཅན་དུ་རིག་པར་བྱའོ། །གསང་བ་པའི་བདག་པོ་ངས་ཁྱོད་ལ་བསྒོ་བར་བྱའོ། །ཤེས་ པར་བྱའོ། །མ་འོངས་པའི་དུས་ན་མི་བླུན་བོ་དམིགས་པ་ཅན་ལ་ལྟ་བ། འཇིག་ཚོགས་ལ་ལྟ་བ། མངོན་པར་ཞེན་པ། བློ་ཕྱིན་ཅི་ལོག་ཏུ་གྱུར་པ། བདག་གི་སེམས་ཀྱི་གནས་ གཏན་ལ་མ་ཕེབས་པ་རྣམས་རྣམ་པར་འཁྲུལ་ནས་འདི་སྐད་དུ་འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་གྱི། འདི་དག་ནི། རང་བཟོ་ཅན་གྱིས་རང་བཟོར་བྱས་པ་ཡིན་ནོ། ། ཞེས་ཟེར་བ་དག་འབྱུང་བར་འགྱུར་རོ། །གསང་བ་པའི་བདག་པོ། མི་བླུན་པོ་དེ་དག་ནི། འགྲོ་བ་གཉིས་སུ་འགྲོ་བར་རིག་པར་བྱ་སྟེ་གཉིས་གང་ཞེ་ན། འདི་ལྟ་སྟེ། སེམས་ [338B] དུད་འགྲོའོ། །གསང་བ་པའི་བདག་པོ། དེ་དག་ལ་ནི། དགེ་བའི་རྩ་བའི་རྒྱུ་ཅུང་ཟད་ཀྱང་ཡོད་པར་ང་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི། རྩ་བ་ཆད་པར་བྱེད་པ་ལ་ ཞུགས་ཏེ་སངས་རྒྱས་ཀྱི་བྱང་ཆུབ་ལ་བར་དུ་གཅོད་པར་བྱེད་པ་བདུད་ཀྱིས་ཟིལ་གྱིས་ནོན་པ། ཤེས་རབ་འཆལ་བའི་རང་བཞིན་ཅན་ཐེག་པ་ཆེན་པོ་ལ་གོམས་པར་མ་བྱས་པ། ཉན་ ཐོས་ཀྱི་ཐེག་པ་ལ་སྙིང་པོར་འདུ་ཤེས་པ་རྣམས་འབྱུང་བར་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མངོན་པར་བརྩོན་པར་གྱུར་པ་དེ་དག་ལ་ ཚུལ་ཁྲིམས་འཆལ་བ་སྡིག་པའི་ཆོས་སྤྱོད་པ་དེ་དག་ལ་སངས་རྒྱས་ཀྱི་བྱང་ཆུབ་ག་ལ་ཡོད་ཅེས་སྨྲ་བར་འགྱུར་ཏེ། མི་བླུན་པོ་དེ་དག་འདི་ལྟར་བཅོམ་ལྡན་འདས་ཐམས་ཅད་མཁྱེན་ པ་དེས་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་འདི་དག་ཐམས་ཅད་གསུངས་སོ། །དེ་དག་ལ་ལྟ་བའི་སེམས་བསྐྱེད་པས་སྡུག་བསྔལ་གྱི་སྐལ་པ་ཅན་དུ་འགྱུར་རོ། །དེ་ཅིའི་ཕྱིར་ ཞེ་ན༑ དེ་དག་ནི། དེ་བཞིན་གཤེགས་པའི་གསང་བ་འཛིན་པ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འོས་པ་ཡིན་པར་རིག་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ རྣམ་པར་སྣང་མཛད་ཀྱིས་ཕྱག་ན་རྡོ་རྗེ་ལ་སོགས་པ་རྡོ་རྗེ་འཛིན་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་སྙེད་ལ་བཀའ་སྩལ་བ། རིགས་ཀྱི་བུ་དེ་རྣམས་བསྲུང་བ་དང་བསྐྱབ་པ་དང་སྦ་བའི་ [339A]༄༅། །ཕྱིར་རིགས་ཀྱི་བུ་ཁྱོད་ཀྱི་ལག་ཏུ་གཏད་ཀྱི། རིགས་ཀྱི་བུ་དེ་རྣམས་རྟག་ཏུ་རྒྱུན་མི་འཆད་པར་སྲུང་བར་གྱིས་ཤིག་ཡོངས་སུ་བསྐྱབ་པར་གྱིས་ཤིག་གནོད་ པ་ལས་བཟློག་པར་གྱིས་ཤིག་དེ་སྐད་ཅེས་བཀའ་སྩལ་པ་དང། ཕྱག་ན་རྡོ་རྗེ་ལ་སོགས་པ་རྡོ་རྗེ་འཛིན་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་སྙེད་པ་དེ་དག་གིས་མགྲིན་གཅིག་ ཏུ་ཚིག་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ཆོས་ཀྱི་རྗེས་ཇི་སྐད་བཀའ་སྩལ་པ་དེ་བཞིན་དུ་ཐམས་ཅད་བགྱིའོ། །རིགས་ཀྱི་བུ་དེ་དག་ནམ་བྱང་ ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་བསྲུང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ལེགས་སོ་ལེགས་སོ་།ཁྱོད་ཀྱིས་ཅི་ནས་ཀྱང་སྟོན་པའི་ བསྟན་པ་འཇིག་པར་མི་འགྱུར་བ་དེ་ལྟར་གྱིས་ཤིག་དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་རྡོ་རྗེ་འཛིན་དེ་དག་ཐམས་ཅད་ལ་སྨྲས་པ། གྲོགས་པོ་དག་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱ་དཀའ་བ་བརྒྱ་སྟོང་དུ་མར་བསྒྲུབས་པ་དེ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡིན་ཏེ། དེ་ བས་ན་ཁྱེད་ཐམས་ཅད་ཀྱིས་ནན་ཏན་བསྐྱེད་ལ་དེ་དག་སྲུང་བར་གྱིས་ཤིག་དེ་ཅིའི་ཕྱིར་ཞེ་ན། འདིས་ནི། བདག་ཅག་དེ་བཞིན་གཤེགས་པའི་བཀའ་བཞིན་བྱེད་པའོ། །ཞེས་བྱ་བར་ [339B] །དེ་བཞིན་གཤེགས་པའི་བསྟན་པ་སྲུང་བའོ་ཞེས་བྱ་བར་འགྱུར་རོ། །མི་མཉམ་པ་དང་མཉམ་པའོ་ཞེས་བྱ་བར་འགྱུར་རོ། །སྟོབས་བཅུ་འཛིན་པའོ་ཞེས་བྱ་བར་འགྱུར་ རོ༑ ༑དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་བསྲུང་བ་དང། བསྐྱབ་པ་དང་སྦ་བའི་ཕྱིར་བདག་ཅག་རྣམས་ཀྱིས་རྟག་ཏུ་བརྩོན་པར་བྱའོ་།རིགས་ཀྱི་བུ་དེ་དག་ཀྱང་བསྲུང་བ་དང། བསྐྱབ་པའི་ དང༑ སྦ་པའི་ཕྱིར་བརྩོན་པར་བྱའོ། །དེ་སྐད་ཅེས་སྨྲས་པ་དང། རྡོ་རྗེ་འཛིན་པ་དེ་དག་གིས་མགྲིན་གཅིག་ཏུ་སྨྲས་པ། བདག་གིས་ཅི་ནས་ཀྱང་སྟོན་པའི་བསྟན་པ་ཡུན་རིང་དུ་གནས་པར་ འགྱུར་བ་དང། འཇིག་པར་མི་འགྱུར་བ་བྱ་བ་འདི་ནི། ངེས་པར་བྱ་དགོས་སོ། །ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་མ་འོངས་པའི་འགྲོ་བ་ལ་གཟིགས་ནས་ ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཐུགས་རྗེ་ཆེན་པོ་ཐོག་མར་བྱས་ནས་གསང་སྔགས་ཀྱི་ཚིག་འདི་དག་གསུངས་སོ། །ན་མ་སྟྲཻ་ཡ་དཧི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ ནཱཾ༑ སརྦ་ཏ་ཐཱ་ག་ཏ་ས་མ་ཏཱ་ག་ཏི་ག་ཏེ། ཨེ་ཀ་དྷརྨཱ་སམྦྷ་སརྦ་ས་ར་ཎི་བི་ཙི་ཏྲ་རཱུ་པ་དྷ་ར་ཎི། སརྦྦ་ས་ཏ་ཏྲ་ཨ་བཧི་པྲ་ཡ་བ་རི་པཱུ་ར་ཎི། སརྦྦ་བོ་དཧི་ས་ཏ་ཏྲ་ག་ཏཱ་མ་ན་སེ། ཏྲ་ཧི་མཾ་སརྦྦ་དྷརྨ་ ས་མ༑ མ་ཧཱ་མ་ཧཱི་བཻ་རོ་ཙ་ན་གརྦྷ་སཾ་བུདྡྷཱ། སརྦྦ་ཏ་ཐཱ་ག་ཏ། ཨ་དྷིཥྛི་ཏེ་ཏྲ་ཧི་ཏེ་བྷ་ག་ཝ་ཏི་ཧཱུཾ། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་གནང་བ་བཅོམ་ [340A]༄༅། །ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱི་རླབས་ཀྱིས་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ཏེ་འདི་ཉིད་ཀྱི་རྒྱུད་ཕྱི་མ་སྨྲས་པ། དང་པོ་སློབ་དཔོན་གཙང་སྦྲ་བྱས་ཏེ་ཆོས་ཀྱི་ དབྱིངས་སུ་གྱུར་པའི་ཡིད་ཀྱིས་བདག་རྣམ་པར་སྣང་མཛད་དུ་ཕྱག་རྒྱ་དང་གསང་སྔགས་ཀྱིས་བསྒྱུར་ཏེ་དཀྱིལ་འཁོར་བྲིའོ། །སྔགས་པ་གསང་སྔགས་ཆོ་ག་ལ། །རྟག་པར་ཆོ་ག་སྔ་མ་ ཡིས༑ ༑ཕྱེ་མ་དཀར་པོ་བླངས་ནས་སུ། །སྙིང་རྗེར་གྱུར་པའི་ཡིད་ཀྱིས་ནི། །རྟག་ཏུ་མི་གཡོ་དྲན་བྱས་ཏེ། །དང་པོར་ཚོན་རྩི་དགྱེ་བར་བྱ། །དེ་ནས་ཚོན་རྩི་གཉིས་པ་ནི། །དམར་པོར་བླངས་ནས་ དགྱེ་བར་བྱ། །ཚོན་རྩི་གསུམ་པ་སེར་པོ་ཡང། །ཤིན་ཏུ་ངེས་པར་དགྱེ་བར་བྱ། །དེ་ནས་མརྒད་འདྲ་བར་དགྱེ། །དེ་ནས་ཨནྡ་རྙིལ་འདྲ་དགྱེ། །གང་གིས་ཁ་དོག་ཅི་འདྲར་གསུངས། །དེ་ཡི་དཀྱིལ་འཁོར་ དེ་ཉིད་དོ། །ལྷ་ཡི་ཁ་དོག་དེ་བཞིན་ཏེ། །ཞི་དང་རྒྱས་དང་དྲག་སྤྱོད་པ། །དེ་ཡི་གསང་སྔགས་དེ་ཉིད་འདོད། །དེ་ནི་གསང་བ་བསྟན་པ་ཡིན། །དེ་བཞིན་གཤེགས་པའི་གསང་བ་གང། །དེ་ དག་དབང་ཆེན་ཡིན་པར་བསྔགས། །ཕྱག་ན་པདྨའི་ཆུ་ཡི་ཡིན་།རྡོ་རྗེ་ཅན་གྱི་རླུང་གི་ཡིན། །ཕོ་ཉ་ལ་སོགས་བྲན་རྣམས་དང་།ཁྲོ་བོའི་མིང་དུ་གང་གཏོགས་པ། །ཀུན་ཏུ་ཐོགས་མེད་གང་ གཏོགས་པ། །ཀུན་ཏུ་ཐོགས་མེད་སྤྱོད་པ་རྣམས། །ཀུན་གྱི་དཀྱིལ་འཁོར་མེ་དང་རླུང། །ཡང་ན་འདི་དག་ཐམས་ཅད་ཀྱང། །ནུས་པའི་མཐུ་ནི་ཀུན་དང་ལྡན། །སྟོང་པ་ཉིད་ཀྱི་བདུད་རྩི་ངོམས།། [340B] །བྱམས་པའི་གོ་ཆ་ལེགས་པར་བགོས། །དགའ་བ་དྲི་མ་མེད་རྩལ་བྲལ། །སྲིད་པའི་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་འདེན་པར་རབ་ཏུ་བརྩོན། །འཁོར་བ་ ན་ཡང་མི་གནས་ཤིང། །མྱ་ངན་འདས་པའང་གནས་མ་ཡིན། །ཡང་དག་མཐའ་ལ་ངེས་བྱས་ཤིང། །སེམས་ཅན་རྣམས་ཀྱི་དོན་བྱེད་པའོ་།དེ་ནས་གསང་བ་བའི་བདག་པོ་ཕྱག་ན་རྡོ་རྗེས་ ཐམས་ཅད་དང་ལྡན་པའི་འཁོར་ལ་བལྟས་ནས་ཚིག་སྨྲས་པ། ཐམས་ཅད་མཁྱེན་པ་སྡིག་བྲལ་བ། །སྟོན་པ་བཅོམ་པར་ལྡན་པ་འདིས་།བགེགས་རྣམས་འབྱུང་བར་འགྱུར་བའི་གནས་ གཏན་ལ་བབ་པར་བཤད་གྱུར་པ། །གྲོགས་པོ་ཀུན་གྱིས་མཉན་པར་གྱིས་།བགེགས་ནི་རྣམ་པ་དུ་མ་སྟེ། །ལྷ་དང་ལྷ་མིན་གནོད་སྦྱིན་མི། །དེ་ལ་བགེགས་ནི་རྣམ་གཉིས་ཏེ། །ཕྱི་དང་ནང་ གི་སྤྱོད་ཡུལ་ལོ། །གློ་ལུད་དབུགས་བརྣང་རིམས་དང་སྐྱུག་སྐྱ་རྦབ་ནད་དང་ཡི་ག་འཆུས། །དེ་ལ་སོགས་པའི་རིམས་ནད་ནི། །གྲང་རླུང་ཚ་བ་ལ་སོགས་ལས། །མི་བཟད་ངོ་བོ་ཅན་འབྱུང་ བ༑ ༑ནང་གི་ཡིན་པར་ཤེས་པར་བྱ། །ཕྱི་རོལ་གྱི་ནི་བགེགས་ཆེན་རྣམས། །མི་དང་དེ་བཞིན་མི་མིན་ཏེ། །ཡེ་ཤེས་ཚེར་མ་དེ་དག་ནི་།སྤྱོད་པ་རྣམ་པ་སྣ་ཚོགས་ཀྱིས། །འཇིག་རྟེན་གཞིག་ པའི་ཕྱིར་འབྱུང་སྟེ། །དཀའ་ཐུབ་གནས་ན་རྨོངས་པར་བྱེད། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །དེ་རྣམས་སླར་ནི་བཟློག་པར་བྱ། །ཚ་བར་གྱུར་ནས་འོང་བའི་བགེགས། །བསིལ་བས་ཉེ་བར་ [341A]༄༅། །ཞི་བར་བྱ། །ཤེས་རབ་ཅན་གྱིས་གཉེན་པོ་ཡིས། །དེ་དག་སོ་སོར་གསོ་བར་བྱ། །ཡང་ན་བགེགས་རྣམས་ཐམས་ཅད་ལ། །སྔགས་པས་ངེས་པར་མཚམས་བཅད་ ལ༑ ༑བགེགས་རྣམས་ཀུན་ལ་ཡེ་ཤེས་ནི། །ཞི་བར་བྱེད་པའི་མཆོག་ཏུ་བཤད། །འཕགས་པ་རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པར་སྤྲུལ་པ་བྱིན་གྱིས་རློབ་ པ་ཐེག་པ་ཆེན་པོ་མདོ་སྡེའི་རྒྱལ་པོ་གསང་བ་མཆོག་གི་རིམ་པར་ཕྱེ་བ་ལས། དེ་བཞིན་གཤེགས་པ་འབྱུང་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བྱིན་གྱིས་རློབ་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་པོ་དཧི་དང། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་